Wb/bo/བེ་རི་འཇིགས་མེད། ཞི་རྒྱ་ཆེན་མོ།

From Wikimedia Incubator
< Wb‎ | boWb > bo > བེ་རི་འཇིགས་མེད། ཞི་རྒྱ་ཆེན་མོ།

ཞི་རྒོལ་ཆེན་མོ། ---རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས།







2008--2009 མདོ་ཁམས་ཏྲེ་བོ་སྤྱི་མགྲིན་ནས་པར་སྐྲུན་དང་འགྲེམས་སྤེལ་བྱས། དཀར་ཆགས། དཔེ་སྐྲུན་གསལ་བཤད།

སྔོན་དུ་གླེང་བའི་གཏམ། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱི་ཞི་བའི་འོས་ལངས། (༡) ཞི་རྒོལ་བྱ་ཡུལ་བོད་ནང་གི་ས་གནས་ངོ་སྤྲོད། (༢) བོད་ས་ཡོངས་རྫོགས་ནས་ཞི་རྒོལ་ཇི་ལྟར་བྱས་ཚུལ་རགས་བསྡུས། བྱེ་བྲག་ཏྲེ་ཧོར་ཁུལ་དུ་ཞི་བའི་འོས་ལངས་བྱུང་རིམ། (༡) ཏྲེ་བོ་ཁུལ་གྱི་སྣོད་བཅུད་ཆགས་ཚུལ་རག་བཤད། (༢) ཏྲེ་བོའི་ཁུལ་དུ་ཞི་བའི་འོས་ལངས་ཀྱི་སྤྱི་བསྡོམས། (༣) ཏྲེ་བོ་ཁུལ་དུ་ས་ཞིང་མ་རྨོས་པར་རྒྱ་གཞུང་ལ་ཞི་རྒོལ་ཇི་ལྟར་བྱས་པ། (༤) ཏྲེ་བོ་ཁུལ་དུ་ལོ་གསར་མི་གཏོང་པའི་ངོ་རྒོལ་ལས་འགུལ། (༥) ཏྲེ་བོ་ཁུལ་དུ་བཅའ་སྡོད་བྱས་པའི་དྲག་སྤྱོད་དམག་སྒར་ཁག། ཏྲེ་བོ་ཁུལ་གྱི་ས་བྱི་ཞི་བའི་འོས་ལངས་བྱུང་རིམ་ཞིབ་བཤད། ༢༠༠༨.༣.༡༠--༢༠༠༨.༡༢.༣༡ སྤྱི་ཟླ་གསུམ་པའི་ཞི་རྒོལ། སྤྱི་ཟླ་བཞི་པའི་ཞི་རྒོལ། སྤྱི་ཟླ་ལྔ་པའི་ཞི་རྒོལ། སྤྱི་ཟླ་དྲུག་པའི་ཞི་རྒོལ། སྤྱི་ཟླ་བདུན་པའི་ཞི་རྒོལ། སྤྱི་ཟླ་བརྒྱད་པའི་ཞི་རྒོལ། སྤྱི་ཟླ་བཅུ་པའི་ཞི་རྒོལ། སྤྱི་ཟླ་བཅུ་གཅིག་པའི་ཞི་རྒོལ། སྤྱི་ཟླ་བཅུ་གཉིས་པའི་ཞི་རྒོལ། ཏྲེ་བོ་ཁུལ་གྱི་ས་གླང་ཞི་བའི་འོས་ལངས་བྱུང་རིམ་ཞིབ་བཤད། ༢༠༠༩.༡.༡—༦.༡༥ སྤྱི་ཟླ་དང་པོའི་ཞི་རྒོལ། སྤྱི་ཟླ་གཉིས་པའི་ཞི་རྒོལ། སྤྱི་ཟླ་གསུམ་པའི་ཞི་རྒོལ། སྤྱི་ཟླ་བཞི་པའི་ཞི་རྒོལ། སྤྱི་ཟླ་དྲུག་པའི་ཞི་རྒོལ། ཏྲེ་ཡི་གནད་ཡོད་མི་སྣ་འབུར་འཇོམས་གྱི་ངན་ཇུས། (༡) མཁས་དབང་དགེ་བཤེས་བསོད་ནམས་ཕུན་ཚོགས་སྐུ་ཚེ་འཕེན་པ་ཇི་ལྟར་རྫོགས་པའི་རྒྱུད་རིམ། (༢) སྤང་རི་སྣ་རིན་པོ་ཆེ་འཛིན་བཟུང་ཉེས་འཛུགས་ཀྱི་དོན་སྐྱོན། རྒྱལ་ཁབ་ཕྱི་ནང་གི་དྲ་རྒྱ་དང་གསར་ཤོག་ཁག་ནས་ཐོན་པའི་ཏྲེ་བོའི་དོན་སྐྱོན་དང་འབྲེལ་བའི་དོན་གནད་ཁག་གཅིག

(1)ཀྲུང་གོའི་བོད་ཀྱི་ཆ་འཕྲིན། 2009་ལོའི་ 4་ 10་ ཉིན། རེས་གཟའ་པ་སངས་ཉིན་སྤེལ་བ། (2)ཀྲུང་གོའི་བོད་ཀྱི་ཆ་འཕྲིན། 2009་ལོའི་ 4་ 10་ ཉིན། རེས་གཟའ་པ་སངས་ཉིན་སྤེལ་བ། (3)ཀྲུང་གོའི་བོད་ཀྱི་ཆ་འཕྲིན། 2009་ལོའི་ 4་ 10་ ཉིན། རེས་གཟའ་པ་སངས་ཉིན་སྤེལ་བ། (4)bbs tibet cn 2009 .4 .16ཉིན་སྤེལ་བ། (5)འཇུ་བཟུང་བཀའ་རྒྱ། དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས། 2008་འཇུ་བཟུང་བཀའ་རྒྱ་ཨང་01སྤེལ་བ། (བོད་ཡིག) (6) འཇུ་བཟུང་བཀའ་རྒྱ། དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས། 2008་འཇུ་བཟུང་བཀའ་རྒྱ་ཨང་01སྤེལ་བ། (རྒྱ་ཡིག) (7) རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥ཚེས༢༡ཉིན་སྤེལ། ཞི་རྒོལ་ནང་ཞུགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཁྲོད་ནས་ལག་སོན་བྱུང་བ་ཁག་གཅིག་གི་ཐོ་གཞུང་རེའུ་མིག (༡)ཞི་རྒོལ་ལ་བརྟེན་ནས་ཚེ་སྲོག་ཤོར་བ་ཁག་གཅིག་གི་ཐོ་གཞུང༌། (༢)ཞི་རྒོལ་ནང་ཞུགས་པས་ལོ་དུས་རྒྱས་བཅད་ཀྱིས་ཁྲིམས་ཐག་གཅོད་ཟིན་པ་ཁག་གཅིག་གི་ཐོ་གཞུང་རེའུ་མིག (༣)ག་སོང་ཆ་མེད་དང་རྨས་སྐྱོན་ཕོག་པ། བཙོན་འོག་ཏུ་གནས་མུས་ཡིན་པ་བཅས་ཀྱི་ཞི་རྒོལ་བ་ཁག་གཅིག་གི་མཚན་གཞུང༌། བོད་ཆོལ་གསུམ་སྤྱི་དང་བྱེ་བྲག་ཁག་གཅིག་གི་ས་ཁྲ། (༡) བོད་ཆོལ་ཁ་གསུམ་གྱི་ས་ཁྲ། (༢) དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁྲ། (༣) དཀར་མཛེས་རྫོང་ཁག་ལྔའི་ས་ཁྲ། (༤) དཀར་མཛེས་རྫོང༌། (༥) བྲག་མགོ་རྫོང༌། (༦) རྟའུ་རྫོང༌། (༧) ཉག་རོང་རྫོང༌། (༨) སྡེ་དགེ་རྫོང༌། ལག་སོན་བྱུང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་གཅིག་གི་འདྲ་པར། ལག་སོན་བྱུང་བའི་དམག་སྒར་དང་མནར་གཅོད་ཇི་ལྟར་གཏོང་པའི་དཔང་རྟགས་ཀྱི་པར་རིས་ཁག་གཅིག།


ཞི་རྒོལ་ཆེན་མོ།


རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས།


དཔེ་སྐྲུན་གསལ་བཤད།

ཞུམ་པ་མེད་པའི་སྙིང་སྟོབས་རྒྱ་མཚོའི་ཀློང༌༎ རྒྱུན་ཆད་མེད་པའི་རྦ་རླབས་དྲག་ཏུ་འཕྱུར༎ བཟོད་ཐབས་མེད་པའི་དྲག་གནོན་མེ་ལྕེ་གསེབ།། ཕྱིར་ཀྱེད་མེད་པའི་ཞི་བའི་གོམ་སྒྲ་སྙན༎ བོད་ས་སྟོད་སྨད་ཡོངས་རྫོགས་ནས་མེ་རི་འགད་པ་དང༌། རྒྱ་མཚོ་འཕྱུར་བ་ལྟ་བུའི་ཞི་བའི་འོས་ལངས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་ཞིང༌། བདེན་པའི་རུ་ཚོན་གྱི་བ་དན་གནམ་ལ་སྒྲེངས། རང་དབང་གི་འབོད་སྒྲ་དང༌ཞི་བའི་གོམ་སྟབས་ཀྱིས་ས་ཆེན་ཡོལ་ཡོལ་གཡོ་བའི་ས་བྱི་ཞི་རྒོལ་ཆེན་མོ་ནས་ས་གླང་ཞི་རྒོལ་ཆེན་ཆེན་མོའི་བར་ གྱི་ལོ་རྒྱུས་རྒྱ་ཆེ་ཞིང་རྒྱུན་རིང་བའི་གསེབ་ནས། རལ་པའི་སྤུ་ཉག་དང༌། རྒྱ་མཚོའི་ཆུ་ཐིགས་ལྟ་བུ་ཞིག་ཟུར་འདོན་བྱས་པ། མདོ་ཁམས་ཏྲེ་ཧོར་ཁུལ་གྱིས་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་ནས་ ༢༠༠༩ ཕྱི་ཟླ་ ༦ པའི་ས་གླང་ཞི་རྒོལ་ཆེན་མོའི་བར་གྱི་དངོས་བྱུང་ལོ་རྒྱུས་ཀྱི་ཚུལ་ལས་བརྩམས་ཏེ། <<ཞི་རྒོལ་ཆེན་མོ-རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས། ༢༠༠༨.༣.༡༠-༢༠༠༩.༦.༡༥>>ཞེས་པའི་དེབ་ཐེར་འདི་བཞིན་རྩོམ་སྒྲིག་དང་དཔེ་སྐྲུན་གྱིས་ད་ཆར་འཛམ་གླིང་གང་སར་ཡོད་པའི་བོད་རིགས་རྒྱ་ཆེན་མི་དམངས་དང་། དྲང་བདེན་ལ་དགའ་ཞིང་བོད་དོན་ལ་ཐུགས་ཁུར་ཟབ་པའི་མི་རིགས་ཚོའི་མིག་སྔར་ཁྲ་ལྷམ་མེར་བཤམས་ཐུབ་པ་བྱུང་བར་རྒྱ་ཆེར་ཀློག་པ་པོ་རྣམ་པས་དུངས་སེམས་ཆེན་པོའི་སྒོ་ནས་ཅིས་ཀྱང་ཞིབ་གཟིགས་གནང་རོགས་ཞུ་རྒྱུ་ཡིན། དེབ་ཐེར་འདི་བཞིན་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པའི་རྒྱུ་མཚན་གཙོ་བོ་ནི། དང་པོ། རྒྱ་དམར་གཡོ་ཅན་པའི་སྲིད་བྱུས་སྡུག་ཤོས་ནི། འཛམ་གླིང་རྒྱལ་ཁབ་ཁག་གི་མདུན་ན་དངོས་སུ་བོད་མི་རིགས་ལ་གོ་ས་སྤྲོད་པ་དང་རྒྱུ་བསླུ་ཁ་འཇམ་བྱེད་ཅིང༌། ལྐོག་དུ་དབང་བཤད་དང་དྲག་གནོན་གདུག་རྩུབ་ཀྱི་བྱ་བ་ལག་བསྟར་བྱས་དང་བྱེད་བཞིན་པ་འདི་ཉིད་རྒྱལ་ཁབ་ཕྱི་ནང་གི་མི་དམངས་ཚོས་མཁྱེན་རྟོག་སཀྱི་ཆེད་དུ་ཡིན། གཉིས་པ། འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་ཚགས་ཤོག་འདྲ་མིན་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག ལོ་རྒྱུས་ཆེད་ལས་ཁག་དང༌། ཆབ་སྲིད་མཁས་པ་ཁག་ལ་རྒྱ་དམར་གྱིས་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱས་དང་བྱེད་པ་དེ་རྣམས་དངོས་ཡོད་འདི་དག་དང་མི་མཐུན་པའི་དཔང་རྟགས་ངོས་གཙང་ལྡན་པའི་དཔྱད་གཞིའི་ཡིག་ཆ་ཞིག་གི་ཆེད་དུ། སྔར་ལོ་བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་བཏོན་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་དེབ་ཆེན་དང༌། མདོ་སྨད་རྒྱ་རྒོལ་མནའ་འབྲེལ་བདེན་རྒྱབ་ཚོགས་ཆུང་ནས་བཏོན་པའི་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པའི་དེབ་ཆེན་དང༌། བོད་ཀྱི་རྩོམ་པ་པོ་གྲགས་ཅན་མ་འོད་ཟེར་ལགས་ཀྱིས་བཏོན་པའི་གངས་སེང་གི་ངར་སྒྲ་ཞེས་པའི་དངོས་བྱུང་དེབ་ཐེར་དེ་དག་གི་ཁ་སྐོང་གི་ཚུལ་དུ་སྤེལ་བ་ཡིན། གསུམ་པ། སྤྱིར་ཡུལ་ལུང་འདིའི་སྐྱེ་བོ་རྣམས་ཁ་ཞེན་གཉིས་མེད་ཅན་གྱི་དྲང་པོ་ལ་དགའ་ཞེན་ཆེ་ཞིང༌། ཁ་ཞེན་མི་མཐུན་པའི་ངོ་ལྐོག་ཅན་གཞུང་དམངས་སུ་འདྲ་ཞིག་ཡིན་ཀྱང༌། དེ་ལ་ལུས་ངག་ཡིད་གསུམ་གས་གདོང་ལེན་གང་ཐུབ་བྱེད་པའིསྲོལ་རྒྱུན་ཞིག་ཡོད་པས་ན། ཕྱི་ལོ་ ༢༠༠༩ ལོ་འདིར་རྒྱ་དམར་གཞུང་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བྱེད་ནས་མི་ལོ་ ༥༠ འཁོར་བའི་དུས་ཚེས་ལ་རྩིས་ཏེ། བོད་མི་རིགས་ཀྱི་ས་གནས་གང་སར་དབང་ཤེད་ཀྱིས་གཟའ་འཕྱོར་རྒྱན་སྤྲོས་སྣ་མང་གིས། འཛམ་གླིང་ཡོངས་ལ་བོད་ཡུལ་ནི་དགའ་སྤྲོས་ཁེངས་བཞིན་ཡོད་པའི་ཁྱབ་བསྒྲགས་སྤེལ་བ་དེ་རྫུན་ཕུགས་ཡོངས་སུ་བརྟོལ་བ་ནི་དཔེར་ན། ༢༠༠༩ ལོ་བོད་ས་སྟོད་སྨད་ཡོངས་རྫོགས་ནས་དྲག་སྤྱོད་དམག་མི་དང་མེ་མདའི་མཚོན་ཁ་ནས་ཞི་བའི་གདུང་འབོད་དང༌། བདེན་པའི་ཞི་རྒོལ་གྱིས་འཛམ་གླིང་གང་སར་ཡོལ་ཡོལ་གཡོ་བའི་དོན་རྐྱེན་གཡོལ་ཐབས་མེད་པ་དེ་བྱུང་ལ། སྐབས་དེར་ཏྲེ་ཧོར་ཡུལ་ལུང་གཅིག་པོར་མཚོན་ནའང་ལོ་གསར་མི་གཏོང་བ་དང༌། ས་ཞིང་མི་འདེབས་པ། དམར་གཞུང་གི་ལས་བྱེད་པ་རྣམས་ལ་རྣམ་འགྱུར་མ་རང་སྟོན་པ་དང༌། ྋགོང་ས་མཆོག་དང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཞབས་རིམ་དཔག་མེད་ངོ་ལྐོག་གཉིས་ཀ་ནས་སྒྲུབ་པ་ཡིན་ལ། རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས་འཕྱུར་མཚམས་མ་ཆད་པར་ད་ལྟ་དང་ད་དུང་ཡང་མུ་མཐུད་བཞིན་པ་འདི་དག་ནི། ཆབ་སྲིད་ཆེད་ལས་ཀྱི་རིགས་གཅིག་མཁས་པ་རྣམས་ཀྱི་ཁ་ནས་བཤད་པ་ལས་ལྷག་པའི་ལག་བསྟར་བྱེད་པ་ཞིག་ཀྱང་ཡིན་པས། དམར་གཞུང་གཡོ་ཅན་པ་འདི་ཉིད་འཛམ་གླིང་མི་དམངས་ཡོངས་ཀྱི་མདུན་སར་ངོ་ཚ་ཁ་སྐྱེངས་ཀྱི་གནས་ལ་བཀོད་པ་དང་ཆབས་གཅིག གཞིས་ལུས་བོད་མི་ལ་དགོས་པའི་མངོན་འདོད་ངོ་མ་དེ་རྒྱལ་སྤྱིའི་ཐོག་ར་འཕྲོད་བྱེད་པའི་ཆེད་ཀྱང་ཡིན། བཞི་པ། ཏྲེ་ཧོར་ཡུལ་འདི་ནི་བོད་རྒྱ་ས་མཚམས་དང་ཉེ་བས། བོད་ཀྱི་རྒྱལ་རབས་གོང་མ་དག་ནས་ད་ཆའི་ྋགོང་ས་རྒྱལ་མཆོག་བཅུ་བཞི་པའི་བར་དུ་ཕར་ཤོར་ཚུར་ཐོབ་ཀྱི་རླུང་དམར་ལྟ་བུའི་ཁྲོད་དུ་གནས་ཤིང༌། ལོ་རྒྱུས་ཀྱི་རྒྱུད་རིམ་དེ་དག་གི་ནང་ལུས་སྲོག་ཚུན་ཆད་རང་གི་རྒྱལ་ཁབ་དང་མི་རིགས་ལ་ལེགས་སྐྱེས་སུ་ཕུལ་ནས་བོད་རྒྱའི་ས་མཚམས་ཀྱི་གཡུར་སར་ཟུངས་ཁྲག་གི་རྗེས་ཤུལ་འཐེན་པ་ཉུང་ཉུང་མིན། ལྷག་པར་རྒྱལ་བའི་བཀའ་དང་འགལ་རིགས་དང་མི་རིགས་ཀྱི་ལ་རྒྱ་དོར་བ་ལས་རང་སྲོག་དང་ཁྱིམ་གཞི་སྟོང་ཡང་བག་ཚ་བ་མེད་པའི་གཤིས་ཀ་རང་ཆོས་སུ་གྲུབ་པས། ཡུལ་ལུང་འདིའི་སྐྱེ་བོ་རྣམས་ནི་བོད་མི་རིགས་ཀྱི་ས་མཚམས་སྲུང་བའི་དམག་དཔུང་ཆེན་པོ་ཞིག་ཀྱང་ཡིན་པ་དེབ་ཐེར་རྣམས་སུ་འཁོད་པ་ལྟར་ལགས་ཤིང༌། དུས་རབས་ཀྱི་འགྱུར་འགྲོས་དང་ལོ་རྒྱུས་ཀྱི་འཕོ་འགྱུར་ཇི་ལྟར་སོང་ཡང༌། ཏྲེ་ཧོར་ཁུལ་གྱི་བུ་རབས་ཚ་རྒྱུད་ཚོ་ཕ་དང་མེས་པོའི་ཁྲག་རྒྱུན་ནམ་ཡང་འགྱུར་ཐབས་མེད་པ་ནི་ཆོས་ཉིད་ཀྱི་རང་ཆས་སུ་གྲུབ་པའི་བདེན་དཔང་གི་ཆེད་དུའང་ཡིན། དེབ་འདི་སྒྲིག་པའི་གོ་རིམ་ཐད་ཏྲེ་རིགས་རྣམས་ཀྱིས་ངེས་དགོས་པ་ཞིག་ནི། གཞིས་ཕྱོགས་ཀྱི་ཞི་བའི་འོས་ལངས་ཀྱི་གནས་ཚུལ་བྱུང་བའི་གོ་རིམ་གཞིར་བཞག་བྱས་ནས་ལོ་སྔ་ཕྱི་དང༌། ཚེས་སྔ་ཕྱི་དང་ཆུ་ཚོད་སྔ་ཕྱི། དེ་ནས་ཚེས་སྔ་ཕྱི་མ་ངེས་དང༌། དེ་དག་ཀྱང་གཅིག་པར་བྱུང་ན་སྲོག་ཤོར་མིན། དེ་ནས་ཁྲིམས་བཅད་ཀྱི་ལོ་གྲངས་མང་ཉུང་དང་འཇུ་བཟུང་བྱས་ཡོད་མེད། དེ་ནས་ག་སོང་ཆ་མེད་སོང་བ་བཅས། ཕྱིས་གོ་རིམ་ལ་རྙོག་གླེང་མི་འབྱུང་བའི་ཆེད་དུ་ལུང་ཚན་ཁག་གི་མི་སྣ་མཉམ་དུ་ཚོགས་ཏེ། གྲོས་འཆམ་གང་ཞིག་བྱུང་བ་ལྟར་ལག་བསྟར་གྱིས་བརྩམས་སྒྲིགས་བྱས་ཡོད། གཞིས་བཞུགས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞི་བའི་འོས་ལངས་ཀྱི་ལས་འགུལ་གང་ཞིག་སྤེལ་བའི་ལོ་རྒྱུས་དངོས་ཡོད་རྣམས་ཁུངས་སོ་སོའི་དགོན་སྡེ་དང་འབྲེལ་ཡོད་མི་སྣ་རྣམ་པའི་རྒྱུད་ནས། སྔ་ལོ་ནས་བཟུང་དེབ་འདི་མ་གྲུབ་ཀྱི་བར་དུ་དྲྭ་རྒྱ་དང་ཚགས་ཤོག ཡིག་ངག་དང་ཞལ་པར། རླུང་འཕྲིན་ཁག་བཅས། མདོར་ན་བརྒྱུད་ལམ་སྣ་ཚོགས་ནས་འབོད་བསྐུལ་ལན་མང་བྱས་པའི་གྲུབ་འབྲས་ཡིན། ད་དུང་དེབ་འདིའི་ནང་བཀོད་མ་ཐུབ་པའི་རྒྱལ་བཅེས་དཔའ་བོ་དཔའ་མོ་ཇི་སྙེད་ཅིག་ཡོད་པ་དེ་དག་གི་མཛད་རྗེས་དང་དཀའ་སྡུག་ཇི་ཞིག་མྱོང་བའི་ལོ་རྒྱུས་ཁག་གཅིག་ནན་གྱིས་བཙལ་ཀྱང་། བར་ལམ་ནས་རྒྱུད་ལམ་ཁག་ལ་རྒྱ་གཞུང་གིས་བཀག་བསྡོམས་ཤུགས་ཆེར་བྱས་རྐྱེན་རྙེད་ཐབས་མ་བྱུང་བས་ལུས་པ་ཡིན་ཡང༌། སླད་ནས་རྙེད་སོན་བྱུང་ན་དེབ་ཕྲེང་རིམ་པར་སྤེལ་ཆོག་པ་ཞུ་རྒྱུ་ཡིན་པས། རང་ཕྱོགས་ཀྱི་དེབ་གཟིགས་པ་པོ་རྣམས་ཀྱིས་དགོངས་དབྱིངས་སུ་ཆུད་པ་ཞུ་རྒྱུ་དང༌། ཉེ་རབས་དངོས་བྱུང་གི་ལོ་རྒྱུས་འདི་བཞིན་སྙན་ངག་དང་མངོན་བརྗོད་ཀྱིས་སྤྲས་པའི་མཛེས་ཚོན་ཙམ་མིན་པར། དོན་དངོས་ཀྱི་ལོ་རྒྱུས་གསལ་པོ་གསལ་རྐྱང་རྒྱ་ཆེ་མང་ཚོགས་ཀྱིས་ཤེས་རྟོགས་ཡོང་ཐབས་གཙོ་བོར་དམིགས་ཡོད། དེབ་འདི་རང་རིགས་ལ་ཞེན་པ་དཀར་བའི་ཡུལ་ལུང་ཁག་གི་མི་སྣས་རང་བབས་ཀྱི་ལས་འགན་ཕྱ་བ་གྲུ་འདེགས་ཀྱི་འབྲས་བུ་ཡིན་པ་ལས། མི་སྣ་རེ་གཉིས་ཀྱིས་འབོད་བསྐུལ་དང༌། མི་སྣ་རེ་གཉིས་ཀྱིས་རང་བཟོ་དང་གྲུབ་འབྲས་ཞིག་མ་ཡིན་པ་ཤེས་དགོས། ཡང་དེབ་འདིའི་ནང་གི་ས་མིང་ཆུ་མིང་དང༌། ཡུལ་མིང་སྡེ་མིང༌། དེ་བཞིན་རིགས་རུས་ཆོ་འབྲངས་ཀྱི་མིང་ཚིག་མི་ཉུང་བ་ཞིག་བོད་ནས་གློ་བུར་ཐོལ་བྱུང་གི་ཛ་དྲག་གསར་འགྱུར་རིགས་བྱུང་མ་ཐག་ཏུ་འབྲེལ་མཐུད་མི་སྣ་ཁག་དང་གསར་འགོད་པ། རླུང་འཕྲིན་བཤད་མཁན་སོགས་ཀྱིས་ཐུགས་རྒྱུས་ཡོད་མེད་ཀྱི་རྐྱེན་པས། ཡིག་ནོར་བརྡ་ནོར་ཤོར་བའང་རེ་གཉིས་བྱུང་འདུག་པ་རྣམས་མོན་པའི་རྡོ་གཅོད་པར་མ་བཞིན་རྒྱ་ཁྱབ་ཏུ་ཕྱིན་ཟིན་སྟབས་དེ་རིགས་རེ་ཞིག་དེབ་དངོས་གཞི་ནང་དེ་སྔོན་གསར་འགྱུར་སྤེལ་སྐབས་བཞིན་རང་འཇགས་བཞག་ཐོག སླད་ནས་དེབ་ཐེར་གཞན་དང་གཞན་དུ་བརྡ་ནོར་མི་འཆོར་བའི་ཆེད། བཅོས་དགོས་པ་དཔེར་ན། གོ་ལུ་ལ་གོང་ལམ་དང༌། རོལ་ཚལ་ལ་རོང་ཚ། སུ་ངོ་ལ་སྲིབ་ངོ། ཐིང་ཁ་ལ་མཐིང་མཁར། དགེ་མ་བྲག་ཡུལ་ལ་དགེ་མ་བྲག་འོག སྤང་རི་སྣ་ལ་བུ་རམ་སྣ། ལྟ་བུ་མང་པོ་ཞིག་ཡོད་པ་དེ་རིགས་དོན་དངོས་ཐོག་ཐ་སྙད་སྔ་མ་རྣམས་འཐད་ལྡན་ཡིན་པས་གཞན་དུ་དེ་བཞིན་བེད་སྤྱད་གཏོང་གནང་མཛད་དགོས། དེབ་ཀྱི་འགྲོ་གྲོན་ཐད་སྦྱིན་བདག་ཆེ་ཆུང་མི་འདྲ་བ་གྲངས་ལས་འདས་ཤིང༌། ཆེ་ཁག་རྣམས་ལ་དགོངས་ཞུས་ཀྱིས་ཐམས་ཅད་ཀྱི་མཚན་འཁོད་མི་དགོས་པ་བྱས་ཡོད། བོད་ཀྱི་རྒྱལ་བསྟན་ཆབ་སྲིད་དང་ཡུལ་ལུང་གི་ལ་རྒྱ་ལ་ཕན་འདོགས་པའི་དཔལ་འབྱོར་དང་བྱ་བྱེད་རང་འཁྲི་དང་ལེན་གནང་མཁན་རྣམས་ལ་སྐྱབས་འཇུག་དང་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། མཐའ་དོན། གཞིས་བོད་རིགས་ཡོངས་རྫོགས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་གཞེད་དགོངས་ལྷུན་གྱིས་གྲུབ་པ་དང་། ལུས་ཅན་སྤྱི་དང་ཡང་དགོས་གངས་ཅན་པའི་བསྟན་སྲིད་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་བློས་བཏང་གནང་བའི་བོད་རིགས་དཔའ་བོ་དཔའ་མོ་ཚོ་ཚེ་རབས་ཕྲེང་བ་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེའི་སྐྱབས་ཀྱི་གུར་ཁང་ནས་ནམ་ཡང་འདོར་མེད་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཞིང་བྱེས་གཞིས་བོད་རིགས་ཡོངས་རྫོགས་མཉམ་དུ་པའི་རང་དབང་བཀྲ་ཤིས་དགའ་སྟོན་གྱི་ཉི་མ་མྱུར་བ་ཉིད་དུ་འཆར་བའི་སྨོན་འདུན་བཅས།


མདོ་ཁམས་ཏྲེ་ཧོར་བྱེས་འབྱོར་སྤྱི་ཚོགས་ནས་ཕྱི་ལོ་ ༢༠༠༩ ཟླ་༨ ཚེས་ ༨ བཟང་པོ་ལ།།



སྔོན་དུ་གླེང་བའི་གཏམ།

བརྩེ་ཆེན་ཟླ་བ་དཀར་པོའི་འོད་ཞགས་ཀྱིས༎ ས་ཆེན་མུན་པའི་གཡུལ་ངོ་གཏོར་དང་ལྷན༎ ཞི་བདེ་དཔལ་གྱི་རྫོགས་ལྡན་གསར་པའི་མགྲོན༎ སྔུན་དུ་བསུ་བའི་མགོན་དེས་འགྲོ་འདི་སྐྱོངས༎ ཤར་ནུབ་གླིང་འདིའི་མི་ཡི་འཇིག་རྟེན་གྱི༎ གོ་ལ་ཟླུམ་པོར་འཁྱིལ་བའི་གྲུ་ཟུར་ཞིག། ད་དུང་མུན་པའི་སྨག་ཏུ་འཚང་བའི་གསེབ༎ དྲག་སྤྱོད་མཚོན་ཆར་འབབ་པའི་སྐྱོ་གར་རིང༌༎ སུ་དང་གང་གི་བསམ་པའི་ར་བ་ནང༌༎ བཙན་གྱིས་བརྫངས་ཀྱང་ཤོངས་པར་མི་ནུས་པའི༎ མི་སྤྱོད་ལས་འདས་དམྱལ་བའི་མནར་གཅོད་འདིས༎ བག་ཕེབས་རྨི་ལམ་དཀྲུགས་པ་སུ་ཡིས་འགོག། མདོ་དབུས་སྐོར་གསུམ་གྱིས་བསྡུས་པའི་བོད་མི་རིགས་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཏིང་ཟབ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ། ཆོས་རིག་གོམ་སྲོལ་དང་བཅས་པ་གཅིག་གྱུར་གྱི་རང་བཞིན་ལྡན་པའི་མི་རིགས་ཤིག་ཀྱང་ཡིན། འདས་པའི་ལོ་རབས་སྟོང་ཕྲག་དུ་མའི་སྔ་རོལ་ནས་བོད་རྒྱའི་དབྱེ་བ་ནི་ནམ་ཡང་སུབ་ཐབས་མེད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པར་མ་ཟད། བོད་རྒྱའི་བཙན་པོ་དང་གོང་མ་ཚོས། རྒྱ་རྒྱ་ཡུལ་ན་སྐྱིད་པ་དང༌། བོད་བོད་ཡུལ་ལ་སྐྱིད་པའི་རྩ་ཚིག་རྡོ་རིང་ལ་འཁོད་པའི་བདེན་དཔང་དན་རྟགས་སུས་ཀྱང་བསྙོན་ཐབས་མེད་པ་ཞིག་རེད། ཕྱི་ལོ་ ༡༩༥༩ ལོར་ས་གས་རི་ཉུལ་བ་ལྟ་བུའི་བོད་ཀྱི་འཕོ་འགྱུར་ཆེན་པོ་དེ་བྱུང་བའི་རྗེས་སུའང་ལུས་སྲོག་གྱི་འགྲོ་འགྲོན་གཏོང་ནས་བོད་དོན་བདེན་པ་རྩོད་མཁན་རྒྱལ་ཁབ་ཕྱི་ནང་གང་ས་ནས་ནམ་མཁའ་སྐར་ཚོགས་དང་ཆུ་ཁའི་བྱེ་མ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་དང་ཡོང་བཞིན་པ་ནི། ཉི་ཤར་སྦར་མོས་ཁེབས་ཐབས་མེད་པའི་རང་བཞིན་དུ་ཆགས་པ་རེད།

 དེ་དག་གི་ནང་ནས་འདིར་ཉེ་བའི་ལོ་རབས་འགའ་ཞིག་གི་སྔོན་ནས་རང་འགུལ་གྱིས་བོད་དོན་ཞི་བའི་སྒོ་ནས་རྩོད་ལེན་ཇི་ལྟར་བྱས་པའི་རིམ་པ་ཁག་ཀྱང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་ནང་སྦེད་ཐབས་མེད་པའི་གནས་ཚུལ་ཞིག་ཏུ་གྱུར་ཚར་བ་རེད། ལྷག་དོན་ས་བྱི་ཞི་རྒོལ་ཆེན་མོ་ནི། རྒྱ་ནག་སྲིད་གཞུང་གིས་བོད་རིགས་མི་དམངས་ལ་ཆེས་གདུག་རྩུབ་ཆེ་བའི་དྲག་སྤྱོད་ཀྱི་གདོང་རིས་གསོན་པོ་བསྟན་པའི་གནས་ལུགས་དངོས་གནས་དེ་རྒྱལ་སྤྱིའི་ཐོག་ར་འཕྲོད་གསལ་པོ་བྱུང་བ་རེད། ང་ཚོ་བོད་མི་རིགས་ཀྱིས་ཞི་རྒོལ་མུ་མཐུད་བྱས་དང་བྱེད་བཞིན་པའི་དགོས་དོན་ནི། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕེབས་དགོས་པ་དང༌། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་དགོས་པ། བོད་རྒྱའི་མི་རིགས་དབར་ཐོབ་ཐང་འདྲ་མཉམ་དགོས་པ། སྨྲ་བརྗོད་རང་དབང་དགོས་པ། བོད་ཀྱི་ཆོས་རིག་སྐད་ཡིག་གོམ་སྲོལ་བཅས་པ་ལ་རང་དབང་ཐོབ་ཐང་དགོས་པ་དེ་ཡིན། གཞི་ལུས་མི་དམངས་ལ་དགོས་པའི་མངོན་འདོད་འདི་ཚོ་ཆོལ་ཁ་གཅིག་དང་ལུང་ཚན་གཅིག་ཙམ་མ་ཡིན་པར་བོད་མདོ་དབུས་སྐོར་གསུམ། རྒྱལ་ཁབ་ཕྱི་ནང་གི་བོད་རིགས་མི་དམངས་ཡོངས་རྫོགས་ལ་གཅིག་མཚུངས་ཡིན།  མདོ་དབུས་སྐོར་གསུམ་གྱིས་བསྡུས་པའི་བོད་རིགས་མི་དམངས་ཡོངས་རྫོགས་འདས་པའི་ལོ་རྒྱུས་ཙམ་དུ་མ་ཟད། ད་ལྟའི་གནས་བབ་ཀྱི་ཆ་ནས་བཤད་ནའང༌། རྒྱ་ནག་སྲིད་གཞུང་གིས་ཇི་ཙམ་ཁ་བྲལ་ཡ་བྲལ་དུ་གཏོང་ནའང༌། ཆོས་རིགས་སྐད་ཡིག་གོམས་སྲོལ་བཅས་པ་གཅིག་གྱུར་གྱི་རང་བཞིན་ལྡན་པ་དང༌། དགྲ་བོའི་གཉའ་གནོན་འོག་ཏུ་སྡོད་འདོད་མེད་པ་གཅིག་མཚུངས་ཡིན་པས་ནམ་ཡང་ཁ་བྲལ་ཐབས་མེད། ཆོལ་གསུམ་གོང་བུ་ཆིག་སྒྲིལ་གྱི་ནུས་པའི་ངོ་བོ་ནི། གངས་དཀར་ཏེ་སེ་དང་ཡར་ཀླུང་གཙང་པོ་བཞིན་ནམ་ཡང་བརྟེན་ངེས་ཡིན་ལ། རི་བོ་མཐོན་པོ་དང་རྒྱ་མཚོ་ཆེན་པོ་བཞིན་ནམ་ཡང་གནས་ངེས་ཡིན། 

རི་བོ་མཐོན་པོ་རླུང་གིས་སྤུར་ཡང་སྲིད༎ རྒྱ་མཚོ་ཆེན་པོ་མེ་ཡིས་འཚིགས་ཀྱང་རུང༌༎ ཆོལ་གསུམ་བོད་རིགས་སྤུན་ཟླ་མི་དམངས་ཚོ༎ གཅིག་སྒྲིལ་ནུས་པ་སུས་ཀྱང་གཏོར་ནུས་མིན༎


ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱིས་ཞི་བའི་འོས་ལངས།

(༡)ཞི་རྒོལ་བྱ་ཡུལ་བོད་ནང་གི་ས་གནས་ངོ་སྤྲོད།

འདི་ས་བྱི་ཞི་རྒོལ་གཅིག་པོའི་སྐབས་ཀྱི་གནས་སྟངས་ལ་མཚོན་ན། བོད་ས་སྟོད་སྨད་ཡོངས་རྫོགས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། གཅིག་རྒྱབ་གཉིས་མཆོང་དང་། མགྲིན་གཅིག་དབྱངས་གཅིག་གིས་ཞི་བའི་འོས་ལངས་བྱས་པའི་གནས་ཚུལ་འདིར། རྒྱ་གཞུང་གིས་ཤེས་རྟོགས་དགོས་པ་གལ་ཆེ་ཤོས་དེ། བོད་མི་རིགས་ལ་དགོས་པའི་མངོན་འདོད་དེ་མ་འགྲུབ་བར་དུ་ཞི་བའི་རུ་དར་སྒྲེངས་མཚམས་མི་བཞག་པ་དེ་ཡིན། རྒྱ་དམར་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་ཀྱི་བོད་ཀྱི་སྣོད་བཅུད་ཆ་ལག་དང་བཅས་པ་ཁ་འཐོར་ཡ་འཐོར་གྱིས་ཆ་བགོས་བྱས་པ། བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ། ལྷུན་གྲུབ་རྫོང༌། མལ་གྲོ་གུང་དཀར་རྫོང༌། སྟག་རྩེ་རྫོང༌། སྟོད་ལུང་བདེ་ཆེན་རྫོང༌། ཆུ་ཤུར་རྫོང༌། སྙེ་མོ་རྫོང༌། འདམ་གཞུང་རྫོང་དང་བདུན་བཅས། བོད་ལྗོངས་ལྟེ་གནས་ལྷ་ས་ན་ཡོད། བྱང་ནག་ཆུ་ས་ཁུལ་གྱི་ནག་ཆུ་རྫོང༌། ཨ་མདོ་རྫོང༌། སྙན་རོང་རྫོང༌། སྦྲ་ཆེན་རྫོང༌། སོག་རྫོང༌། འབྲི་རུ་རྫོང༌། དཔལ་མགོན་རྫོང༌། ལྷ་རི་རྫོང༌། ཤན་རྩ་རྫོང༌། ཉི་མ་རྫོང་དང་བཅུ། ཆབ་མདོ་ས་ཁུལ་གྱི་ཆབ་མདོ་རྫོང༌། གོ་འཇོ་རྫོང༌། སྟེང་ཆེན་རྫོང༌། མཛོ་སྒང་རྫོང༌། དཔལ་འབར་རྫོང༌། བྲག་གཡབ་རྫོང༌། འཇོ་མདའ་རྫོང༌། དཔའ་ཤོད་རྫོང༌། རྫ་ཡུལ་རྫོང༌། ལྷོ་རོང་རྫོང༌། རི་བོ་ཆེ་རྫོང༌། སྨར་ཁམས་རྫོང༌། འབི་ཐོག་རྫོང༌། ཚ་ཁ་རྫོང༌། མཛོ་མདའ་རྫོང༌། ཐོག་འབའ་རྫོང་དང་བཅུ་དྲུག མངའ་རིས་ས་ཁུལ་གྱི་སྒར་རྫོང༌། རུ་ཐོག་རྫོང༌། རྩ་མདའ་རྫོང༌། པུ་ཧྲང་རྫོང༌། དགེ་རྒྱས་རྫོང༌། དགེ་རྩེ་རྫོང༌། མཚོ་ཆེན་རྫོང་དང་བདུན། གཞིས་རྩེ་ས་ཁུལ་གྱི་གཞིས་ཀ་རྩེ་རྫོང༌། རྣམ་གླིང་རྫོང༌། གཏིང་སྐྱེས་རྫོང༌། ས་སྐྱ་རྫོང༌། ལྷ་རྩེ་རྫོང༌། དིང་རི་རྫོང༌། གཉའ་ནང་རྫོང༌། སྐྱིད་རོང་རྫོང༌། བཞད་མཐོང་སྨོན་རྫོང༌། ངམ་རིང་རྫོང༌། འབྲོང་པ་རྫོང༌། ས་དགའ་རྫོང༌། རྒྱལ་རྩེ་རྫོང༌། ཁང་དམར་རྫོང༌། རིན་སྤུངས་རྫོང༌། གྲོ་མོ་རྫོང༌། པ་རྣམ་རྫོང༌། གམ་པ་རྫོང་དང་བཅོ་བརྒྱད། ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང༌། ཟངས་རི་རྫོང༌། གྲ་ནང་རྫོང༌། གོང་དཀར་རྫོང༌། རྒྱ་ཚ་རྫོང༌། སྣང་རྫོང༌། འཕྱོངས་རྒྱས་རྫོང༌། ཆུ་གསུམ་རྫོང༌། ལྷོ་བྲག་རྫོང༌། ཚོ་སྣ་རྫོང༌། ལྷུན་རྩེ་རྫོང༌། མཚོ་སྨད་རྫོང་དང༌། སྣ་དཀར་རྩེ་རྫོང་དང་བཅུ་གསུམ། ཉིང་ཁྲི་ས་ཁུལ་གྱི་ཉིང་ཁྲི་རྫོང༌། ཀོང་པོ་རྒྱ་མདའ་རྫོང༌། སྨན་གླིང་རྫོང༌། མེ་ཏོག་རྫོང༌། རྫ་ཡུལ་རྫོང༌། སྤོ་མེས་རྫོང༌། སྣང་རྫོང་དང་བདུན། ཡུན་ནན་ཞིང་ཆེན་གྱི་ཁོངས་བདེ་ཆེན་བོད་ཁུལ་གྱི་འཇོལ་རྫོང༌། འབའ་ལུང་རྫོང༌། རྒྱལ་ཐང་རྫོང་དང་གསུམ། སི་ཁྲོན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སེར་ཤུལ་རྫོང༌། སྡེ་དགེ་རྫོང༌། དཔལ་ཡུལ་རྫོང༌། ཉག་རོང་རྫོང༌། དཀར་མཛེས་རྫོང༌། བྲག་འགོ་རྫོང༌། གསེར་རྟ་རྫོང༌། རྟའུ་རྫོང༌། ཉག་ཆུ་རྫོང༌། ལི་ཐང་རྫོང༌། ཕྱག་ཕྲེང་རྫོང༌། འདབ་པ་རྫོང༌། འབའ་ཐང་རྫོང༌། སྡེ་རོང་རྫོང༌། བརྒྱད་ཟིལ་རྫོང༌། རོང་བྲག་རྫོང༌། དར་མདོ་རྫོང༌། ལྕགས་ཟམ་རྫོང་དང་བཅོ་བརྒྱད། སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་རྔ་བ་རྫོང༌། འཛམ་ཐང་རྫོང༌། ཆུ་ཆེན་རྫོང༌། བཙན་ལྷ་རྫོང༌། འབར་ཁམས་རྫོང༌། རྐ་ཁོག་རྫོང༌། མཛོད་དགེ་རྫོང༌། ཟུང་ཆུ་རྫོང༌། ཁྲོ་ཆུ་རྫོང༌། མང་བར་རྫོང༌། གཟི་ཚ་སྡེ་དགུ་རྫོང༌། བཀྲ་ཤིས་གླིང་རྫོང༌། ཁྲི་ཚང་རྫོང་དང་བཅུ་གསུམ། སི་ཁྲོན་ཉང་སྲན་མུ་ལི་བོད་རིགས་རང་སྐྱོང་རྫོང༌། ཀན་སུའི་ཞིང་ཆེན་ཁོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་རྫོང༌། རྨ་ཆུ་རྫོང༌། ཀླུ་ཆུ་རྫོང༌། ཅོ་ནེ་རྫོང༌། ཐེ་བོ་རྫོང༌། འབྲུག་ཆུ་རྫོང༌། བ་ཙེ་རྩེ་རྫོང་དང་བདུན། ཀན་སུའུ་དཔལ་རིས་བོད་རིགས་རང་སྐྱོང་རྫོང༌། མཚོ་སྔོན་ཞིང་ཆེན་གྱི་ཁོངས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདའ་བཞི་རྫོང༌། རྐང་ཚ་རྫོང༌། ཨ་རིག་རྫོང་ངམ་མདོ་ལ་རྫོང༌། རྒྱ་རྡོ་རྫོང་དང་བཞི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང༌། བྲག་དཀར་རྫོང་ངམ་དར་མཚོ་རྫོང༌། འབའ་རྫོང༌། མང་ར་རྫོང༌། ཆབ་ཆ་རྫོང་ངམ་ཆབ་འགག་རྫོང་ལྔ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང༌། གཅན་ཚ་རྫོང༌། རེབ་གོང་རྫོང་དང༌། སོག་རྫོང་དང་བཞི། མཚོ་ཤར་ས་ཁུལ་གྱི་གསེར་ཁོག་རྫོང༌། དགོན་ལུང་རྫོང༌། དམར་གཙང་རྫོང༌། སྟོང་སྐོར་རྫོང༌། བར་ལུང་་རྫོང༌། ཡ་རྫི་རྫོང༌། གྲོ་ཚང་རྫོང༌། གཞོང་ཐང་རྫོང༌། སྐུ་འབུམ་རྫོང་དང་དགུ། མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་གྱི་བོས་ལ་རྫོང༌། ཐེམ་ཆེན་རྫོང༌། ཏོས་ལན་རྫོང༌། ཀོར་མོ་རྫོང་དང་བཞི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང༌། པད་མ་རྫོང༌། རྨ་སྟོད་རྫོང༌། དགའ་བདེ་རྫོང༌། དར་ལག་རྫོང༌། གཅིག་སྒྲིལ་རྫོང་དང་དྲུག ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང༌། ཆུ་དམར་ལེབ་རྫོང༌། སྐྱེ་རྒུ་རྫོང༌། ཁྲི་འདུ་རྫོང༌། རྫ་སྟོད་རྫོང༌། འབྲི་སྟོད་རྫོང་དང་དྲུག བཅས་བོད་ས་སྟོད་སྨད་ཡོངས་རྫོགས་བསྡོམས་པས་རྫོང་ཁག ༡༥༩ ཕྱེས་ཡོད་པ་རེད། མདོར་ན་བོད་ཀྱི་ས་ཁྱོན་ཡོངས་རྫོགས་རྒྱ་ནག་གིས་བཙན་ཤེད་ཁོ་ནས་དུམ་བུ་འདྲ་མིན་བགོས་ནས་ཁ་འཐོར་ཡ་འཐོར་དུ་གཏོང་། འབྲི་ཆུའི་ནུབ་རྒྱུད་ཀྱི་བོད་རིགས་རྣམས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་དང༌། ལྷག་མ་འབྲི་ཆུའི་ཤར་རྒྱུད་ཀྱི་ཁམས་དང་ཨ་མདོའི་ཁུལ་རྣམས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྔ་པ་བོད་རིགས་རང་སྐྱོང་ཁུལ། མུ་ལི་བོད་རིགས་རང་སྐྱོང་རྫོང༌། ཀན་སུའི་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་དཔལ་རིས་བོད་རིགས་རང་སྐྱོང་རྫོང༌། མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་ས་ཁུལ། མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཕྱེས་ཡོད་པ་རེད། གོང་གསལ་རྫོང་དང་ས་ཁུལ་མང་ཆེ་བ་ནས་ཞི་བའི་འོས་ལངས་བྱས་ཡོད་ལ། ས་ཁུལ་རེ་གཉིས་ནང་ཞི་བའི་འོས་ལངས་དངོས་སུ་བྱས་མེད་ནའང་ས་ཁུལ་དེ་དག་གི་མི་དམངས་མང་པོ་ལྷ་ས་དང༌། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལྟ་བུ་མི་རིགས་སྣ་འཛོམས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་ཁག་དུ་མའི་ནང་འོས་ལངས་སུ་ཞུགས་པ་སྟེ། མདོར་ན་གོང་གསལ་རྫོང་ཁག་དེ་དག་གི་མི་སེར་ཕལ་བོ་ཆེ་ས་བྱི་ཞི་བའི་འོས་ལངས་ཆེན་མོའི་ནང་ཞུགས་ཡོད་པ་རེད། ས་བྱི་ཞི་རྒོལ་གཅིག་བུར་ཞུགས་པའི་བོད་རིགས་ལ་མཚོན་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་ ༢༠༠༩ ཟླ་ ༦ ཚེས་ ༡༥ བར་གཞིས་ལུས་ཆོལ་གསུམ་བོད་མི་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ཞི་རྒོལ་ལ་རྒྱ་གཞུང་གིས་བོད་མིར་དྲག་གནོན་དང་ཁྲིམས་ཆད་བཏང་ཚུལ་ལྟ་མི་ཕོད་པ་དང་ཉན་མི་བཟོད་པའི་ཚད་ཀྱིས་མནར་གཅོད་གཏོང་ཡོད་པ་རེད། སྤུར་རྒྱལ་བཙན་པོའི་གདུང་རྒྱུད་མ་ཉམས་པར༎ མཐུན་ལམ་ལྕགས་ཀྱི་དཔུང་པ་མཉམ་སྒྲིལ་གྱིས༎ ཞི་བའི་དར་ཆེན་འཕྱར་བའི་གཟི་འོད་འདིས༎ བདེན་པའི་འོད་སྣང་བསུ་བ་སུ་ཡིས་འགོག།


(༢)བོད་ས་ཡོངས་རྫོགས་ནས་ཞི་རྒོལ་ཇི་ལྟར་བྱས་ཚུལ་རགས་བསྡུས།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༤༩ པའི་ཉིན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སས་གཙོ་བོ་བྱས་པའི་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ཞི་རྒོལ་རྒྱ་མཚོའི་རྦ་རླབས་ལྟར་རྒྱུན་ཆད་མེད་པར་ད་ལྟའི་བར་མུ་མཐུད་དུ་བྱུང་ཡོད་པ་སྟེ། ཤིན་ཧྭ་གསར་ཁང་རང་གིས་སྤེལ་བའི་དྲ་རྒྱ་ནང༌། ཕྱི་ཟླ་གསུམ་པའི་ཚེས་ ༡༤ ནས་ ༡༢༥ བར་ངོ་རྒོལ་ཐེངས་ ༥༠ བརྒལ་བ་བྱུང་ཚུལ་བཤད་ཡོད། ཕྱི་ཟླ་ ༨ ཚེས་ ༡ཉིན་དམར་དམག་གསར་འཛུགས་དུས་སྟོན་ཉིན་མོའི་ཚོགས་ཆེན་དུ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ལི་ཁྲང་ཕིང་གི་གཏམ་བཤད་ནང༌། ཟླ་ ༧ ཚེས་ ༣ བར་དཀར་མཛེས་ཁུལ་དུ་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་བསྡོམས་ ༥༠ ལྷག་བྱུང་ལུགས་བརྗོད་ཡོད། བོད་མིའི་ཞི་རྒོལ་གཞི་རྒྱ་ཆེ་སྐབས་སུ་མང་ཚོགས་ ༡༠༠༠༠ ལྷག་འཛོམས་ཡོད་ལ། ཉུང་སྐབས་སུ་བོད་མི་ ༡ ལས་མེད་པའང་བྱུང་ཡོད། ཞི་རྒོལ་ནང་ཞུགས་མཁན་ལ། གྲྭ་པ་དང་བཙུན་མ། སྔགས་པ། སྤྱི་ཚོགས་ནང་གནས་བབ་དང་གུས་བརྩི་ཡོད་པའི་བླ་སྤྲུལ་དང་མཁན་པོ། དགེ་བཤེས། མཁན་ཟུར། ཞིང་པ་དང་འབྲོག་པ། དགེ་རྒན་དང་སློབ་ཕྲུག གཞུང་གི་ལས་བྱེད་པ་དང་ལས་བཟོ་བ། ཏང་ཡོན་དང་འགོ་འཁྲིད། དམག་མི་ཟུར་པ། སྨན་པ་དང་སྒྱུ་རྩལ་བ། གྲོང་མི་དང་གྲོང་གསེབ་པ། ལོ་རྒན་བརྒྱད་ཅུ་ཡོལ་བ་དང་ན་ཆུང་རང་ལོ་ ༨ ལས་མ་སོན་པ། འབྱོར་ལྡན་ཕྱུག་པོ་དང་འབྱོར་མེད་དབུལ་པོ་སོགས་ཚང་མས་མཉམ་ཞུགས་བྱས་ཡོད་པ་དང༌། ཞི་རྒོལ་བྱེད་སྟངས་རྔམ་སྟོན་ཁྲོམ་སྐོར་བྱེད་པ་དང་འཕྲེད་དར་འཁྱེར་བ། ཞི་བའི་གོམ་བགྲོད་བྱེད་པ། རང་གིས་རང་ལ་གྲི་བརྒྱབ་པ། འུ་ཐུག་ནས་རང་སྲོག་དོར་བ། ཟས་བཅད་བྱེད་པ། སྦྱར་ཡིག་སྦྱོར་བ། ལས་དོན་རུ་ཁག་གི་མདུན་དུ་དངོས་སུ་ཐོན་ཏེ་ངོ་རྒོལ་བྱེད་པ། ཞིང་ལས་མཚམས་འཇོག་བྱེད་པ། སྣུམ་འཁོར་གྱི་སྐྱེལ་འདྲེན་མཚམས་འཇོག་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལ་དང་ལེན་མི་བྱེད་པ། ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་ཁས་ལེན་མི་བྱེད་པ་སོགས་ཚུད་ཡོད་ཅིང༌། རྒྱ་ནག་གཞུང་གིས་ཆེད་མངགས་བོད་མིར་བརྫུས་ཏེ་འཁྲུག་རྐྱེན་བསླངས་ནས་དྲག་པོའི་ངོ་བོར་བསྒྱུར་བའི་ལས་འགུལ་རེ་ཟུང་ལས། ད་ཕན་བྱུང་བའི་ངོ་རྒོལ་གྱི་བརྒྱ་ཆ་ ༩༩ ནི་འཚེ་མེད་ཞི་བ་ཁོ་ནའི་སྒོ་ནས་ཡིན། ཞི་རྒོལ་གྱི་མངོན་འདོད་དང་སྐད་འབོད་གཙོ་བོ་ཁག་ནི། བོད་རང་བཙན་ཡིན་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་དགོས་པ། ྋགོང་ས་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ནང་རང་དབང་དགོས་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ། ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ། རྒྱ་དམར་བོད་ནས་ཕར་འགྲོ་དགོས་སྐོར་སོགས་རེད། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་པེ་ཅིང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག ད་བར་བོད་ལྗོངས་ཉེན་རྟོག་ལས་ཁུངས་ཀྱིས་མི་སྣ་ ༩༥༣ བཀག་ཉར་བྱས་ཡོད་པ་དང༌། དེའི་ཁྲོད་ ༤༠༣ མི་མང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆོག་མཆན་ལྟར་འཛིན་བཟུང་བྱས་ཤིང༌། ༣༦༢ མགོ་བཏགས་ཞུས་ལུགས་བཤད་ཡོད། ཕྱི་ཟླ་ ༤ ཚེས་ ༩ ཉིན་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་མའོ་ཧྲན་ཝུ་ཡིས་གཙོས་གྲོང་ཁྱེར་དུ་ཕྱི་རྒྱལ་གསར་ལམ་ཁག་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། ཕྱི་ཟླ་ ༣ ཚེས་ ༤ ནས་ ༩ བར་ཀན་ལྷོ་ཁོངས་བསང་ཆུ་རྫོང་དང༌། གཙོས་གྲོང་ཁྱེར། ཀླུ་ཆུ་རྫོང༌། རྨ་ཆུ་རྫོང༌། ཅོ་ནེ་རྫོང༌། ཐེ་བོ་རྫོང་བཅས་རྫོང་དང་གྲོང་ཁྱེར་ཁག་དྲུག་ལ་ངོ་རྒོལ་གྱི་ལས་འགུལ་བྱུང་བ་དང༌། བསྡོམས་ཁང་པ་ ༤༢༧༩ འཕྲོག་བཅོམ་དང་མེ་སྲེག་བཏང་ཡོད་ཚུལ། སྣུམ་འཁོར་ ༧༤ དང༌། ཆུ་གློག་སྒྲིག་བཀོད་ ༦༢༢ འཐུང་ཆུ་སྒྲིག་བཀོད་ ༥༩༠ ཚ་གློག་སྒྲིག་བཀོད་ ༢༧༨ བཅས་རྡུང་གཅོག་བྱས་ཡོད་སྐད་བཤད་པ་མ་ཟད། ཕྱི་ཟླ་ ༤ ཚེས་ ༨ བར་ཀན་ལྷོ་ཁུལ་ནས་བསྡོམས་མི་གྲངས་ ༤༣༢ འཛིན་བཟུང་བྱས་ཡོད་ལ། མི་གྲངས་ ༢༢༠༠ ལྷག་གིས་གཞུང་ལ་མགོ་བཏགས་ཞུས་པ། དེའི་ཁྲོད་གྲྭ་བཙུན་བསྡོམས་ ༥༡༩ ཡོད་ལུགས་བརྗོད་ཡོད། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཞའོ་ཡུག་ཚའེ་ཞེས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་གྲྭ་པ་འགས་འགོ་འཁྲིད་དེ་རྔ་བ་རྫོང་དུ་ངོ་རྒོལ་སྣ་མང་སྤེལ་བ་དང༌། དེའི་ཁྲོད་ཚོང་ཁང་ ༢༤ དང༌། སྤྱི་བདེ་ཉེན་རྟོག་མངགས་གཏོང་ཁང་ ༢ ཉེན་རྟོག་པའི་སྣུམ་འཁོར་དང་དམངས་སྤྱོད་སྣུམ་འཁོར་ ༨༡ བཅས་མེ་བསྲེགས་བཏང་ཡོད་ཚུལ། གཞུང་གི་ལས་བྱེད་དང་ཉེན་རྟོག་མི་སྣ་ ༢༠༠ ལྷག་ལ་རྨས་སྐྱོན་ཕོག་སྟེ། རྡུང་གཅོག་འཕྲོག་སྲེག་བྱས་པའི་གྱོང་གུན་དེ་ཧ་ལམ་རྔ་བ་རྫོང་གི་འདས་པའི་མི་ལོ་བཅུ་ལྷག་གི་ཡོང་འབབ་སྤྱི་ལས་ལྷག་པ་གྱུར་ཡོད་ལུགས་བརྗོད་ཡོད། དེ་དག་གི་ཐོག་ནས་ཞི་རྒོལ་བྱུང་ཐེངས་དང་གཞི་རྒྱ་ཆེ་ཆུང༌། འཛིན་བཟུང་བྱས་པའི་གྲངས་འབོར་སོགས་རོབ་ཙམ་ཤེས་རྟོགས་ཐུབ་པ་ཞིག་རེད། ཞི་རྒོལ་བ་དེ་ཚོར་རྒྱ་ནག་གཞུང་གིས་ལས་བྱེད་པ་མངགས་ཏེ་ཁོང་ཚོའི་སེམས་གཏིང་གི་རེ་འདུན་དང་དཀའ་ངལ་ལ་ཉན་འཇོག་ཙམ་ཡང་མ་བྱས་པར། ལམ་སེང་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་བཏང་སྟེ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་དམར་གསོད་དང༌། གྲི་གཙགས་བརྒྱབ་པས་མཚོན་ཉེས་རྡུང་ཚད་མེད་བཏང་བ། ཡ་ང་སྙིང་རྗེ་སྤུ་རྩེ་ཙམ་ཡང་མེད་པར་འཛིན་བཟུང་དང་བཙོན་འཇུག་བྱེད་པ། ལྟ་མི་ཕོད་པ་དང་ཉན་མི་བཟོད་པའི་དྲག་རྡུང་ཁྲོད་ད་ཕན་ཉུང་མཐར་བོད་མི་ ༢༡༩ ཙམ་རྐྱེན་འདས་སུ་བཏང་བ་དངོས་ར་འཕྲོད་ཡོད་པ་དང༌། འཛིན་བཟུང་བཙོན་འཇུག་བྱས་པ་ཉུང་མཐར་ ༦༧༠༥ རྨས་སྐྱོན་ཕོག་པ་ ༡༢༩༤ ལྷག་བྱུང་ཡོད་པ་རེད། དེ་བཞིན་བོད་རང་སྐྱོང་ལྗོངས་ཞེས་པ་གཅིག་པུའི་ཁོངས་དངོས་སུ་ཁྲིམས་ཐག་བཅད་པ་མི་གྲངས་ ༧༦ ལྷག་དང༌། ཁམས་དང་ཨ་མདོ་ཁུལ་དུ་ཐོག་མར་གསང་བའི་ཁྲིམས་ཐག་བཅད་པ་དང༌། དེ་རྗེས་ལོ་དུས་རྒྱས་བཅད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དང་གཅོད་བཞིན་པའང་ད་དུང་རྒྱུན་ཆད་མེད་པས་ཚོད་རྩིས་དཀའ་ཡང༌། ད་བར་བོད་མི་ ༢༨༦ ལྷག་ལ་ཁྲིམས་ཐག་བཅད་ཟིན་ཡོད་པ་རེད། བོད་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་ཐེངས་མང་གཅིག་རྗེས་གཉིས་མཐུད་དུ་བྱུང་འཕྲལ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་བསྐོར་བ་དང་གསར་འགོད་པ་ཡོངས་རྫོགས་བོད་ཁུལ་ནས་ཕྱིར་འབུད་བྱས་ཐོག དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་ཁྱོན་ཆེ་བཏང་སྟེ། དྲག་པོའི་བཀག་བསྡམས་དང༌། བོད་མིའི་ཁྱིམ་ཚང་རེ་རེ་བཞིན་སྒོ་བཤེར་གྱིས་གང་བྱུང་བསྔོག་བཤེར་དང་འཛིན་བཟུང་བྱས་དང་བྱེད་བཞིན་པའི་ཐོག རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞེས་པ་སྤེལ་ཏེ་བཙན་ཤེད་ཀྱི་སྒོ་ནས་ྋགོང་ས་མཆོག་ལ་མཚན་སྨད་དང་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་འཇུག་གི་ཡོད་པ་དང༌། བོད་ཁུལ་ཡོངས་ཀྱི་དགོན་པ་དང་ཁྲོམ་གཞུང་ཁག་ཏུ་སོ་མྱུལ་པར་ཆས་འཛུགས་པའི་གནམ་དྲྭ་ཡི་ལས་གཞི་ཞེས་པ་ཞིག་ཨོ་ལིམ་པིག་གི་རྗེས་སུ་ཤུགས་ཆེ་སྤེལ་ཏེ། བོད་མི་རྣམས་ཀྱི་ཉིན་རེའི་འགྲོ་སྐྱོད་ལ་བལྟ་ཞིབ་ནན་པོ་བྱས་དང་བྱེད་བཞིན་པ་མ་ཟད། བོད་མི་ཞི་རྒོལ་བ་ཆེས་མང་པོ་ཞིག་ལ་རྡུང་གཅོག་འཕྲོག་སྲེག་གི་ཉེས་མིང་འོག དམར་གསོད་དང༌། ཚེ་བཙོན། ལོ་དུས་རྒྱས་བཅད་སོགས་ཀྱི་ཁྲིམས་ཐག་མུ་མཐུད་གཅོད་བཞིན་ཡོད་པ་རེད། སྤྱི་ལོ་ ༢༠༠༩ ལོའི་ནང་སྔ་ལོ་ལས་ལྷག་པའི་དོན་རྐྱེན་འབྱུང་ཉེན་གྱི་དོགས་གཞིའི་འོག་རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་ཉིན་རེ་བཞིན་དམག་དཔུང་འཕར་སྣོན་བཏང་སྟེ། དམ་བསྒྲགས་ཆེ་རུ་བཏང་ནས་རྡུང་རྡེག་ཚ་ནན་གྱི་ལས་འགུལ་ཤུགས་ཆེན་སྤེལ་པ་དང། འདི་ལོའི་དཔྱིད་གསར་དུས་ཆེན་ཞེས་པ་དང་བོད་ས་གླང་ལོའི་ལོ་གསར་སྐབས་སྔར་དང་མ་འདྲ་བའི་དགའ་སྟོན་སྤྲོ་སྐྱིད་ལ་འབད་དགོས་པ། དམིགས་བསལ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ནས་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལྷག་ལ་བཅིངས་འགྲོལ་ཐོབ་པ་དང༌། བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་མི་ལོ་ ༥༠ འཁོར་བའི་དུས་ཚིགས་གཏན་འབེབས་ཀྱིས་རྒྱ་ཆེ་བོད་རིགས་མི་དམངས་ཚོས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་དགོས་སྐོར་གྱི་བཀའ་རྒྱ་བཀྲམས་ཏེ། ཞི་བའི་འོས་ལངས་འོག བོད་རིགས་མི་དམངས་ཚོར་མི་ཤི་རྐྱེན་ཆགས་ཚབ་ཆེར་བཟོས་པའི་སྒང་ལ་རོ་ཐོག་རྟ་རྒྱུག་གི་དཔེ་ལྟར་བྱས་ཡོད་པ་རེད། ད་དུང་ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཆིན་ཀང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནར་གཅོད་ཐོག་མཁས་པའི་ཚོགས་ཆུང་གིས་བཏོན་པའི་བོད་དོན་དང་འབྲེལ་བའི་སྙན་ཐོར་ངོས་ལེན་མེད་པའི་ལན་འདེབས་གསལ་བཤད་བྱས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་སུ་ཟླ་ ༣ པའི་ཞི་རྒོལ་ནས་བཟུང་མནར་གཅོད་འོག་བོད་མི་འདས་གྲོངས་ཕྱིན་པའི་སྐོར་ངོས་ལེན་རྩ་བ་ནས་བྱས་མེད་པ་རེད། ཡིན་ནའང་བོད་ནང་རྒྱ་ནག་གཞུང་གི་སྤྱི་བདེ་མི་སྣ་དང་དྲག་ཆས་ཉེན་རྟོག་པ་དེ་ཚོས་བོད་མི་ཞི་རྒོལ་བར་མུ་མཐུད་རྡུང་རྡེག་མནར་གཅོད་བཏང་སྟེ་བོད་མི་འདས་གྲོངས་སུ་འགྲོ་མཚམས་ད་དུང་ཆད་མེད་པ་ཞིག་ཡིན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་གངས་ཅན་པའི་དོན་གྱི་བདག་པོ་གཞིས་ལུས་ཆོལ་གསུམ་བོད་མི་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ལས་འགུལ་སྤེལ་བ་རྣམས་ལ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དང༌། ཁོང་རྣམས་ཀྱི་བྱས་རྗེས་རྣམས་ཇི་སྲིད་བསྐལ་པ་མ་སྟོངས་པར་ཟུབ་མེད་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་ས་སྟེང་འདིར་གནས་ཐབས། གཞིས་བྱེས་བོད་མི་ཡོངས་ཀྱིས་༸གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་ལ་ཡིད་ཆེས་བློ་གཏད་ཇི་ཙམ་བྱེད་ཀྱི་ཡོད་པ་དང༌། བོད་མིའི་མངོན་འདོད་དངོས་གནས་དེ་ག་རེ་ཡིན་པ་བཅས། གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་མཁྱེན་རྟོགས་ཆེད་གནས་ཚུལ་རྣམས། འབྲེལ་ཡོད་ཁག་ནས་སྔ་ཕྱིར་གནས་ཚུལ་ཕུལ་འབྱོར་བྱུང་བ་རྣམས་གཞི་ལ་བཞག་སྟེ། ཕྱི་ནང་གི་གསར་འགོད་པ་རྣམ་པས་སྐབས་དུས་སོ་སོར་སྤེལ་བའི་གསར་འགྱུར་ཁག་ལའང་གོ་བསྡུར་དང་དཔྱད་ཞིབ་གང་ཐུབ་བྱས་ནས་ང་ཚོས་བྱུང་བ་དངོས་ཀྱི་དེབ་ཐེར་འདི་བསྡུ་སྒྲིག་ཞུ་རྒྱུ་ཡིན། ད་དུང་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ནས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ཀ་འུ་ཐུག་ཐབས་ཟད་ཀྱི་གནས་ལ་བསྐྱལ་ཡོད་པ་རེད། རྒྱ་གཞུང་གིས་ཇི་ཙམ་གྱིས་ཨུ་ཚུགས་མཐའ་བསྐྱལ་བྱས་ནའང་བོད་རིགས་མི་དམངས་ཚོས་དགའ་བསུ་དང་ལེན་རྩ་བ་ནས་བྱས་ཡོད་པ་མ་རེད། ད་བར་དུ་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་མེད་པ་མ་ཟད་ཛ་དྲག་གི་གནས་བབ་ཇེ་སྔུག་ཏུ་འགྲོ་བཞིན་པ་རེད། གོང་གསལ་གནས་ཚུལ་འདི་རིགས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་པས་སྤེལ་བའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་དང༌། བོད་རིགས་རྩོམ་པ་པོ་གྲགས་ཅན་འོད་ཟེར་གྱི་སེངྒེའི་ངར་སྒྲ། དེ་བཞིན་འཛམ་གླིང་ཤར་གླིང་གི་གསར་འགྱུར་དང༌། བོད་རྒྱ་དབྱིན་གསུམ་གྱིས་མཚོན་པའི་དྲྭ་རྒྱ་རིགས་འདྲ་མིན་ཤིན་ཏུ་མང་པོའི་ནང་གསལ་པོ་འཁོད་ཡོད་པ་རེད།

ཤར་མཐའི་མེ་ལྕེ་འབར་བའི་ཚ་རླབས་ཀྱིས། ། གངས་རིའི་ལས་དབང་སྔོན་པོའི་ཆུ་ལ་བསྒྱུར།། ཁྲག་དང་མིག་ཆུ་འབབ་པའི་ནམ་ཟླ་ཡིས། ། དམར་ཆུང་སེམས་ལ་རྨ་ཁའི་རི་མོ་བཟོས། །

པཎ་ཆེན་བླ་མ་མུན་པའི་བཙོན་དུ་བཅུག ། གངས་ཅན་མགོན་པོ་གངས་རིའི་མཐའ་ལ་བསྐྱེལ། ། ས་ཡ་དྲུག་གི་ས་ཁྱོན་དགྲ་བོས་འཕྲོག ། སྡུག་དང་མུན་པའི་ནམ་ཟླ་སྐྱུར་མོ་རིང༌། །

ཞི་བདེའི་རང་དབང་རང་གིས་རྩོད་པ་ལ། ། མེ་མདའི་དྲག་ཆར་ཕབ་པའི་དགྲ་བོའི་འོག ། རྣམ་ཤེས་དུར་སར་ཐིམ་པའི་ཤི་བོ་དང༌། ། མུན་པའི་བཙོན་ཁང་འགྲིམས་པའི་སྐྱོ་གར་མང༌། །

ཉི་ཟླ་སྐར་གསུམ་ས་ལ་ལྷུང་ཡང་རུང༌།། རྒྱ་མཚོ་སྔོན་པོ་མེ་ལ་འབར་ན་ཡང༌། ། དགྲ་བོས་བརྙས་བཅོས་བྱས་པའི་སྡུག་ནད་འདི།། ས་ཡ་དྲུག་གི་སེམས་ནས་བརྗེད་ཐབས་མེད། །

ཡ་ང་སྙིང་རྗེ་མེད་པའི་དྲག་སྤྱོད་འོག། ལུས་སྲོག་འབེན་དུ་བཙུགས་པའི་བོད་རིགས་ཚོ༎ ཞི་བའི་ལམ་ནས་བདེན་དོན་རྩོད་པའི་སྣེ༎ ཁྲག་རིས་འཐེན་པའི་ལག་དམར་སུ་ཡིས་བརྗེད༎


བྱེ་བྲག་ཏྲེ་ཧོར་ཁུལ་དུ་ཞི་བའི་འོས་ལངས་བྱུང་རིམ།

(༡) ཏྲེ་བོ་ཁུལ་གྱི་སྣོད་བཅུད་ཆགས་ཚུལ་རག་བཤད། དེ་ཡང་བྱེ་བྲག་ལས་སྤྱི་གལ་ཆེ་བ་དང༌། ཡན་ལག་ལས་རྩ་བ་གལ་ཆེ་བས། བོད་སྤྱིའི་ཞི་བའི་འོས་ལངས་ཀྱི་བྱུང་རིམ་དང༌། འཇུག་འབྲས་བཅས་པ་རྒྱལ་སྤྱིས་གསལ་རྟོགས་དགོས་པ་ནི་ང་ཚོས་འབེན་ལ་དམིགས་པའི་མདའ་མོ་བཞིན་རྩ་འཛིན་བྱས་པའི་ཐོག་ནས། གནད་དོན་དེ་ཉིད་ཁ་གསལ་གཏིང་ཟབ་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གསལ་བཤད་འཐིལ་ཕྱིན་ཐུབ་པ་ལ། ཡན་ལག་ཚོགས་པ་ལས་ལུས་གྲུབ་པ་དང༌། ཆ་ཤས་བསགས་པ་ལས་ཚོགས་པའི་བདག་ཉིད་དུ་གྲུབ་པ་ནི་གཤིས་ལུགས་ཀྱི་རང་བཞིན་དང་མཐུན་པ་ཡིན་པས། གནད་དོན་དེའི་ཆེད་འདིར་བོད་སྤྱིའི་ཞི་བའི་འོས་ལངས་ཀྱི་གྲུབ་ཆའམ་ཆ་ཤས་ཆུང་ཆུང་ཞིག་སྟེ། དེ་སྔོན་ཏྲེ་བོ་ཧོར་སེར་ད་ར་ཁག་སྔར་གྲགས་ཤིང་དེང་སང་དཀར་མཛེས་བོད་རིགས་རང་སྐྱོང་ཁོང་གི་མངའ་ཁོངས་རྫོང་ཁག་ལྔའི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་མི་དམངས་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་དགྲ་བོའི་བདུག་རྩུབ་མི་བཟོད་པའི་བཙན་གནོན་འོག རང་དབང་བདེན་པའི་གནས་ལུགས་རྩོད་ནས་རང་ཁུལ་སྣོད་བཅུད་ཆ་ལག་དང༌། མི་རྒྱུ་ཟོག་གསུམ། ལུས་སེམས་ངག་གསུམ་ལ་འཛེར་བག་སྤུ་རྩེ་ཙམ་ཡང་མེད་པར་ཞི་བའི་འོས་ལངས་ཇི་ལྟར་བྱས་ཚུལ་གྱི་བསྐོར་འབུར་དུ་བཏོན་ནས་ཞུ་རྒྱུ་ཡིན། ཏྲེ་བོ་ནི་ཉེ་རབས་ཀྱི་ལོ་རྒྱུས་ནང་ཏྲེ་བོ་ ཧོར་སེར་ ད་ར་ཁག་ལྔ་ཞེས། ཁང་གསར། མ་ཟུར། ཏྲེ་བོ། བྲག་མགོ བེ་རི་བཅས་ཡིན་ལ། དུས་འགྱུར་བྱུང་རྗེས་འབྲི་ཆུ་ཤར་རྒྱུད་ཀྱི་ཁམས་རིགས་ལས་ནང་ཆེན་ཕྱོགས་རྣམས་མཚོ་སྔོན་གྱི་ཁོངས་དང༌། རྒྱལ་ཐང་དང་། འཇོལ་པ། འབའ་ལུང་གསུམ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་ཁུལ། སི་ཁྲོན་ཉང་སྲན་ཁོངས་རྨི་ལི་བོད་རིགས་རང་སྐྱོང་རྫོང་ཕུད། དེ་མིན་ཡོངས་རྫོགས་སི་ཁྲོན་ཞིང་ཆེན་གྱི་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་པར་བསྡུས་ཡོད། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བཅོ་བརྒྱད་ནི། སེར་ཤུལ་རྫོང༌། སྡེ་དགེ་རྫོང༌། དཔལ་ཡུལ་རྫོང༌། ཉག་རོང་རྫོང༌། དཀར་མཛེས་རྫོང༌། བྲག་མགོ་རྫོང༌། གསེར་རྟ་རྫོང༌། རྟའུ་རྫོང༌། ཉག་ཆུ་རྫོང༌། ལི་ཐང་རྫོང༌། ཕྱག་ཕྲེང་རྫོང༌། འདབ་པ་རྫོང༌། འབའ་ཐང་རྫོང༌། སྡེ་རོང་རྫོང༌། བརྒྱད་ཟིལ་རྫོང༌། རོང་བྲག་རྫོང༌། དར་མདོ་རྫོང༌། ལྕགས་ཟམ་རྫོང་དང་བཅོ་བརྒྱད་ཡོད་པ་རེད། གོང་གསལ་རྫོང་ཁག་བཅོ་བརྒྱད་དུ་ཕྱེས་པའི་ནང་ནས། ཏྲེ་བོ་ནི་དཀར་མཛེས་དང༌། སྡེ་དགེ་ བྲག་མགོ་ ཉག་རོང༌། རྟའུ་བཅས་རྫོང་ཁག་ལྔའི་ནང་དུ་བསྡུས་ཡོད། སྤྱི་ལོ་ ༢༠༠༠ལོ་དང་། ༢༠༠༤་བཅས་ལ་གཏན་འབེབས་བྱུང་བའི་དཀར་མཛེས་ཁུལ་གྱི་སྣོད་བཅུད་བཀོད་པ་རགས་ཙམ་འགོད་ན། དང་པོ། དཀར་མཛེས་རྫོང་། དཀར་མཛེས་རྫོང་ནི་དིང་སང་གི་ཟི་ཁྲོན་ཞིངཆེན་ཀྱི་ནུབ་རྒྱུད་ལ་ཆགས་ཤིང༌། སྤྱིའི་ས་ཁྱོན་སྤྱི་ལེ་རྨིས་གྲུབ་བཞི་མ་༧༣༠༧དང༌། མི་འབོར་ཁྲི་དྲུག་ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་དཀར་མཛེས་གྲོང་རྡལ་དུ་ཆགས་ཡོད་པ་རེད། སྦྲག་ལམ་ཨང་༦༢༦༧༠༠ཡིན། ཨང་གྲངས་ཚབ ༥༡༥༥༢༨ཡིན། སྲིད་འཛིན་ས་ཁོངས། དཀར་མཛེས་རྫོང་གི་འོག་ཏུ་གྲོང་རྡལ་གཅིག་(གྲོང་རྡལ་འདིའི་ནང་། ཁྲན་ལྷོ་ཤང་དང༌། ཁྲན་བྱང་ཤང༌། རོལ་ཚ་ཤང་བཅས་གསུམ་འདུས་ཡོད)དང་ཤང་༢༡ཡོད་དེ། གྲོང་རྡལ་གཅིག་པོ་དེ་ནི་དཀར་མཛེས་གྲོང་རྡལ་ཡིན་ལ་དེ་ནི་རྫོང་མི་དམངས་སྲིད་གཞུང་གི་ས་གནས་ལྟེ་བའང་ཡིན། ཤང་ཁག་ཉེར་གཅིག་ནི། ཀ༔བྲག་ཤང༌། གསེར་ཆུ་སྟེང་ཤང༌། མདའ་མདོ་ཤང༌། གསེར་མཁར་ཤང༌། གོང་ལུང་ཤང༌། རྫ་ཁོག་ཤང༌། འདན་མ་ཤང༌། ཞིང་སེ་ཤང༌། མཁར་སྒང༌ཤང༌། རི་མགོ་ཤང༌། ལྷོ་པ་ཤང༌། སྲུབ་ངོ་། མཐིང་མཁར། ཤར་ཕྱོགས་ཤང༌། བསྭོ་ཐོག་མདའ་ཤང་། རྡོ་རྡོ་ཤང༌། སྙི་ཁོག་ཤང༌། ཚབ་ཚ་ཤང༌། ཟླ་སྟོད་ཤང༌། འཁྱར་ལུང་ཤང༌། ཚྭ་ལང་ཤང་༌། བཅས་ཡིན། ༡༩༡༣ལོར་རྫོང་སྲིད་གཞུང་གསར་པ་བཙུགས། ཐེངས་ལྔ་པའི་མི་འབོར་ཞིབ་བཤེར་གྱི་གྲངས་ཀ་ལྟར་ན། རྫོང་ཡོངས་ལ་མི་གྲངས་བསྡོམས་༥༥༧༠༣ཡོད་པ་དང༌། དེའི་ནང་ཤང་དང་གྲོང་རྡལ་ཁག་གི་མི་འབོར་ནི། དཀར་མཛེས་གྲོང་རྡལ་དུ་མི་གྲངས་༡༠༦༠༢དང༌། ཀ༔བྲག་ཤང༌༡༩༨༩། གསེར་ཆུ་སྟེང་༢༡༡༤། མདའ་མདོ་ཤང་༡༣༣༦། གསེར་མཁར་ཤང་༢༠༦༨། གོང་ལུང་༡༥༠༥། རྫ་ཁོག་ཤང་༣༠༡༩། འདན་མ་ཤང༌༣༢༧༩། ཞི་སེ་ཤང༢༢༣༣། མཁར་སྒང་ཤང༌༡༥༡༠། རི་མགོ་ཤང་༡༦༨༥། ལྷོ་པ་ཤང༌༢༦༡༠། སྲུབ་ངོ་ཤང༌༢༨༠༢། མཐིང་མཁར་ཤང་༡༩༣༦། ཤར་ཕྱོགས་ཤང་༢༢༣༧། ཟུར་ཐང་མདའ་ཤང་༢༥༦༦། རྡོ་རྡོ་ཤང་༡༣༠༩། སྙི་ཁོག་ཤང་༡༥༠༡། ཚབ་ཚྭ་ཤང་༢༦༨༧། ཟླ་སྟོད་ཤང་༢༥༩༧། མཁྱར་ལུང་ཤང་༢༣༥༨། ཚྭ་ལུང་ཤང་༡༧༦༠་བཅས་ཡིན།

གཉིས་པ། བྲག་མགོ་རྫོང་། བྲག་མགོ་རྫོང་ནི་བོད་ཤརརྒྱུད་དང༌། ཟི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད། རྫོང་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༤༦༠༡ཡོད། མི་འབོར་བསྡོམས་ཁྲི་བཞི་ ༤༠༠༠༠ཡོད། རྫོང་མི་མང་སྲིད་གཞུང་ནི་བྲག་མགོ་གྲང་རྡལ་དུ་ཆགས་ཡོད། སྦྲག་སྲིད་ཨང་རྟགས། ༦༢༦༥༠༠། ཨང་ཚབ༌། ༥༡༣༣༢༧། ས་ཁུལ་ཨང་གྲངས་༠༨༣༦། སྲིད་འཛིན་ས་ཁོངས་བགོ་སྟངས། བྲག་མགོ་རྫོང་འོག་གྲོང་རྡལ་གཅིག་དང་ཤང་༡༥ཡོད་པ་རེད། གྲོངརྡལ་ནི་(ཤིང་ཏུའུ་)བྲག་མགོ་གྲོང་རྡལ་གཅིག་པོ་ཡིན་ལ། ཤང་ཁག་བཅོ་ལྔ་ནི། སྙི་པ་ཤང༌། སྦ་གུར་ཤང༌། ནོར་ཆོས་ཤང༌། སྲིབ་མོ་ཤང༌། ཉིན་མོ་ཤང༌། གཞུ་མདའ་ཤང༌། ཏྲེ་བོ་ཤང༌། མདའ་མདོ་ཤང༌། མཚོ་འགོ་ཤང༌། དགོན་འཛུལ་ཤང༌། མཁར་གཉའ་ཤང༌། གཙང་སྟོད་ཤང༌། གཙང་སྨད་ཤང༌། ལུ་ཁོག་སྟོད་ཤང༌། ལུ་ཁོག་སྨད་ཤང༌བཅས་རེད། ༡༩༡༤ལོར་རྫོང་གསར་འཛུགས་བྱས། ༢༠༠༠ལོར་བྲག་མགོ་རྫོང་འོག་གྲོང་རྡལ་གཅིག་དང་ཤང་ཁག་༡༥ཡོད། ཐེངས་ལྔ་པའི་མི་འབོར་ཞིབ་བཤེར་སྐབས་རྫོང་ཡོངས་སུ་མི་འབོར་བསྡོམས། ༣༩༦༠༣ཡོད་པའི་ནང་ཤང་དང་གྲོང་རྡལ་ཁག་གི་མི་འབོར་གཤམ་གསལ། བྲག་མགོ་གྲོང་རྡལ་དུ་མི་གྲངས་༨༩༠༨། སྙི་པ་ཤང་མི་གྲངས་༢༡༡༣། སྦ་གུར་ཤང་༢༤༤༩། ནོར་ཆོས་ཤང༌༡༧༩༣། སྲིབ་མོ་མོ་ཤང་༢༣༨༧། ཉིན་མོ་ཤང་༢༧༠༥། གཞུ་མདའ་ཤང་༢༠༨༠། ཏྲེ་བོ་ཤང༌། ༢༢༨༧། མདའ་མདོ་ཤང༌། ༢༣༡༤། མཚོ་མགོ་ཤང་༡༧༨༧། དགོན་འཛུལ་ཤང་༡༣༥༧། མཁར་གཉའ་ཤང་༡༠༡༤། གཙང་སྟོད་ཤང་༡༧༨༠། གཙང་སྨད་ཤང་༢༤༨༩། ལུ་ཁོག་སྟོད་ཤང་༡༧༦༩། ལུ་ཁོག་སྨད་ཤང་༢༣༧༡། གསུམ་པ། ཉག་རོང་(ཤིང་ལུང་)རྫོང་ནི། བོད་དཀར་མཛེས་ཀྱི་ཤར་ངོས་དང་ཟི་ཁྲོན་ཞིང་ཆེན་གྱི་ནུབ་ངོས་སུ་ཆགས་ཡོད། རྫོང་གི་ས་ཁྱོན་བསྡོམས་སྤྱིལེ་གྲུ་བཞི་མ་༨༥༧༠ཡོད་པ་རེད། མི་འབོར་ཁྲི་བཞི་སྟེ་༤༠༠༠༠ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་ནི་རི་ནུབ་གྲོང་རྡལ་དུ་ཆག་ཡོད། སྦྲག་སྲིད་ཨང༌། ༦༢༦༨༠༠། ཨང་ཚབ། ༥༡༣༣༢༩། ས་ཁུལ་ཨང་གྲངས་༠༨༣༦། ཡིན། སྲིད་འཛིན་ས་ཁོངས་བགོ་སྟངས། ཉག་རོང་(ཤིང་ལུང་)རྫོང་འོག་གྲོང་རྡལ་གཅིག་དང་ཤང་ཁག་༡༨ཡོད། གྲོང་རྡལ་ནིརུ་ནུབ་གྲོང་རྡལ་གཅིག་རང་ཡིན་པ་དང༌། ཤང་ཁག ༡༨་ ནི། ཧྲ་སྟོད་ཤང། ལེ་ཨན་ཤང༌། ཏ་ཀེ་ཤང༌། རོ་ལུ་ཤང༌། སེར་འོད། རྒྱ་ལྷ་གཤིས། ལ་རི་མ། པོ་སྨད། ཡུ་ལ་ཤིས། འཛི་མཐོ་ཤིས། ཞི་བདེ་ཤང༌། བློ་དགུ་ཤང༌། གཞུང་ལུང་ཤིས། མ་རི་ཤང༌། མཐོང་ཤོ་ཤང༌། མཛའ་བརྩེ་ཤང༌།(ཡོའུ་ཡིས)་ཕིས་ཚ་ཤང༌། ཡེན་རྡོ་ཤང༌། རྫོང་འདི་༡༩༥༢ལོར་རྫོང་གསར་འཛུགས་བྱས། ཉག་ཆུ་གཙང་འགྲམ་གནས་ཡོད་པ་དང༌རྫོང་གསར་བཙུགས་བྱས་སྟབས་(ཤིངལུང་)མིང་ཞེས་པའི་མིང་གསར་བཏགས་པ་རེད། སྤྱིལོ་༢༠༠༠ལོར་ཉག་རོང་རྫོང་འོག་གྲོང་རྡལ་གཅིག་དང་ཤང་ཁག་༡༧ཡོད། རི་ནུབ་གྲོང་རྡལ་རང་འཇགས་ཐོག པོ་སྨད་ཤང༌། མཐོང་ཤོ་ཤང༌། མཛའ་བརྩེ་ཤང༌(ཡེའུ་ཡེས།) ཕིས་ཚ་ཤང༌། སྨ་རི། རྟ་སྐེ། ལེ་ཨན། ཡུའུ་ལ་ཤིས། རྩི་ཐོག་ཤིས། ཞི་བདེ་ཤང༌། བློ་དགུ་ཤང༌། ལ་རི་མ། རོ་ལུ། སེར་འོད། རྒྱ་ལྷ་ཤིས། ཤོང་ལུང་ཤིས། ཧྲ་སྟོད། ཐེངས་ལྔ་པའི་མི་འབོར་ཞིབ་བཤེར་གྱི་གྲངས་ཀར་གཞིགས་ན། རྫོང་ཡོངས་སུ་མི་འབོར་གྲངས་༤༠༥༠༥ཡོད་པའི་ནང་། ཤང་དང་གྲོང་རྡལ་ཁག་ཏུ་མི་འབོར་གྲངས་གཤམ་གསལ། རི་ནུབ་གྲོང་རྡལ་ལ་མི་གྲངས་༤༥༩༢། ཧྲ་སྟོད་ཤང་ལ་༡༩༡༥། ལེ་ཨན་ཤང་ལ་༡༨༤༠། རྟ་སྐེ་ཤང་༤༠༨༨། རོ་ལུ་ཤང་ལ་༡༧༦༥། སེར་འོད་ཤང་ལ་༢༧༠༨། རྒྱ་ལྷ་ཤིས་༢༥༧༩། ལ་རི་མ་ཤང་༤༠༣༩། པོ་སྨད་ཤང་༢༢༩༣། ཡུའུ་ལ་ཤིས་༡༨༣༧། རྩི་ཐོག་ཤིས་༡༤༨༧། ཞི་བདེ་ཤང༌་༡༧༧༦། ལོ་དགུ་ཤང་༡༣༢༣། ཤོང་ལུང་ཤིས་༢༨༤༣། མ་རི་ཤང་༡༢༡༧། ཐོང་ཤོ་ཤང་༢༠༢༤། མཛའ་བརྩེ་ཤང(ཡུའུ་ཡེས་ཤང༌།)༡༡༥༧། ཕིས་ཚ་ཤང་༡༠༢༢།། བསྡོམས་པས་མི་འབོར་ ༤༠༥༠༥ ཡོད་པ་རེད།

བཞི་པ། སྡེ་དགེ་རྫོང༌། སྡེ་དེ་རྫོང་ནི་དེང་སང་གི་བོད་ལྗོངས་ཤར་རྒྱུད་དང་ཟི་ཁྲོན་ནུབ་བྱང་ཕྱོགས་སུ་ཆགས་ཡོད་པ་རེད། རྫོང་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༡༠༢༥ཡོད་པ་དང༌། (༢༠༠༤ལོར་)མི་འབོར་བསྡོམས་ཁྲི་བདུན་ཏེ་༧༠༠༠༠། རྫོང་མི་མང་སྲིད་གཞུང་ནི་སྡེ་དགེ་དགོན་ཆེན་ཆིང་གྲོང་རྡལ་དུ་ཆགས་ཡོད། སྦྲག་སྲིད་ཨང་༦༢༧༢༥༠། ཨང་ཚབ། ༥༡༣༣༣༠།ས་ཁུལ་ཨང་གྲངས་༠༨༣༦། ས་ཁུལ་ཁག་བགོས་བྱེད་སྟངས། སྡེ་དགེ་རྫོང་འོག་གྲོང་རྡལ་གཅིག་དང་ཤང་ཁག་༢༥ཡོད། གྲོང་རྡལ་ནི་དགོན་ཆེན་གྲོང་རྡལ་ཡིན་ལ། ཤང་ཁག་ཉེར་ལྔ་ནི། རྟ་དམར་ཤང༌། ཕུ་མ། གཡེར་པ། དཔའ་དཔང༌།སྒང་ཡག དཔེ་ཡག དབང་པོ་སྟིང༌། མཁེ་ལོ་སྡོང༌། མཁའ་སོང་མདོ། སྔོ་ནག གྲུབ་ཆེན། སྔོ་ཀྲི། མ་ནི་དཀར་མགོ་ གཡུ་ལུང༌། མཚོ་ལྔ། གྲོང་བཀྲ་ཁེ། རབ་དགུ་སྟོད། དབོ་སྒང༌། བསྔོ་ཐོག ཉ་མགོན། ལ་ཐོག སྔ་ཤུལ། རྟ་མགོ་ ཡ་སྟིང༌། སོག་པ་བཅས་ཡིན། རྫོང་ཁག་འདི་སྤྱི་ལོ་༡༩༡༤ལོར་གསར་འཛུགས་བྱས། ཐེངས་ལྔ་པའི་མི་འབོར་ཞིབ་བཤེར་གྱི་གྲངས་འབོར་ལྟར་ན། རྫོང་ཡོངས་ལ་མི་གྲངས་བསྡོམས་༦༣༩༨༩ཡོད་པ་རེད། དགོན་ཆེན་གྲོང་རྡལ་ལ༌༧༣༡༨། རྟ་དམར་ཤང༌༡༧༨༤། ཕུ་མ༡༨༨༢། ཡོ་པ༡༦༧༧། དཔའ་དཔང༌༢༢༩༧། མགོན་ཡག༣༤༩༢ དཔེ་ཡག༡༩༨༢ དབང་པོ་སྟིང༌༡༩༩༢། མཁེ་ལོ་སྡོང༌༣༣༥༧། མཁའ་སོང་མདོ༡༠༤༡། སྔོ་ནག༡༢༥༠ གྲུབ་ཆེན༤༥༠༥། སྔོ་ཀྲི༢༨༠༩། མ་ནེ་དཀར་མགོ༢༥༤༤་ གཡུ་ལུང༌༡༧༨༥། མཚོ་ལྔ༡༥༩༦། གྲོང་བཀྲ་ཁེ༣༨༩༨། རབ་དགུ་སྟོད༡༧༥༧། དབོ་སྒང༡༦༢༡༌། བསྔོ་ཐོག༢༧༦༠ ཉན་མགོ་༢༧༣༨ ལ་ཐོག༢༧༡༢ སྔ་ཤུལ༢༠༦༩། རྟ་མགོ་༡༧༤༡ ཡ་སྟིང༢༡༢༨། སོག་པ༡༢༥༤། བསྡོམ་པས ༦༣༩༨༩ ཡོད་པ་རེད། རྫོང་འདིའི་ནང་ཏྲེ་བོའི་ཁོངས་ཡིན་པའི་ཤང་ཁག་གཉིས་ཡོད། ལྔ་པ། རྟའུ་རྫོང་ནི། བོད་དཀར་མཛེས་ཁུལ་གྱི་ཤར་རྒྱུད་དང་མི་ཉག་ཁུལ་གྱི་ལྷོ་རྒྱུད་ཟི་ཁྲོན་ནུབ་ཕྱོགས་ཁུལ་དུ་ཆགས་ཡོད་པ་རེད། རྫོང་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་༧༠༥༣ཡོད། མི་འབོར་ཁྲི་ལྔ་སྟེ། ༥༠༠༠༠། (༢༠༠༤ལོར། ) རྫོང་མི་དམངས་སྲིད་གཞུང་ནི་རྟ་འུ་(ཤེན་ཧྲུའུ་)གྲོང་རྡལ་དུ་ཆགས་ཡོད་པ་རེད། སྦྲག་སྲིད་ཨང༌། ༦༢༦༤༠༠། ཨང་ཚབ། ༥༡༣༣༢། ས་ཁུལ་ཨང༌། ༠༨༣༦། རྟའུ་རྫོང་ཁོངས་སུ་གྲོང་རྡལ་གཉིས་དང་ཤང་ཁག་༢༠ཡོད། གྲོང་རྡལ་གཉིས་ནི་རྟ་འུ་(ཤེན་ཧྲུའུ)་གྲོང་རྡལ་དང༌། དཔའ་སྨེ་གྲོང་རྡལ་གཉིས་ཡིན་ལ། ཤང་ཁག་ཉི་ཤུ་ནི་དགེ་གཤིས་ཤང༌། དམར་རྩེ། ཁང་སེར། དགེ་མཁའ། ཡ་གྲོ། གྲོང་ཉི། ཧོང་སྡིང༌། བཀྲ་ཐོག བཤའ་ཐོག ཝ་རེ། མུ་རུ། རྒྱ་སེར་ཁང༌། དཀྱ་རྫོང༌། འཆི་མེད། དབྱེ་ངན། དབེ་མཐའ། ལུང་བསྟན། ཤེད་སྡེ། སེར་ཁ། ཧྲ་གྲོང༌བཅས་ཡིན། རྫོང་འདི་༡༩༡༢ལོར་གསར་དུ་བཙུགས། ཐེངས་ལྔ་པའི་མི་འབོར་ཞིབ་བཤེར་ལྟར་ན། རྫོང་ཡོངས་སུ་མི་འབོར་༤༤༨༤༨ཡོད་པའི་ནང་ཤང་དང་གྲོང་རྡལ་ཁག་ཏུ་མི་གྲངས་གཤམ་གསལ། ཤེན་ཧྲུའུ་གྲོང་རྡལ༧༩༨༦། དཔའ་སྨད་གྲོང་རྡལ༤༥༦༦། དགེ་བཤེས་ཤང༌༢༦༧༦། མ་ཟུར༣༤༩༦། ཁང་སར༢༤༡༠། དགེ་མཁའ༢༡༡༤། ཡ་གྲོ༡༦༡༥། གྲོང་ཉི༡༠༣༢། ཧོང་སྡིང༌༨༡༥། བཀྲ་ཐོག༡༡༧༨ བཤའ་ཐོག༩༨༡ ཝ་རེ༡༤༧༨། མུ་རུ༡༡༠༩། རྒྱ་སེར་ཁང༡༧༤༡༌། དཀྱ་རྫོང༧༠༧། འཆི་མེད༡༤༨༣། དབྱེ་ངན༡༦༤༦། དབེ་མཐའ༡༢༤༩། ལུང་བསྟན༡༥༩༠།བཤེར་སྡེ་ཤང་༢༡༦༧ ། སེར་ཁ་༡༩༦༩། ཧྲ་གྲོང་༨༤༠བཅས་ཡོད། ཁྱོན་བསྡོམས་ ༤༤༨༤༨ བཅས་ཡོད་པ་རེད། དེས་ན་འདིར་ཏྲེ་བོ་ཁམས་པའི་ཞི་བའི་འོས་ལངས་ཀྱི་ས་ཚིགས་དང་ཐ་སྙད་ཀྱི་གཞི་འཛིན་ས་གཙོ་བོ་ནི་དེང་སང་བེད་སྤྱོད་གཏོང་བཞིན་པའི་མིང་དང༌། ས་ཚུགས་ཀྱི་ཐོག་ནས་ཞུ་ན་ཉན་མཁན་ལ་གོ་བདེ་བ་དང་འབྲི་མཁན་ལ་དབྱེ་ཞིབ་བདེ་བས། དེང་ལུགས་རྩ་འཛིན་བྱས་ནས་འབྲི་རྒྱུ་ཡིན། རྫོང་སོ་སོའི་མིང་དང་ས་ཁྱོན་དང༌། མི་འབོར་སོགས རྫོང་ཁག་ལྔའི་ནང་ཡོད་ཚད་ལོ་རྒྱུས་ཐོག་གི་ཏྲེ་བོའི་ས་ཁུལ་ཡིན་པས་ངེས་པ་མེད་ལ། རྫོང་ཁག་ལྔ་པོ་འདིའི་ནང་མེད་ན་ཏྲེ་བོའི་མི་ཁོངས་མིན་པའི་ངེས་པའང་དེ་བས་མེད། མི་ཐོགས་མི་ཡིས་བརྗེས་པའི་མཇུག་སྣེ་ནས༎ ཤིང་ཐོགས་ལོ་མས་བརྗེས་པའི་དུས་འགྱུར་སྣེ༎ ཕ་ཐོགས་བུ་ཡིས་འཛིན་པའི་ཏྲེ་བོ་འདི༎ སྐྱིད་སྡུག་འཕོ་འགྱུར་གཡོ་བའི་ལོ་རྒྱུས་རིང༌༎


(༢)ཏྲེ་བོའི་ཁུལ་དུ་ཞི་བའི་འོས་ལངས་ཀྱི་སྤྱི་བསྡོམས།

ལོ་རྒྱུས་ཐོག་ཏྲེ་བོའི་ཕ་རྩ་བུ་རྒྱུད་ཀྱི་རིང་ལ་དགྲ་བོ་ལ་ཁ་བཏད་བཅལ་རབས་ཡོངས་རྫོགས་གཅིག་གཅིག་གཉིས་གཉིས་བྱས་ནས་འབྲི་བ་སྐབས་སུ་མ་བབས་པས་བསྐྱུར་ལ། དུས་འགྱུར་བྱུང་བ་ནས་རང་ཁོངས་ཏྲེ་བོའི་ཁུལ་དང་མདོ་དབུས་གང་ས་ནས་བསྟན་སྲུང་དྭངས་བླངས་དམག་གི་གྲས་ལ་འཛུལ་ནས་རྒྱལ་སྲུང་དགྲ་འཐབ་ཇི་ལྟར་བྱས་པའི་ལོ་རྒྱུས་འགངས་ཆེ་བ་དེ་རིགས་ཀྱང་ཐེངས་འདིར་ཟུར་འཇོག་གིས་འདིར་སྐབས་སུ་བབ་པ་གཙོ་བོ་ས་བྱིའི་ཞི་རྒོལ་ནས་འགོ་འཛུགས་བྱས་ཏེ་མདོ་ཁམས་ཏྲེ་བོ་ཁུལ་ཀྱི་ཞི་བའི་འོས་ལངས་ཐེངས་ག་ཚོད་བྱས་པ་དང༌། དེ་དག་ནང་ཞུགས་པའི་མི་གྲངས། དགྲ་བོའི་མཚོན་ཆ་དང༌། ཉེས་རྡུང་འོག་འདས་གྲོངས་སོང་རིགས་ཀྱི་གྲངས་ཁ། དུས་བཀག་བཙོན་འཇུག་དང་རྡུང་བརྡེབས། བཀག་ཉར་དང་རྗེས་བཅད། དེ་བཞིན་དགོན་སྡེ་ཁག་གི་གྲྭ་བཙུན་དང་གཞིས་གྲོང་ཁག་གི་མི་དམངས་ལ་དོན་མེད་གནོན་བཙིར་མི་སྤྱོད་ལས་འདས་པ་ཇི་ལྟར་བྱས་རིགས་བཅས་ཀྱི་ངོ་སྤྲོད་ཕྱོགས་བསྡོམས་ཙམ་བཀོད་ན། ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡ རྒྱ་ནག་དམག་འཛུགས་དུས་ཆེན་མཛད་སྒོའི་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དྲུང་ཆེ་ལི་ཁྲང་ཕིང་གིས་ལས་འགུལ་སྔ་ཕྱི་བསྡོམས་པའི་ ༥༠ ལྷག་བྱུང་ཡོད་ལུགས་ཀྱི་བསྒྲགས་གཏམ་སྤེལ་ཡོད། དེ་ནི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་ཟླ་ ༧ ཚེས་ ༣ བར་གྱི་དོན་སྐྱོན་ཕྱོགས་བསྡོམས་བྱས་པའི་བསྒྲགས་གཏམ་ཞིག་རེད། ཟླ་བ་ ༣ རིང༌། དཀར་མཛེས་ཁུལ་དུ་གང་ས་ནས་ཞི་བའི་འོས་ལངས་ཐེངས་ ༡༥༠ ལྷག་སྤེལ་ཡོད་པ་རེད། ང་ཚོས་འདི་ནས་དཔང་རྟགས་དང་ར་འཕྲོད་གསལ་པོ་ལྡན་པའི་ཐོག་ནས་ཐག་གཅོད་ཐུབ་པ། ཕྱི་ཟླ་ ༣ ཚེས་ ༡༠ ནས་ ༢༠༠༩།༦།༡༥་བར་ཞི་བའི་འོས་ལངས་ཀྱི་གྲངས་༢༣༧་ ་་་་་་་་་་་་་་་་་་་་་་་ལྷག་བྱུང་ཡོད། འོས་ལངས་དེ་དག་གི་ནང་མི་འབོར་མང་སྐབས་སྟོང་ཚོ་གསུམ་བརྒལ་བ་དང༌། ཉུང་སྐབས་མི་གྲངས་གཅིག་བཅས་པ་ཡང་བྱུང་ཡོད། དུས་སྐབས་དེ་དག་གི་ནང་ར་འཕྲོད་གསལ་པོ་བྱུང་བའི་རྒྱ་མིས་ལྐོག་བསད་དང་རྡུང་བསད། དངོས་བསད་བསྡོམས་པས་མི་གྲངས་ ༢༥ བྱུང་ཡོད། དུས་བཀག་བཙོན་འཇུག་བྱས་པ་ར་འཕྲོད་དཔང་རྟགས་ཡོད་རིགས་བསྡོམས་པས༡༣༧ བྱུང་ཡོད། ད་ལྟར་ཁྲིམས་ཆོད་དུས་བཀག་བཙོན་དུ་ཡོད་པ་ ༡༢༣ དེ་མིན་རྡུང་བརྡེབས་ཕོག་ནས་རིག་འཚོ་མི་ཟིན་པ་དང༌། དུས་བཀག་ཁྲིམས་ཆོད་མ་ཡིན་པར་གློར་བུར་འཛིན་བཟུང་ཐེབས་པ་ ༨༢༠་ ལྷག དབང་པོ་སྐྱོན་ཅན་བྱས་པ་ཡང་བརྒྱ་ཕྲག་ལྷག་བྱུང་ཡོད། གཞན་ཉེས་རྡུང་རག་པ་ནི་སྟོང་ཕྲག་བརྒལ་ཞིང་། དེ་རིགས་ས་ཁུལ་སྲིད་གཞུང་གིས་བཀོད་ཁྱབ་ཙམ་མ་ཡིན་པར། རྒྱ་ནག་དབུས་གཞུང་གིས་བཀོད་ཁྱབ་བརྒྱུད་སི་ཁྲོན་ཞིང་ཆེན་རང་ནས་འཆར་གཞི་ལྡན་པའི་དྲག་ལས་བྱས་པ། རྒྱ་ནག་གཞུང་གིས་བཏོན་པའི་གསར་འགྱུར་དང་དྲྭ་ལམ་ཁག་དུ་མ་ནས་ར་འཕྲོད་གསལ་པོ་ཐུབ་པ་ཞིག་རེད། ད་བར་ཉེས་ཡོལ་དང༌། ག་སོང་ཆ་མེད་མེད་ཆགས་པའང་ཉུང་ཉུང་མིན། འོས་ལངས་ནང་ཞུགས་མཁན་ཁག་གཅིག་རྒྱ་དམར་གྱི་གསར་འགྱུར་དང་དྲྭ་རྒྱ་སོགས་རྒྱུད་ལམ་ཁག་གང་ས་ནས་སུ་ཞིག་གིས་རྩིས་སྤྲོད་བྱེད་ན་རྒྱ་སྒོར་ཁྲི་ཕྲག་གི་བྱ་དགའ་སྟེར་རྒྱུའི་སྒྲག་གཏམ་སྤེལ་བ་དཔེར་ན། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༧ ཉིན་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱི་༢༠༠༨འཇུ་བཟུང་བཀའ་རྒྱ་ཨང་དང་པོ། ཞེས་པ་ཞིག་བཀྲམ་ནས་རྫོང་ཁག་སོ་སོའི་སྤྱི་བདེ་ཅུས་དང་སྤྱི་བདེ་ཡན་ལག་ཅུས། ཤང་དང་གྲོང་རྡལ་སོ་སོའི་སྤྱི་བདེ་མངགས་གཏོང་ཁང༌། ༢༠༠༨ ཕྱི་ཟླ་ ༣ པ་ནས་བཟུང༌། མི་རིགས་ཁ་བྲལ་གཏོང་མཁན་ཆེས་ཉུང་ཤས་ཤིག་གིས་བོད་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་དོན་རྐྱེན་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན། ཆབ་སྲིད་བརྟན་བརླིང་ལ་ཤུགས་རྐྱེན་ཚབས་ཆེན། སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་བཟོས་པ་རེད། ཞིབ་བཤེར་བྱས་པར་བརྒྱུད། ཚེ་རིང་ནད་མེད་སོགས་མི་ ༣༦ ལ་ནག་ཉེས་བསགས་པའི་དོགས་གཞི་ཡོད་ཅིང༌། ད་ལྟར་མི་༣༦ དེ་བྲོས་བྱོལ་བྱེད་བཞིན་ཡོད་པ་རེད། འཛིན་བཟུང་བཀའ་རྒྱ་དེ་ས་གནས་སོ་སོའི་སྤྱི་བདེ་ལས་བྱེད་པའི་ལག་ཏུ་འབྱོར་རྗེས། དུས་ཐོག་ཏུ་འཇུ་བཟུང་བྱ་རྒྱུའི་ལས་ཀ་བཀོད་སྒྲིག་བྱས་པ་དང༌། དོགས་ཡོད་ཉེས་ཅན་མཐོང་ཚེ་དེ་མ་ཐག་ཏུ་བཀག་ཉར་བྱེད་དགོས། ཁུངས་སྣེ་རྙེད་མཁན་གྱི་ཐེར་འདོན་གོང་ཞུ་བྱེད་མཁན་དང༌། འཇུ་བཟུང་བྱེད་པར་བྱས་རྗེས་ཡོད་མཁན་གྱི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་ངེས་ཅན་ཞིག་སྟེར་རྒྱུ་ཡིན། རང་འགུལ་གྱིས་རང་ཉེས་རང་ཞུ་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་ལ་བཅའ་ཁྲིམས་ལྟར་ཐག་གཅོད་གུ་ཡངས་བྱ་རྒྱུ་ཡིན། ཞེས་བཀོད་ཡོད་པ་རེད། བརྡ་ཁྱབ་བཀའ་རྒྱ་དེའི་འབྲེལ་བ་བྱེད་ཡུལ་དཀར་མཛེས་ཁུལ་སྤྱི་བདེ་ཅུས་དང༌། དཀར་མཛེས་རྫོང་སྤྱི་བདེ་ཅུས། གསེར་རྟ་རྫོང་སྤྱི་བདེ་ཅུས། བྲག་མགོ་རྫོང་སྤྱི་བདེ་ཅུས་བཅས་ཀྱི་ཁ་པར་ཨང་གྲངས་སོགས་བཀོད་པའི་འཛིན་བཟུང་བཀའ་རྒྱའི་ནང་གསལ། དཀར་མཛེས་ནས་ཡིན་པ་མི་གྲངས་ ༥ དང༌། ལྕོག་རི་ནས་ཡིན་པ་མི་གྲངས་ ༤ བཅས་ཀྱི་པར་དང་གཟུགས་ཀྱི་དབྱིབས་སོགས་ཀྱང་གསལ་པོ་བཀོད་དེ་ས་གནས་གང་སར་ཁྱབ་བསྒྲགས་ཀྱིས་འགྲེམས་སྤེལ་བྱས་ཡོད་པ ་རེད། མི་སྤྱོད་ལས་འདས་པའི་གནོན་ཤུགས་དེ་འདྲའི་འོག་ནས་རང་ཡུལ་ལ་སྡོད་ཐབས་བྲལ་ཏེ་ཉིན་གབ་མཚན་འགྲོས་དང༌། ཟས་བཅད་གཉིད་བཅག་གིས་བཙན་བྱོལ་དུ་ཡོང་མཁན་མང་པོ་ཞིག་བལ་ཡུལ་དང་རྒྱ་གར། ཡོབ་རོབ་ཁག ཀོ་པོ་ཊ་སོགས་རྒྱལ་ཁབ་མང་པོའི་ནང་དུ་ཡོང་མཁན་ ༡༠༠ མ་ཟིན་ཙམ་སླེབས། དེ་དག་གི་ནང་ནས་རྒྱ་དམག་གི་མེ་མདའ་བཞུས་པའི་རྨ་ཤུལ་དང༌། ཡན་ལག་ཉམས་ཉེས་སོང་བའི་དཔང་རྟགས་བསུབས་ཐབས་མེད་པ་བསྟན་ཆོག་ཆོག་ཏུ་ཡོད་པའང་ཉུང་ཉུང་མིན། དྲང་བདེན་མ་ཡིན་པའི་གནོན་བཙིར་ཇི་ཙམ་བྱས་པ་དེ་ཙམ་གྱིས་མ་ཚིམས་པར། ཞི་བའི་འོས་ལངས་བྱེད་མཁན་རྒྱ་ཆེ་སེར་སྐྱ་མི་དམངས་ཚོར། འོས་བབས་མེད་པའི་ཉེས་བརྡ་དང་དྲག་སྤྱོད་ཀྱི་འཇིགས་སྐུལ་རབ་དང་རིམ་པར་བྱས་ཡོད། དཔེར་ན། དཀར་མཛེས་མི་མང་སྲིད་གཞུང་གིས་ ༢༠༠༨ ཟླ་ ༧ ཚེས་ ༢༡ ཉིན་སྤེལ་བའི་དཀར་མཛེས་མི་མང་སྲིད་གཞུང་གི་བསྒྲགས་གཏམ་ཞེས་པ་དེའི་ནང༌། ཟིང་ཆ་བསླངས་པའི་དགོན་པ་དང་གྲྭ་བཙུན་ལ་ཐག་གཅོད་ནན་པོ་བྱ་རྒྱུའི་སྐོར་གྱི་གཏན་འབེབས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བཀའ།

                                                                           ཨང་གཉིས་པ། 
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཟིང་ཆ་བསླངས་པའི་དགོན་པ་དང་གྲྭ་བཙུན་ལ་ཐག་གཅོད་ནན་པོ་བྱ་རྒྱུའི་སྐོར་གྱི་གཏན་འབེབས༽དེ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཡུ་ལྷན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམས་བྱུང་ནས་ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན། ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་དགོས། 
                              ཁུལ་དཔོན། ལི་ཁྲང་ཕིང་ནས། ༢༠༠༨ལོའི་ཟླ་༦ཚེས་༢༨ཉིན། 

སྤྱི་ ཚོགས་བརྟན་བརླིང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྲོལ། མི་དམངས་མང་ཚོགས་ ཀྱི་རྩ་བའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་ཆེད། སེམས་ཐག་གཙང་བཅད་ཀྱིས་དགོན་པའི་གྲྭ་བཙུན་གྱིས་ལོག་སྤྱོད་ཀྱི་ཁ་གཡང་འབོད་པ་དང་ལོག་སྤྱོད་ཀྱི་བསྒྲགས་ ཡིག་འགྲེམ་སྤེལ། “གངས་སེང་དར་ཆ་”སྒྲེང་ བ་དང་འགྲེལ་བ། ཁྲིམས་འགལ་རྔམ་སྟོན་ཁྲོམ་སྐོར་སོགས་མི་རིགས་ཁ་བྲལ་ལ་ངན་སྐུལ་བྱེད་པའི་ཁྲིམས་འགལ་གྱི་བྱེད་སྒོའི་ནང་ཞུགས་མཁན་ལ་ཐག་གཅོད་བྱ་རྒྱུའི་གཏན་འབེབས་བྱས་པ་གཤམ་གསལ།

དང་པོ། ཟིང་ཆ་བསླངས་མཁན་གྱི་གྲྭ་བཙུན་ལ་ཐག་གཅོད་ནན་པོ་བྱ་རྒྱུའི་སྐོར།

(གཅིག)ཉེས་པ་ཆུང་ཙམ་དང་ནོར་འཁྲུལ་ངོས་ལེན་གྱི་རྣམ་འགྱུར་ཡག་ཙམ་ཡིན་པ། ཁས་ལེན་ཞུ་ཡིག་ བཞག་མཁན་བཅས་ཀྱི་གྲྭ་བཙུན་ཡིན་ན། དེ་ཁྱིམ་བདག་གིས་འགན་ལེན་བྱས་པར་མ་ཟད་ཁྱིམ་ནང་ཁྲིད་ནས་དོ་དམ་དང་སློབ་གསོ་ནན་པོ་བྱེད་བཅུག་པ། (གཉིས)ཉེས་པ་ཅུང་ཚབས་ཆེན་ཡིན་ཞིང་ནོར་འཁྲུལ་ངོས་ལེན་གྱི་རྣམ་འགྱུར་ཡག་པའི་གྲྭ་བཙུན་ ཡིན་ན། དེ་ལ་སློབ་གསོ་ནན་པོ་བྱས་ནས། ལྷག་བསམ་རྣམ་དག་གི་འགྱོད་བཤགས་བྱེད་པ་ དང་རང་འགུལ་གྱིས་གནད་དོན་བཤད་པ། ཁས་ལེན་ཞུ་ཡིག་བཞག་པ་བཅས་མ་བྱས་སྔོན་ལ་གཅིག་བསྡུས་ཀྱི་དོ་དམ་དང་ཚོད་འཛིན། སློབ་གསོ་བཅས་བྱ་རྒྱུ་ཡིན།

(གསུམ།)ཉེས་པ་ཚབས་ཆེན་ཡིན་ཞིང་། རྣམ་འགྱུར་ངན་རེངས་ཡིན་པའི་གྲྭ་བཙུན་ལ་བསླབ་བྱ་གཏོང་བའི་ཁ་བརྡ་ནན་པོ་བྱེད་པ་དང་། ཐ་ཚིག་སྒྲོག་པ། ཆོས་ལུགས་ལས་སྒྲུབ་ཀྱི་ཐོབ་ཐང་ མེད་པ་བཟོས་ནས་དགོན་པའི་ཕྱིར་འབུད་པ། གཅིག་བསྡུས་ཀྱིས་དོ་དམ་དང་ཚོད་ འཛིན། སློབ་གསོ་བཅས་བྱ་རྒྱ་ཡིན།

(བཞི)ཁ་བྲལ་དང་ཟིང་ཆ་སློང་བའི་སྤྱོད་ངན་ལ་ངན་སྐུལ་བྱེད་མཁན་གྱི་ལྐོག་ཇུས་འགོད་པ་ དང་། སྒྲིག་འཛུགས། སྣེ་ཁྲིད་ནས་ཟིང་ཆ་སློང་མཁན་བཅས་ཀྱི་གྲྭ་བཙུན་ལ་བཅའ་ཁྲིམས་ལྟར་ཉེས་ཆད་དྲག་པོ་བཅད་པ་ཕུད། ཆོས་ལུགས་ལས་སྒྲུབ་པའི་ཐོབ་ཐང་མེད་པ་བཟོས་པ་དང་། དགོན་པའི་ཕྱིར་བུད་ནས་ཕྱིན་ཆད་ཆོས་ལུགས་ལས་སྒྲུབ་པའི་ཐོབ་ཐང་སྤྱད་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་སྒྲུབ་མི་ཆོགཆོས་ལུགས་ལས་སྒྲུབ་པའི་ཐོབ་ཐང་མེད་པ་བཟོས་པ་དང་དགོན་པའི་ཕྱིར་བུད་པའི་གྲྭ་བཙུན་དེ་དགོན་པ་གང་ཞིག་གིས་ཀྱང་བསྡུ་མི་ཆོག དེ་བསྡུས་ན་དགོན་པ་དེའི་དོ་དམ་ཨུ་ལྷན་གྱི་འགན་ཁུར་པ་དེ་ཁ་བྲལ་དང་ཟིང་ཆ་སློང་མཁན་ལ་རྒྱབ་སྐྱོར་དང་སྲུང་འགེབས་བྱེད་མཁན་དུ་བརྩིས་ ནས་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན། གཉིས་པ། ཟིང་ཆ་བསླངས་པའི་དགོན་པར་ཐག་གཅོད་ནན་པོ་བྱ་རྒྱུའི་སྐོར། (ལྔ།)ཟིང་ ཆ་བསླངས་པའི་སྤྱོད་ངན་ནང་ཞུགས་མཁན་གྲྭ་བཙུན་གྱི་མི་གྲངས་བརྒྱ་ཆ་༡༠དང་༣༠ཡི་ཐོག་སླེབས་པའི་དགོན་པ་དེར་བཀག་སྡོམ་ཚོད་འཛིན་བྱེད་པས་མ་ཟད་སྔོན་བཤེར་བྱེད་པ་དང་། བཅའ་ཁྲིམས་ལྟར་དོགས་ཡོད་ཉེས་ཅན་འཛིན་བཟུང་དང་སྐུང་བའི་བཀག་རྒྱའི་དངོས་རྫས་རྩིས་ལེན། ཆོས་ཕྱོགས་ཀྱི་བྱེད་སྒོ་ཚང་མ་མཚམས་འཇོག་པ། གྲྭ་བཙུན་དགོན་པའི་ཕྱིར་འགྲོ་བར་གཏན་འགོག ཆེད་ལས་ཀྱི་དག་ཐེར་ལེགས་སྒྲིག་གི་ལས་ཀ་བཅས་བྱ་རྒྱུ་ཡིན།

(དྲུག)དགོན་པའི་དོ་དམ་ཨུ་ལྷན་གྱི་གྲུབ་མི་ཐད་ཀར་ཟིང་ཆ་བསླངས་པའི་དོན་རྐྱེན་ནང་ཞུགས་མཁན་དེ་དུས་ཐོག་ཏུ་ལེགས་སྒྲིག་བྱ་རྒྱུ་ཡིན། གནད་དོན་མངོན་གསལ་དོད་པོ་ཡིན་པ་དང་ཡང་ན་གནས་སྐབས་འོས་མི་མེད་པའི་དགོན་པ་ལ་ཡུལ་དེ་གའི་སྲིད་གཞུང་གིས་ཐད་ཀར་མི་སྣ་མངགས་ནས་དོ་དམ་བྱེད་བཅུག་པ། དག་ཐེར་ལེགས་སྒྲིག་བྱེད་པའི་དུས་རིམ་ནང་དགོན་པའི་ནོར་དོན་བསྡམས་བཅད་བྱེད་པ་དང་བདག་གཉེར་གྱི་བྱེད་སྒོ་ཚང་མ་བྱེད་ མཚམས་འཇོག་བཅུག་པ་ཡིན། 
(བདུན།)དག་ཐེར་ལེགས་སྒྲིག་བྱེད་པའི་དུས་རིམ་ནང་ལས་སྒྲུབ་ཚོ་ཆུང་གི་ལས་ཀ་ལ་གཞོགས་འདེགས་མི་བྱེད་པ་དང་། ཐོ་འགོད་དང་པར་མི་རྒྱག་པ། རང་དགར་གྱིས་དགོན་པ་ཕྱིར་འགྲོ་བ། སློབ་གསོ་ཡང་ཡང་བཏང་རུང་ཡོ་བསྲང་མི་བྱེད་པ་བཅས་ཀྱི་གྲྭ་བཙུན་དེ་ཚོ་དགོན་པའི་ཕྱིར་མཐའ་གཅིག་ཏུ་གཙང་འབུད་བྱེད་པ་དང་ཆོས་ལུགས་ལས་སྒྲུབ་མི་སྣའི་ཐོབ་ཐང་མེད་པ་བཟོས་ནས་ཕ་ཡུལ་དུ་མངག་པ་དང་དེའི་ གྲྭ་ཤག་བཤིགས་པ། ཆོས་ལུགས་ལས་དོན་སྡེ་ཁག་ཏུ་བཅའ་ཁྲིམས་ལྟར་ཐོ་འགོད་བྱས་མེད་པ་དང་། ཕྱི་ནས་ཡོང་བའི་ཐོབ་ཐང་གསལ་པོ་མིན་པའི་མི་སྣ། དུས་ཡུན་རིང་པོར་དགོན་པའི་ཕྱིར་འགྲོ་མཁན་གྱི་གྲྭ་བཙུན་བཅས་དེ་མཐའ་གཅིག་ཏུ་དགོན་པའི་ཕྱིར་གཙང་འབུད་བྱེད་པ་དང་གྲྭ་ཤག་བཤིག་པ། དགོན་པར་ཚུར་ལོག་པའི་གྲྭ་བཙུན་གྱིས་ཕྱིར་འགྲོ་དུས་ཀྱི་གནས་ཚུལ་གསལ་པོ་བཤད་མི་ཐུབ་པ་དང་། མེས་རྒྱལ་གཅིག་འགྱུར་ལ་སྲུང་སྐྱོང་དང་མི་རིགས་ཁ་བྲལ་གཏོང་བར་ངོ་རྒོལ་བྱ་རྒྱུའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་སྟོན་མི་ཐུབ་མཁན་དེ་མཐའ་གཅིག་ཏུ་དགོན་པའི་ཕྱིར་གཙང་འབུད་བྱེད་ པ་དང་དེའི་གྲྭ་ཤག་བཤིག་པ། 

(བརྒྱད།)ཟིང་ཆ་བསླངས་པའི་དགོན་པའི་གྲྭ་བཙུན་ལ་ཡང་བསྐྱར་ཐོ་འགོད་བྱེད་པ་དང་། གྲྭ་ཤག་ལ་ གཅིག་འགྱུར་གྱི་སྒོ་གྲངས་འབྲི་བ། ཟིང་ཆ་སློང་བའི་སྤྱོད་ངན་ནང་ཞུགས་པའི་མི་ གྲངས་དང་དགོན་པ་ནས་ཕྱིར་གཙང་འབུད་བྱས་པའི་མི་གྲངས་ལྟར་དགོན་པ་དེའི་གྲྭ་ བཙུན་གྱི་གཏན་འཁེལ་མི་གྲངས་ཉུང་འཕྲི་གཏོང་དགོས། སེམས་ཐག་གཙང་བཅད་ཀྱིས་ཁ་ བྲལ་གྱི་གཏམ་བཤད་པ་དང་། ལྐོག་ཏུ་ཟིང་ཆ་སློང་བར་རོགས་སྐྱོར་བྱེད་པ་དང་ཞུགས་ པ། སློབ་གསོ་དང་དོ་དམ་ལ་བརྩི་སྲུང་གཏན་ནས་མི་བྱེད་པ་བཅས་ཀྱི་གྲྭ་བཙུན་དགོན་པ་ནས་གཙང་འབུད་བྱེད་དགོས།

(དགུ)དག་ཐེར་ལེགས་སྒྲིག་བྱས་རྗེས་ད་རུང་ཡག་ཏུ་མི་གྱུར་པ་དང་། གྲྭ་བཙུན་ཡང་བསྐྱར་ དགོན་པའི་ཕྱིར་འགྲོ་ནས་ཟིང་ཆ་བསླངས་པའི་དགོན་པའི་དོ་དམ་ཨུ་ལྷན་གྱི་འགན་འཁྲི་ལ་རྩད་གཅོད་བྱེད་པ་དང་། གོ་རིམ་ལྟར་བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་མིང་ཐོ་ཐོག་ནས་མེད་པར་བཟོས་ནས་དགོན་པའི་སྒོ་རྒྱག་དགོས། 

གསུམ་པ། དགོན་པའི་དོ་དམ་ཨུ་ལྷན་གྱི་འགན་འཁྲི་ལ་རྩད་གཅོད་ནན་པོ་བྱ་རྒྱུའི་སྐོར། (བཅུ)ཟིང་ཆ་སློང་བའི་དོན་རྐྱེན་ནང་ཐད་ཀར་ཞུགས་མེད་མོད། འོན་ཀྱང་ངོ་བོར་ངོས་འཛིན་གསལ་པོ་བྱེད་མི་ཐུབ་པ་དང་། དོ་དམ་གྱི་འགན་འཁྲི་མི་སྒྲུབ་པ། རྒྱ་ཡན་དུ་བཏང་བ་དང་ ཡང་ན་དོ་དམ་ཡག་པོ་མི་བྱས་པའི་རྐྱེན་ནང་ཞུགས་པ་དང་། དགོན་པ་ཕྱིར་འགྲོ་ནས་ཟིང་ཆ་བསླངས་པའི་གྲྭ་བཙུན་ལ་དོ་དམ་དང་འདྲི་རྩད་མི་ བྱས་པ་བཅས་ཀྱི་དགོན་པའི་དོ་དམ་ཨུ་ལྷན་གྱི་གྲྭ་མི་དང་། སྤྲུལ་སྐུ། མཁན་པོ། དགེ་བཤེས་སོགས་ལ་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བྱས་ཐོག་ཁོ་ཚོར་སྐྱོན་ ཞིབ་ཟབ་མོ་བྱེད་བཅུག་དགོས། (བཅུ་གཅིག)རྣམ་འགྱུར་གསལ་ལ་མི་གསལ་དང་། མགོ་གཉིས་མ་བྱེད་མཁན་གྱི་དགོན་པའི་དོ་དམ་ཨུ་ལྷན་ གྱི་གྲུབ་མི་དང་། སྤྲུལ་སྐུ། མཁན་པོ། དགེ་བཤེས་བཅས་ལ་ཐ་ཚིག་སྒྲོག་པས་མ་ཟད། ད་དུང་གྲྭ་བཙུན་གྱི་ཚོགས་ཆེན་ ཐོག་སྐྱོན་ཞིབ་ཟབ་མོ་བྱེད་བཅུག་པ་དང་། ཡིག་ཐོག་ནས་ཁས་ལེན་བཅུག་པར་མ་ཟད་ཁས་ལེན་དང་སྐྱོན་ཞིབ་བྱས་ཚུལ་དེ་གསར་འགྱུར་དང་བརྙན་འཕྲིན་གྱི་ཐོག་ཡང་ཡང་གཏོང་རྒྱུ་ཡིན། (བཅུ་གཉིས)གནས་ཚུལ་ལྐོག་ཞུ་དང་། ཕྱི་རྒྱལ་གྱི་ཁ་བྲལ་གཏོང་མཁན་དང་ངན་འབྲེལ། ཟིང་ཆ་སློང་བར་ རོགས་སྐྱོར་དང་ལང་ཤོར་དུ་གཏོང་བ། ངན་སྐུལ་བཅས་བྱེད་མཁན་གྱི་དགོན་པའི་དོ་དམ་ཨུ་ལྷན་གྱི་གྲུབ་མི་དང་། སྤྲུལ་སྐུ། མཁན་པོ། དགེ་བཤེས་བཅས་ལ་བཅའ་ཁྲིམས་གཅོད་ནན་པོ་བྱེད་པ་དང་། ཁྲིམས་བཀོད་གོ་རིམ་ལྟར་གྲུབ་མི་དེ་ཚོའི་རིམ་པ་ཁག་ གི་དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས། ནང་བསྟན་མཐུན་ཚོགས་བཅས་ནང་གི་ཆབ་ སྲིད་ཀྱི་ཐོབ་ཐང་མེད་པ་བཟོ་བ་དང་། རིགས་སྣ་ཚོགས་ཀྱི་ལས་སྒྲུབ་ཀྱི་ཁ་གསབ་སྤྲོད་མཚམས་འཇོག་དགོས། དེ་ཚོས་ཆོས་ ལུགས་ལས་སྒྲུབ་མི་སྣའི་ཐོང་ཐང་སྤྱད་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་ མི་ཆོག སྤྲུལ་སྐུ་ཡིན་ན་གོ་རིམ་ལྟར་སྤྲུལ་སྐུའི་རྒྱུན་འཛིན་ཐོབ་ཐང་མེད་པ་ བཟོ་བ་དང་ཆབས་ཅིག སྤྲུལ་སྐུ་དེས་དོ་དམ་བྱེད་རིམ་གྱི་དགོན་པའི་ནོར་དོན་དང་བདག་གཉེར་བྱས་པའི་ནོར་དོན་ལ་བསྡམས་བཅད་བྱས་ནས་རྩིས་བཤེར་བྱས་ཏེ་བཅའ་ཁྲིམས་ ལྟར་དགོན་པའི་རྒྱུ་ནོར་ཧམ་ཟ་དང་། གཏན་འབེབས་དང་འགལ་ནས་བདག་གཉེར་བྱེད་པ་ སོགས་ཀྱི་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་མ་ཟད། ད་དུང་ཁུལ་ནང་གི་གསར་འགྱུར་དང་བརྙན་འཕྲིན་ཐོག་སྤྱི་བསྒྲགས་བྱ་རྒྱུ་ཡིན། ཞེས་འཁོད་ཡོད་པ་རེད། ད་དུང་དཀར་མཛེས་ཁུལ་གྱི་དམར་ཤོག་སྤྱི་ཁྱབ་ལོའུ་ཏའོ་ཕུན་ཟེར་བས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༤ རྗེས་ཀྱི་ཚོགས་འདུ་ཞིག་གི་སྟེང་། རྫོང་ཁག་བཅོ་བརྒྱད་ཀྱི་དམར་ཤོག་སྤྱི་ཁྱབ་རྣམས་ལ་༼བྱེད་མི་དགོས་པ་གསུམ་༽ ཞེས་ བོད་རང་བཙན་པ་བསད་ན། རྩད་ཞིབ་བྱེད་མི་དགོས་པ། ཚབ་འཇལ་མི་དགོས་པ། དགོངས་དག་ཞུ་མི་དགོས་ ཞེས་པའི་འགན་དབང་སྤྲད་དེ་རྫོང་རིམ་པ་དང་པོའི་ལས་བྱེད་རྣམས་ལ་མེ་མདའ་ཆུང་ཆུང་རེ་སྤྲད་ཡོད་རེད། དཀར་མཛེས་རྫོང་གི་དམར་ཤོག་སྤྱི་ཁྱབ་ལའོ་ཚེ་ཁོན་ཟེར་བ་དེས་སྟོང་འཁོར་སོགས་ཏྲེ་ཧོར་ཁུལ་དུ་བོད་མིར་མི་བསད་མེ་རྒྱག་གི་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་བརྟེན། ཟླ་བ་གཉིས་ལས་མ་འགོར་བར་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ལས་ཁུངས་ཞེས་པའི་ལས་ཁུངས་ཕྱུག་ཤོས་དེའི་འགན་འཛིན་དུ་གནས་སྤར་བྱས་ཡོད་པ་རེད། ༢༠༠༩ ལོའི་ཟླ་ ༥ ཚེས་ ༩ ཉིན་དཀར་མཛེས་ཉིན་རེའི་ཚགས་པར་ཐོག དཀར་མཛེས་ས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱེད་མཁན་དང༌། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན། ཁྲིམས་འགལ་གྱི་གསང་འཕྲིན་མཁོ་འདོན། རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱེད་མཁན་སོགས་ཉེས་བསགས་པ་མི་གྲངས་ ༧༣ འཛིན་བཟུང་བྱས་ཡོད་པ་དང༌། དེའི་ནང་ནས་མི་གྲངས་ ༣༤ ཁྲིམས་ཁང་ལ་ཞུ་གཏུགས་བརྒྱབ་ཡོད། ཅེས་དང༌། ཡང་ཟླ་ ༥ ཚེས་ ༥ ཉིན་དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་འཁོད་པར། དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁ་བྲལ་སྟོབས་ཤུགས་རྡུང་རྡེག་ཚ་ནན་གཏོང་བའི་ནང་རྒྱལ་ཁབ་བདེ་འཇག་ལ་གནོད་སྐྱོན་གཏོང་བའི་གྱོད་གཞི་ཁག ༩ ཁྲིམས་ལྟར་འདྲི་ཞིབ་བྱས་པ་དང༌། ཉེས་ཅན་པ་མི་གྲངས་ ༢༨ ཁྲིམས་ལྟར་ཁྲིམས་ཆད་བཏང་ཡོད་ཅེས་འཁོད་ཡོད་པ་རེད། དེ་ལྟར་རྒྱ་ནག་དབུས་གཞུང་གིས་བོད་མིའི་མངོན་འདོད་དང་གྲངས་ཉུང་མི་རིགས་གི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་རྐྱང་ཐོག རང་དབང་གི་དོན་དུ་དྲང་བདེན་གྱི་ལངས་ཕྱོགས་བཟུང་བའི་རྒྱ་ཆེ་བོད་རིགས་དཔའ་བོ་དཔའ་མོ་ཚོར་རྡུང་བསྲེགས་འཕྲོག་བཅོམ་དང་འཇིགས་སྐུལ་པ་སོགས་གཞི་རྩ་མེད་པའི་ཉེས་མིང་འདྲ་མིན་སྣ་ཚོགས་བཏགས་ནས། དྲང་བདེན་མ་ཡིན་པའི་ཁྲིམས་གཅོད་དང༌། ཡ་ང་སྙིང་རྗེ་མེད་པའི་རྡུང་རྡེབ། མི་སྤྱོད་ལས་འདས་པའི་ཚ་བཅུན་དྲགས་གནོན་ཅི་རིགས་བྱས་ཏེ། ར་བཤའ་སར་ལུག་འདར་དགོས་པའི་འཇིགས་སྐུལ་གྱི་བརྡ་ཁྱབ་ཀྱང་རིམ་པར་སྤེལ་ཡོད་པ་རེད། དྲག་སྤྱོད་མཚོན་ཆའི་ཆར་པ་ཕབ་པའི་གསེབ༎ ཞི་བའི་རུ་ཚོན་འཕྱར་མཚམས་མི་བཞག་པའི༎ ཏྲེ་ཤོད་འཛིན་མའི་དཔའ་བོ་དཔའ་མོ་ཚོའི༎ མཛད་རྗེས་རི་མོ་ནམ་ཡང་ཟུབ་ནུས་མིན༎


(༣)ཏྲེ་བོ་ཁུལ་དུ་ས་ཞིང་མ་རྨོས་པར་རྒྱ་གཞུང་ལ་ཞི་རྒོལ་ཇི་ལྟར་བྱས་པ། ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་རྒྱ་གཞུང་གིས་བོད་མི་དམར་གསོད་བཏང་བ་དང༌། འཛིན་བཟུང་བཙོན་འཇུག མི་སྤྱོད་ལས་འདས་པའི་རྡུང་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་དང་གཏོང་བཞིན་པ་དང༌། བོད་ས་ཡོངས་སུ་རྒྱ་དམག་གིས་ཉིན་རེ་བཞིན་དྲག་གནོན་ཆེ་རུ་གཏོང་བཞིན་པ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཙན་བྱོལ་བོད་གཞུང་མང་རྣམས་མི་ཡུལ་དུ་གྱར་ཡང་གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་མེད་པ་སོགས་ལ་བརྟེན་ནས་གཞིས་བྱེས་བོད་མིའི་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་བོད་ཀྱི་ས་ཁྱོན་གང་སར་རྣམ་པ་འདྲ་མིན་གྱི་ཞི་རྒོལ་སྣ་ཚོགས་གནང་བཞིན་ཡོད་པའི་ཁོངས། མདོ་ཁམས་ཏྲེ་ཧོར་དཀར་མཛེས་ས་གནས་སུའང་བོད་ས་སྟོད་སྨད་སྤྱི་མཚུངས་ལྟར། ཕྱི་ལོ་ ༢༠༠༩ ཟླ་ ༢ པ་ནས་བཟུང་རྫོང་དང༌། ཤང༌། གྲོང་སྡེ་སོ་སོ་བཅས་སུ་ས་ཞིང་འདེབས་ལས་མི་བྱ་རྒྱུའི་སྦྱར་ཡིག་སྦྱར་འགྲེམས་ཤུགས་ཆེ་བྱས་ཡོད་པ་མ་ཟད། ཞིང་ཁ་འདེབས་ལས་ཀྱང་དངོས་སུ་མཚམས་འཇོག་བྱས་ཡོད་པ་རེད། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཡས་མས་ནས་དཀར་མཛེས་རྫོང་དང་རིམ་པ་སོ་སོའི་འབྲེལ་ཡོད་ལས་བྱེད་ནས་དཀར་མཛེས་ཆུ་ཉིན་སྲིབ་ཀྱི་ཤང་ཁག་ཏུ་མི་མང་བསྡུ་བསྐོང་གིས་ཚོགས་ཆེན་ཞིག་འཚོགས་ནས་ས་ཞིང་འདེབས་ལས་མི་བྱ་རྒྱུའི་ཡིག་ཆ་སྦྱར་འགྲེམས་བྱེད་མཁན་དང༌། ས་ཞིང་མི་འདེབས་མཁན་གྱི་ཞིང་བདག་རྣམས་བཙོན་འཇུག་བྱ་རྒྱུ་ཡིན་པ་མ་ཟད། ས་ཞིང་གཞུང་བཞེས་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་སྡིགས་ར་ཡང་བསྐུལ་ཡོད་པ་རེད། དོན་སྐྱོན་འདིའི་འོག་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ནས་འགོ་བཙུགས་ཏེ་དཀར་མཛེས་ལྷོ་པ་ཤང་ནས་ཞིང་པ་འཇུ་བཟུང་གི་མགོ་འཛུགས་བྱས་ཡོད་པ་དང་། རིམ་བཞིན་ས་གནས་གང་ས་ནས་མི་མང་པོ་འཛིན་བཟུང་བྱས་པ་མ་ཟད། འགའ་ཞིག་རི་ལ་བྲོས་དགོས་ཐུག་པ་ཡང་བྱུང་ཡོད་འདུག དཀར་མཛེས་ཉིན་སྲིབ་གཉིས་ལ་ཆ་མཚོན་ན་ཞིང་པ་ཤང་ཁག་ ༡༠ དང་མཉམ་ལས་ ༧༦ ཅིང༌། མཉམ་ལས་རེར་ཆ་སྙོམས་དུད་གྲངས་ ༤༠ ཡས་མས་སུ་ཡོད་པས། དུད་ཚང་བསྡོམས་ན་(༧༦་༤༠=༣༠༤༠)དུང་ཚང་ ༣༠༤༠་ཡོད་པ་རེད། དུད་ཚང་ཆེ་བ་རེར་ས་ཞིང་རྒྱ་ཁྱོན་མུའུ་ ༣༠ ལྷག་ཙམ་དང༌། དུད་ཚང་ཆུང་བ་རེར་ས་ཞིང་རྒྱ་ཁྱོན་མུའུ་ ༢༠ ཙམ་རེ་ཡོད། དུད་ཚང་ཆེ་བ་རེར་ལོ་གཅིག་གི་ཡོང་འབབ་འབྲུ་རིགས་རྒྱ་མ་ ༣༠༠༠༠ རེ་དང༌། ཆུང་བ་རེར་རྒྱ་མ་སྟོང་ ༣༠༠༠ རེ་ཙམ་ཐོན་གྱི་ཡོད་པས་ཆ་སྙོམས་དུད་ཚང་རེར་འབྲུ་རིགས་རྒྱ་མ་ ༧༠༠༠ རེ་བརྩིས། ཁྱོན་བསྡོམས་ལོ་རེར་འབྲུ་རིགས་རྒྱ་མ་(༣༠༤༠་༧༠༠༠=)༢༡༢༨༠༠༠༠ ཙམ་གྱི་ཡོང་སྒོ་ཐོན་གྱི་ཡོད་པ་རེད། འབྲུ་རིགས་ཀྱི་ཐོན་ཁུངས་གཙོ་བོ་གྲོ་ནས་སྲན་གསུམ་ཡིན་ལ། དེའི་ནང་ནས་སུམ་ཆ་གཅིག་སྲན་མ་ཡིན། ལོ་རེར་སྲན་མ་དོས་སྐྱེལ་རླངས་འཁོར་ ༡༢༠ ནས་ ༡༣༠ ཙམ་རྒྱ་ནག་ཕྱོགས་སུ་དབོར་འདྲེན་གྱིས་འགྲེམས་ཚོང་བྱེད་ཀྱི་ཡོད་པ་རེད། འབྲུ་རིགས་ཀྱི་སུམ་ཆ་གཅིག་ནས་དང༌། སུམ་ཆ་གཅིག་གྲོ་ཡིན། སྤྱིར་བོད་ཁམས་ཁུལ་གྱི་འབྲུ་རིགས་ཐོན་བསྐྱེད་ཡག་ཤོག་དཀར་མཛེས་ས་གནས་སུ་ཆགས་ཡོད་པར་བརྟེན་ཁམས་ཁུལ་གྱི་འབྲོག་སྡེ་ཁག་དང༌། ས་གནས་གཞན་བཅས་སུ་འབྲུ་རིགས་དབོར་འདྲེན་བྱ་ཡུལ་དཔེར་ན། སེར་ཤུལ་དང༌། སྡེ་དགེ། ཉག་རོང༌རྫོང་གི་འབྲོག་པའི་ས་ཁུལ། དཔལ་ཡུལ། མཇོ་མདའ། གོ་འཇོ། ཆབ་མདོ་བཅས་སུ་འགྲེམས་ཚོང་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣ ཉིན་སྟོང་འཁོར་ཟླ་རྙི་གཉིས་ཀྱི་གྲོང་སྡེ་ཡོད་ཚད་སོ་ནམ་འདེབས་ལས་མ་བྱས་པར་རྒྱ་དམར་ནས་དམ་བསྒྲགས་ཆེན་པོས་གྲོང་སྡེ་སོ་སོའི་ལས་བྱེད་འགན་ཁུར་བ་རྣམས་འདུ་བསྐོང་གིས་འཆར་ཟླའི་ཚེས་ ནང་ཚུན། ཞིང་ཁ་འདེབས་ལས་མ་བྱས་ཚེ་ས་ཞིང་ཡོད་ཚད་གཞུང་བཞེས་གཏོང་རྒྱུ་ཡིན་པའི་སྡིག་ར་སྐུལ་ན་ཡང༌། སྟོང་སྐོར་ཤང༌ཁག་ ༣ གྱི་གྲོང་སྡེ་ཡོངས་རྫོགས་ཀྱིས་ས་ཞིང་འདེབས་ལས་མ་བྱས་པར་བཞག་འདུག དེ་ག་ནང་བཞིན་རོང་པ་ཚ་ཁུལ་གྱི་ཤང་ཁག་༤ བེ་རི་གསེར་མཁར་ཁུལ་གྱི་གསེར་མཁར་ཤང༌ཁག་༤་སྟེ། དཀར་མཛེས་ཀྱི་ཉེ་འཁོར་དར་རྒྱས་རོང་པ་ཚ་དང༌། བེ་རི་ཆུ་ཉིན་སྲིབ། རྫ་ཁོག་གི་རྫ་བར་སྨད་གཉིས་སུ་ཤང་ ༢་བསྡོམས་པས། དཀར་མཛེས་རྫོང་ཁོངས་ཞིང་པ་ཤང་ཁག་༢༡མ་གྲོས་བསམ་པ་གཅིག་མཐུན་གྱིས་མཐའ་གཅིག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་གསལ་པོ་མཚོན་སླད་ཞིང་ཁ་མི་བཏབ་པའི་ལས་འགུལ་མཉམ་དུ་སྤེལ་འདུག ཧོར་བྲག་མགོ་ཁུལ་དུ་ཞིང་པ་ཚོས་ཞིང་ཁ་མི་རྨོ་བའི་ཞི་བའི་ངོ་རྒོལ་ཤུགས་ཆེར་བྱས་འདུག དེ་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༥ ཉིན་བྲག་མགོ་དགོན་གྱི་གྲྭ་ཕུན་ཚོགས་རབ་བརྟན་གྱིས། ཕྱི་ལོ་ ༢༠༠༨ ལོར་བྲག་མགོ་དགོན་གྱིས་སྣེ་ཁྲིད་དེ། རྒྱ་གཞུང་ལ་ཞི་རྒོལ་བྱས་ནས་ལོ་གཅིག་འཁོར་བའི་ཉིན་མོ་དང་སྟབས་བསྟུན། བྲག་མགོ་ཁུལ་གྱི་ས་གནས་ཞིང་པ་ཚོར། ང་ཚོས་རྒྱ་དམར་ནས་རྐྱེན་འདས་སུ་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང༌། རྒྱ་གཞུང་ལ་ཞི་རྒོལ་ཆེད་ཞིང་ཁ་འདེབས་ལས་མ་བྱེད་རོགས། ཞེས་པའི་འབོད་སྐུལ་གྱི་ཡིག་ཆ་ཞིག་གང་སར་སྦྱར་འགྲེམས་བྱས་པར་ཡུལ་མི་ཚོས་རྒྱབ་སྐྱོར་དང་དགའ་བསུ་ཤུགས་ཆེར་བྱས་འདུག ད་དུང་ཁོང་གིས་མུ་མཐུད་ཉིན་དེའི་ཕྱི་དྲོ་རྒྱས་བཟང་གྲོང་དུ་ཡིག་ཆ་སྦྱར་འགྲེམས་བྱེད་བཞིན་པའི་སྐབས་སུ། རྒྱ་དམར་ཉེན་རྟོག་པས་ཤེས་རྟོགས་ཀྱིས་འཛིན་གྲབས་བྱེད་དུས། ཁོང་སྦག་སྦག་ཞོན་ཏེ་བྲོས་བྱོལ་གྱིས་རྦ་དྭག་ལུང་པའི་རི་སྐེད་སླེབས་མཚམས་ཉེན་རྟོག་པས་རྗེས་ཟིན་ནས། གློག་རྒྱུག་དང་ལྕགས་མདའ་སོགས་ཀྱིས་ཉེས་རྡུང་དྲག་པོ་བཏང་རྗེས་བྲག་ཐོག་ནས་གཡུགས་ཡོད་པ་རེད། སྐུ་ཕུང་གསེར་རྟ་བླ་རུང་ཆོས་སྒར་དུ་ཁྱེར་ནས་དུར་འཇུག་བྱེད་སྐབས་རུས་པ་ཡོངས་རྫོགས་རྡུང་རྡེག་དབང་གིས་བཅག་དཀྲུམས་བྱས་པའི་དཔང་རྟགས་གསལ་པོ་རྙེད་ཡོད་པ་རེད། (འདིའི་པར་རིས་ཟུར་དུ་ཡོད)། འོན་ཀྱང་གནས་ཚུལ་དེ་རིགས་རྒྱ་གཞུང་ལ་འབུ་སྦྲང་སྐད་ཙམ་ཡང་བཤད་ས་ཡོད་པ་མ་རེད། ཡིད་སྐྱོ་བའི་གནས་ཚུལ་དེར་བརྟེན་ནས། བྲག་མགོ་རྫོང་བྲག་མགོ་བའི་ཁོངས་ཡིན་པའི་ཞིང་པ་ཤང་ཁག ༨ ཀྱི་གྲོང་སྡེ་ཡོངས་རྫོགས་ཀྱི་མི་མང་ཚོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ས་ཞིང་མི་རྨོ་རྒྱུའི་ཞི་བའི་ངོ་རྒོལ་ཤུགས་ཆེར་སྤེལ་འདུག ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་འགོ་ནས་ལྕོག་རི་ཁུལ་དུ་ཕྱི་ལོ་ ༢༠༠༨ ལོར་ས་ཁུལ་དེར་ཞི་རྒོལ་བ་མི་དམངས་མང་པོར་འཇུ་བཟུང་དང༌། དམར་གསོད། བཅར་རྡུང་བྱས་པ་སོགས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཞིང་ཁ་མ་བཏབས་པ་དང༌། ལོ་གསར་མི་གཏོང་བ་སོགས་ཀྱི་སྦྱར་ཡིག་བཀྲམ་འདུག ཏྲེ་བོ་ཁོང་གི་ཞིང་པ་ཤང་ཁག ༣་གྱི་གྲོང་སྡེ་གཅིག་ཀྱང་མ་ལུས་པས་ས་ཞིང་འདེབས་ལས་མི་བྱེད་པར་འཇམ་ཐེམ་མེར་བཞག་འདུག ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༨ ཉིན་ཏྲེ་བོ་སྒོག་རྭ་གྲོང་ཚོར་རྒྱ་དམར་ཉེན་རྟོག་པ་དང༌། དམག་མི་རླངས་འཁོར་ཆེ་ཆུང་གྲངས་ ༢༤ ཙམ་འབྱོར་ནས་བཙན་དབང་གིས་ས་ཞིང་འདེབས་ལས་བྱ་དགོས་པའི་གསལ་བསྒྲགས་བྱས་ཡོད་པ་རེད། སྐབས་དེར་མི་དམངས་ཚོས་ང་ཚོས་ལྟོ་གོས་ཙམ་གྱི་ཆེད་མ་ཡིན་པ། ༢༠༠༨ ལོར་ང་ཚོ་དང་ས་འབྲེལ་ཡིན་པའི་སྟོང་འཁོར་གཅིག་པུར་དཔེར་མཚོན་ན། མི་སེར་ ༡༥ ཙམ་དམར་གསོད་དང་ཉེས་རྡུང་གཏོར་བཅོམ། འཇུ་བཟུང་སོགས་བསམ་ཡུལ་ལས་འདས་པ་བྱས་པ་དང༌། མ་ཚད་ྋགོང་ས་མཆོག་གི་སྐུ་པར་འཕྲོག་བསྡུ་བྱས་པའི་གྲངས་འབོར་རྩྭ་རས་དོ་པོ་ ༢༢ ཙམ་མེར་བསྲེགས་བཏང་བ་སོགས་ཆེད་བརྙས་བྱས་ཡོད་ལ། དེ་དང་གཅིག་མཚུངས་ལུང་པ་འདིར། མི་མང་པོ་འཇུ་བཟུང་དང༌། བཙོན་བཅུག རིར་བུད་པ་སོགས་ཀྱིས་རྐྱེན་དུད་ཚང་མང་པོ་ཞིག་ལ་བལྟ་རྟོགས་བྱ་མཁན་དང་སོ་ནམ་འདེབས་ལས་བྱ་མཁན་མེད་པས་ང་ཚོ་སྐྱིད་སྡུག་གཅིག་པར་བརྟེན། ལོ་འདིར་ཞིང་ལས་བྱ་རྒྱུ་མིན་ ཅེས་བཤད་ཡོད་པ་རེད། བླང་བྱ་དེ་དག་མ་ཉན་པས་དྲག་དམག་དང་ཉེན་རྟོག་པ་དེ་ཚོ་ཁོང་ཁྲོ་ཆེན་པོ་ལངས་ནས་གྲོང་མི་མང་པོ་འཇུ་བཟུང་དང་ཉེས་རྡུང་བཏང་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༦ དང་ ༧ ཉིན་རྒྱ་གཞུང་ནས་ཏྲེ་བོ་ལྕོག་རི་ཁུལ་གྱི་ལུང་པ་ཡོངས་རྫོགས་ནས་ཞིང་ཁ་སྡེབ་གཅིག་ཏུ་རྨོ་དགོས་པའི་བཀའ་རྒྱ་བཏང་འདུག་ནའང་དུད་ཚང་གཅིག་གིས་ཀྱང་ཞིང་ཁ་རྨོས་མི་འདུག། ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༨ ཉིན་རྒྱ་ནག་གི་ལས་བྱེད་པའི་ནང་མི་ནས་དང་པོ་ཞིང་ཁ་རྨོ་དགོས་པ་དང༌། གལ་སྲིད་ཞིང་ཁ་མ་རྨོ་ཚེ་ལས་བྱེད་པའི་གླ་ཕོག་བཅག་རྒྱུ་དང༌། གྲོང་སྡེ་སོ་སོའི་ཞིང་ཁ་མ་རྨོས་ཚེ་ཞིང་ཁ་གཞུང་བཞེས་གཏོང་རྒྱུ་ཡིན་ཅེས་སོགས་ཀྱི་སླར་ཡང་བཙན་བཀའ་བཏང་ཡོད་པ་རེད། རྟའུ་རྫོང་དུ་རྟའུ་སྡེ་ཤོག་ཆེན་མོ་ལྔ་ལས་ཁང་གསར་ཡོངས་རྫོགས་དང་། མ་ཟུར་སྡེ་ཤོག་ཕྱེད་ཁས་རྒྱ་གཞུང་ལ་བོད་མི་སྤྱི་དང་ལྷག་པར་དུ་དཀར་མཛེས་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ལས་འགུལ་དེ་ལུས་སྲོག་ལ་མི་ལྟོས་པར་གཟི་བརྗིད་ལྡན་པའི་ངང་སྤེལ་འདུག ལས་འགུལ་དེའི་སྐབས་རྒྱ་དམར་གྱིས་བཙན་སྐུལ་འོག་ཁ་གསར་རྒད་ནད་གྲོང་ཚོར་མི་ཚང་གཅིག་གིས་ཞིང་ཁ་བཏབ་པས་དགུང་མོ་དེ་ག་རང་དུ་ཁོ་ཚང་གི་དྲུད་འཐེན་འཁོར་ལོ་ལ་མེ་བརྒྱབ་ནས་མེ་བསྲེགས་བཏང་འདུག ཡང་ཁ་ར་གྲོང་ཚོར་མི་ཚང་ཞིག་གིས་རྒྱ་མིས་བཙན་དབང་འོག་ཞིང་རྨོས་པས་དགུང་མོ་དེར་ཁང་པའི་ཕྱོགས་བཞི་མཚམས་བརྒྱད་དུ་ཡི་གེ་སྦྱར་ནས་སྡོད་མ་ཚུགས་ན་ཁྱིམ་མི་ཡོངས་རྫོགས་དམར་གསོད་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག་ཟེར། ས་ཞིང་འདེབས་ལས་མི་བྱེད་པའི་ལས་འགུལ་དེ་རྟའུ་ཁུལ་གྱི་གྲོང་སྡེ་རེ་དང་མི་ཚང་རེ་གཉིས་ཙམ་མིན་པར་ཏྲེ་བོ་རྟའུ་ཁོངས་ཀྱི་ཞིང་པ་ཤང་ཁག ༨ ་ཀྱི་གྲོང་སྡེ་ཡོངས་རྫོགས་གཅིག་མཚུངས་ཀྱིས་སྤེལ་འདུག གནས་ཚུལ་དེ་དག་གི་དབང་གིས་ཁང་གསར་དང་མ་ཟུར་སྡེ་ཤོག་གཉིས་སུ་རྒྱ་དམར་ཕོན་ཆེན་ཞིག་འབྱོར་ནས་གནས་ཚུལ་ཞིབ་འཇུག་དང་དྲག་གནོན་ཉེན་བརྡ་ཤུགས་ཆེར་གཏོང་རྒྱུའི་མགོ་འཛུགས་བྱས་འདུག ཡིན་ནའང་ངོ་རྒོལ་བ་ཚོ་ཁ་གཅིག་གྲགས་ཀྱིས་ང་ཚོ་ཞིང་ཁ་མི་རྨོ་བའི་རྒྱུ་མཚན་ནི། རྒྱ་གཞུང་གིས་དྲག་སྤྱོད་དམག་མི་མང་པོ་བོད་ས་གང་སར་བཀྲམས་ནས་ཉེས་མེད་མི་མང་པོ་བསད་ཀྱི་འདུག ང་ཚོ་ཡང་སྔ་ཕྱི་ཙམ་ལས་གསོད་རྒྱུ་གཏན་འཁེལ་འདུག ཞིང་ཁ་བཏབ་ཀྱང་ཟ་མཁན་ལྷག་ས་མ་རེད། ཞིང་རྨོས་ནས་ཅི་ཞིག་བྱེད་དགོས་རེད། ཅེས་བཤད་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༥ ཉིན་ཉག་རོང་རྫོང་ཐང་སྐྱིད་ཤང༌། ཐང་སྐྱ་སྡེ་པ་སོགས་ཀྱི་ཡུལ་མི་རྣམས་ཀྱིས་ཞི་རྒོལ་སྐད་འབོད་བྱས་ཡོད་པ་དང༌། ཁུལ་དེར་ཉེ་སྔོན་ནས་འབྱོར་བའི་རྒྱ་དམག་རླངས་འཁོར་ ༣ ཙམ་དང་ཁུལ་དེའི་སྤྱི་བདེ་དམག་མི་སྣས་དྲག་སྤྱོད་འོག་མེ་མདེའུ་ཕོག་པའི་རྨས་མ་དང་ཉེས་རྡུང་རག་པ། བཙོན་འཇུག་བྱས་པ་སོགས་ཀྱི་སྡུག་ནད་མ་ཐེབས་པར་ཉག་རོང་རྫོང་ཁོངས་ཞིང་པའི་ཤང་ཁག ༡༥ ཡི་གྲོང་སྡེ་ཡོངས་རྫོགས་ཀྱིས་ས་ཞིང་འདེབས་ལས་མ་བྱས་པར་བཞག་ཡོད་པ་རེད། མདོར་བསྡུས་ན། སྡེ་དགེ་རྫོང་ཁོངས་ཀྱི་ཏྲེ་བོ་རྫ་བར་སྨད་གཉིས་ཀྱི་ཤང་ ༢་ དང༌། དཀར་མཛེས་རྫོང་ཁོངས་ཤང་ ༢༠་ བྲག་མགོ་རྫོང་ཁོངས་ཤང་༡༡་ཉག་རོང་རྫོང་ཁོངས་ཤང་ ༡༥་རྟ་འུ་རྫོང་ཁོངས་ཤང་༨་བཅས་བསྡོམས་པས། ཤང་ཁག་༦༤ཡོད་པ་དང༌། ཤང་ཁག་རེར་གྲོང་སྡེ་མང་མཐའ་ ༡༤་དང་ཉུང་མཐའ་ ༦་བྱས་པའི་ཆ་མཉམ་བྱས་ན་ཤང་ཁག་རེར་ ༩་ རེ་ཡོད་པ་རེད། གྲོང་སྡེ་རེར་ཆ་མཉམ་བྱས་ན་དུད་ཁྱིམ་ ༤༠་རེ་ཡོད་པ་རེད། རགས་རྩིས་བྱས་ན་ཏྲེ་བོ་ཁུལ་དུ་དུད་ཁྱིམ་(༦༤་༩་༤༠=)༢༣༩༠༠ཙམ་ཡོད་པ་རེད། དུད་ཚང་ཆེ་བ་རེར་ས་ཞིང་རྒྱ་ཁྱོན་མུའུ་ ༡༣༠ ལྷག་ཙམ་དང༌། དུད་ཚང་ཆུང་བ་རེར་ས་ཞིང་རྒྱ་ཁྱོན་མུའུ་ ༡༣ ཙམ་རེ་ཡོད། དུད་ཚང་ཆེ་བ་རེར་ལོ་གཅིག་གི་ཡོང་འབབ་འབྲུ་རིགས་རྒྱ་མ་ ༣༠༠༠༠ རེ་དང༌། ཆུང་བ་རེར་རྒྱ་མ་སྟོང་ ༣༠༠༠ རེ་ཙམ་ཐོན་གྱི་ཡོད་པས་ཆ་སྙོམས་དུད་ཚང་རེར་འབྲུ་རིགས་རྒྱ་མ་ ༧༠༠༠ རེ་བརྩིས། ཁྱོན་བསྡོམས་ཏྲེ་བོ་ཁུལ་དུ་ལོ་རེར་འབྲུ་རིགས་རྒྱ་མ་(༢༣༤༠༠་༧༠༠༠=)༡༦༣༨༠༠༠༠༠(ཀི་ལོ་ ༨༡༩༠༠༠༠༠) ཙམ་གྱི་ཡོང་སྒོ་ཐོན་གྱི་ཡོད་པ་རེད། ཏྲེ་བོ་ཁུལ་དུ་ནམ་རྒྱུན་གནམ་རིག་སྐར་རྩིས་ཀྱི་དཔྱད་འབྲས་གཞིར་བཞག་གིས་ས་ཞིང་རྨོས་མགོ་དང་པོ་དེ་བོད་ཟླ་དང་པོའི་(སྤྱི་ཟླ་ ༣ པའི་ཡིན)ཟླ་དཀྱིལ་ཡས་མས་ནས་འགོ་བཙུགས་ཏེ་ས་གནས་ཁག་ཚང་མའི་ཉིན་བརྒྱ་དུས་གཅིག་གི་སྲོལ་རྒྱུན་ལམ་སྲོལ་ལ་བརྟེན་ཏེ་ས་ཞིང་འདེབས་ལས་བྱེད་ཀྱི་ཡོད་ཀྱང༌། ད་ལོ་ནི་བོད་ཀྱི་ལོ་རྒྱུས་སུ་གྲགས་མ་མྱོང་བའི་བློས་བཏང་ཆེན་པོ་ཞིག་བྱས་ཡོད་པ་རེད། ཆེས་ཧ་ཅང་ཛ་དྲག་གི་རང་བཞིན་ལྡན་པའི་གནས་ཚུལ་དེ་བཞིན་བཙན་བྱོལ་དུ་གོ་གསལ་བྱུང་བ་དང༌། ཕྱི་ལ་ཡོད་པའི་བོད་རིགས་སྤྱི་དང་ཡང་དགོས་ཏྲེ་བོ་ཁུལ་གྱི་བྱེས་འབྱོར་མི་དམངས་ཚོས་འགན་བློས་མ་ཟིན་པར་ཅི་དྲག་གང་དྲག་གིས་ཐབས་ཤེས་འདྲ་མིན་སྤེལ་དགོས་བྱུང་ཡོད་པ་རེད། ཨ་རིར་ཡོད་པའི་རང་གཞུང་བདེ་སྲུང་བཀའ་ཟུར་པདྨ་ཆོས་འབྱོར་ལགས་ཀྱིས་ཀྱང་ཐབས་ཤེས་གང་ཟབ་ཀྱིས་ཏྲེ་བོ་ཁུལ་དུ་ས་ཞིང་འདེབས་དགོས་པའི་རྒྱུད་སྐུལ་གང་སར་གནང་ཡོད་པ་རེད། བཙན་བྱོལ་གཞུང་གིས་ཀྱང་། སྤྱི་ཟླ་ ༣་ ཚེས་ ༢༠་ ཉིན་དྲིལ་སྒྲགས་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་དང༌། སྤྱི་ཟླ་ ༤་ ཚེས་ ༦་ཉིན་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྔ་ཕྱིར་རླུང་འཕྲིན་ཐོག་ནས། ས་ཞིང་འདེབས་ལས་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གིས་བོད་ལྗོངས་བརྙན་འཕྲིན་དང༌། བོད་ལྗོངས་ཉིན་རེའི་ཚགས་པར། དེ་བཞིན་སི་ཁྲོན་བརྙན་འཕྲིན། དྲ་རྒྱ་ཁག་བཅས་སུ། ཏཱ་ལའི་ངན་སྐུལ་འོག་སི་ཁྲོན་ཁུལ་གྱི་བོད་རིགས་ཁག་གཅིག་ལ་ས་ཞིང་འདེབས་ལས་མི་བྱེད་པའི་ངན་སྐུལ་བྱས་ཚུལ་སོགས། གཞི་རྩ་མེད་པའི་བསྙོན་འཛུགས་འདྲ་མིན་སྣ་ཚོགས་བྱས་ཡོད་པ་རེད། སྤྱི་ཟླ་ ༤ ཟླ་དཀྱིལ་ཙམ་ལ་དཀར་མཛེས་ཀ་བྲག་ཤང་དུ་དཀར་མཛེས་རྫོང་ཐོག་ནས་དྲག་མཚོན་ཐོག་པའི་དམག་མི་མོ་ཊ་༡༨་ ཡོང་ནས་དུད་ཁྱིམ་སོ་སོའི་ནང་འཛུལ་ནས་བཙན་དེད་ཀྱིས་ས་ཞིང་རྨོ་བཅུག་འདུག དེ་དང་མཉམ་དུ་ཤང་གཞན་དག་གི་གྲོང་སྡེ་རྣམས་སུ་འང་རྒྱ་དམག་གིས་བཙན་སྐུལ་གྱིས་ས་ཞིང་རྨོ་བཅུག་འདུག དྲག་པོའི་བཙན་གནོན་གྱི་སྲིད་བྱུས་དེ་ཉིད་རྫ་བར་སྨད་གཉིས་དང༌། རོང་པ་ཚ། བེ་རི། སྟོང་སྐོར། ཉག་རོང་། ཏྲེ་བོ། བྲག་མགོ། རྟའུ་རྣམས་སུའང་ལག་བསྟར་བྱས་འདུག སྤྱི་ཟླ་ ༤ པའི་ཚེས་༡༥་ཡས་མས་ལ་དཀར་མཛེས་ཁུལ་གྱི་ལྷོ་པ་ཆུས་གཅིག་གི་གྲོང་སྡེ་ཡོངས་རྫོགས་དྲག་སྤྱོད་དམག་མིས་མེ་མདའི་ཁ་ནས་ཉིན་གཅིག་དུས་གཅིག་ཏུ་ས་ཞིང་རྨོ་བཅུག་འདུག ལས་འགུལ་དེ་ཉིད་མུ་མཐུད་དཀར་མཛེས་ཁུལ་གྱི་རྫོང་ཁག་ཡོངས་རྫོགས་ལ་སྤེལ་འདུག སྤྱི་ལོ་༡༩༩༠་ལོར་ཞིང་ཆེན་རིམ་པས་དཀར་མཛེས་ཁུལ་གྱི་ཞིང་ཁའི་ཡོང་སྒོ་ཐད་ཞིབ་དཔྱད་བྱས་པའི་སྙན་ཐོ་ནང༌། དཀར་མཛེས་རང་སྐྱོང་ཁུལ་གྱི་དཀར་མཛེས་རྫོང་དང༌། རྟའུ་རྫོང༌། བྲག་མགོ ཉག་རོང་རྫོང༌། བཅས་རྫོང་ཁག་བཞིར་རྒྱ་སྒོར་ ༧༨༢༣༠༠༠༠.༠༠ བྱུང་ཡོད་ཚུལ་འཁོད་ཡོད་པ་རེད། ཡོང་འབབ་ཀྱི་སྒྲོམ་གཞི་འདི་ཉིད་སྟབས་ལེགས་སྟེས་དབང་ལྟ་བུ་མ་ཡིན་པར་རྒྱུན་ལྡན་གྱི་གནས་བབ་རང་མཚན་པ་ཞིག་རེད། ཏྲེ་བོ་ཁུལ་དུ་རྒྱ་ནག་སྲིད་གཞུང་གིས་ཞི་དྲག་གཉིས་ཐོག་ནས་ས་ཞིང་འདེབས་ལས་དགོས་པའི་བཀའ་བཀོད་དམ་སྒྲགས་ཆེས་ཅེར་སྤེལ་བ་མ་ཟད། ཐ་ན་འཇིགས་སྐུལ་དང་བཙན་དབང་གི་ལམ་ནས་ཤུག་སྣོན་རིམ་པར་བྱས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་ས་གནས་མི་དམངས་ལ་ཤ་ཚ་སྙིང་རྗེ་བྱས་ནས་མིན་པར་རྒྱ་ནག་གཞུང་གི་འབྲུ་རིགས་ཡོང་འབབ་ཀྱི་ཐོན་ཁུངས་ཆེན་པོ་ཞིག་རང་བཞིན་གྱིས་འགག་འགྲོ་གི་ཡོད་པ་དེར་འགན་མི་ཟིན་པའི་རྣམ་པ་གསལ་པོ་ཆགས་པ་རེད། ད་དུང་འགྲེལ་བཤད་ག་རེ་བྱེད་ན་འང་དོན་དངོས་ཐོག་ས་གནས་མི་དམངས་ལ་ཤ་ཚ་སྙིང་རྗེའི་སྒོ་ནས་ནན་སྐུལ་བྱས་པ་ཤིག་མིན་པར། རྒྱལ་ཁབ་ཕྱི་ནང་དང་འཛམ་གླིང་གང་སར་བོད་རིགས་མི་དམངས་ཚོ་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་དེ་ཉིད་ཇེ་གསལ་དུ་འགྲོ་རྒྱུའི་དོགས་པ་རྣམ་རྟོག་ཤུགས་ཆེར་ཡོང་གི་ཡོད་པ་དེ་མི་མངོན་པར་བྱེད་པའི་ཆེད་ཁོ་ན་ལ་དམིགས་པ་ཞིག་རེད། ཞིང་པའི་ལྟོ་གོས་གང་ལ་བརྟེན་པའི་གཞི༎ བདེན་པའི་དོན་དུ་བློས་བཏང་བྱས་པ་འདི༎ དམར་པོའི་རྫུན་གྱི་དགྲ་རྫོང་གཏོར་བ་ལ༎ རྡུལ་ཕྲན་མཚོན་ཆ་ཡིས་ཀྱང་མཚོན་ནུས་མིན༎


(༤)ཏྲེ་བོ་ཁུལ་དུ་ལོ་གསར་མི་གཏོང་པའི་ངོ་རྒོལ་ལས་འགུལ།

སྤྱི་ལོ་ ༢༠༠༩ ལོར་བོད་ས་སྟོད་སྨད་ཡོངས་ནས་སྔར་ལོ་ས་བྱི་ཞི་རྒོལ་ནང་དགྲ་བོའི་དྲག་སྤྱོད་འོག་འདས་གྲོངས་སོང་བའི་རྒྱ་ཆེ་བོད་རིགས་དཔའ་བོ་དཔའ་མོ་ཚོ་དང༌། རང་དབང་བདེན་པའི་འོས་ལངས་ལ་རྡུང་བསྲེགས་འཕྲོག་བཅོམ་གྱི་ཉེས་མིང་འོག་ཁྲིམས་ཆོད་དུས་བཀག་བཙོན་འཇུག་དང་། དྲང་བདེན་མ་ཡིན་པའི་ཁྱབ་སྒྲག་གང་སར་སྤེལ་བ། ༸གོང་ས་མཆོག་ལ་བསམ་ཡུལ་དུ་མི་ཤོངས་པའི་མཚན་སྨད་གང་བྱུང་ཞུ་བ། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲག་ལོག་པ་འདྲ་མིན་སྤེལ་བ་བཅས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་པའི་མཇུག་འབྲས་སུ་རྡུང་བརྡེགས་དང་དོགས་གཞིའི་འོག་ཚུད་པའི་བོད་རིགས་རྒྱལ་གཅེས་མི་སྣ་ཚོར། གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད། བོད་པའི་ལོ་རྒྱུས་ནང་ཆེས་གལ་ཆེ་དང་ཆེས་རྩ་ཆེར་བརྩི་བའི་དུས་ཆེ་དང་རྟེན་འབྲེལ་གྱི་གཞི་རྩ་འཛིན་ས་བོད་ཀྱི་ལོ་གསར་མི་གཏོང་རྒྱུའི་དགོངས་འཆར་ཡང༌། ཆུ་ཆེན་ཆུ་རླབས་བཞིན་བོད་ས་སྟོད་སྨད་གང་སར་ཁྱབ་པ་ནང་བཞིན་དཀར་ མཛེས་ཁུལ་དུའང་ཤུགས་མ་ཐུབ་ཀྱིས་ཁྱབ་སྟེ། རྫ་སྟོད་ག་ཡེ་མགོ་ནས་བྲག་མགོ་ཤིང་ཁོག་ཡན་ཆད། རྟའུ་ན་ཁྲ་སུམ་མདོ་ཚུན་ཆད་ཀྱི་ཏྲེ་ཧོར་ཡུལ་ལུང་ཡོངས་སུ་ལོ་གསར་མི་གཏོང་བའི་ཞི་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་རང་འགུལ་གྱིས་ཐག་གཅོད་བྱས་འདུག སྐབས་དེར་རྒྱ་དམར་སྲིད་གཞུང་གིས་འགྱེལ་བའི་སྒང་ལ་རྡོག་རྫིས་དང༌། ཕ་བསད་པས་མཚད་ཕ་རོ་མདའ་བཙགས། འབྲོང་བསད་པས་མི་ཚད་རྔ་མས་དར་ལྕོག་གི་དཔེ་ལྟར། བོད་ཀྱི་ལོ་གསར་ཚེས་ལ་ཉེ་བའི་སྔོན་དུ་རྒྱའི་ལོ་གསར་ཚེས་པ་དང༌། རྒྱ་དམར་གཞུང་གིས་ཏྲེ་བོ་ཁུལ་གྱི་རྫོང་ཁག་ལྔའི་ཁྱབ་ཁོངས་ཞིང་འབྲོག་ཁྱད་མེད་ཤང་ཁག ༦༦ དང་གྲོང་རྡལ་ ༤་ ནང་ཡོད་པའི་གྲོང་སྡེ་ཡོངས་ཀྱི་འགོ་དཔོན་རྣམས་བསྡུས་ཏེ། རྒྱའི་ལོ་གསར་དུས་སྟོན་དུ་དགའ་བསུའི་རྟེན་འབྲེལ་མཚོན་པའི་བཞས་དང་ཞབས་བྲོའི་གོ་སྒྲིག་ཨང་གསར་དགོས་ཚུལ་གྲོང་སྡེ་སོ་སོར་དབང་ཤེད་ཀྱིས་བཙན་བཀའ་ནན་པོ་བཏང་ཡང༌། གྲོང་སྡེ་སོ་སོ་ནས་ཁས་ལེན་བྱེད་མཁན་གཅིག་ཀྱང་མ་བྱུང་བས་རྒྱ་དམངས་སྲིད་གཞུང་བྱ་ཐབས་ཟད་དེ་རྫོང་གི་ལས་ཁུངས་ཁག་ལ་ཞབས་བྲོ་འཁྲབ་དགོས་པའི་བཀའ་ཕབ་དགོས་བྱུང་བ་རེད། གློ་བུར་དུ་གོ་སྒྲིག་བྱས་པའི་རྒྱ་གཞུང་གི་ལས་ཁུངས་ཁག་གི་འཁྲབ་སྟོན་པ་དེ་ཚོ་རྒྱ་ཡི་ལོ་གསར་དུས་སྟོན་གྱི་རྣམ་པ་མཚོན་པའི་ཆེད་དུ་ཡུལ་ལུང་སྟོད་སྨད་བར་གསུམ་དུ་འཁྲབ་མཁན་སོང་ཡང༌། རྒྱ་ཆེ་བོད་རིགས་མི་དམངས་ཚོ་ལྟད་མོ་ལྟ་མཁན་གཅིག་ཀྱང་སོང་ཡོད་པ་མ་རེད། སྐབས་དེ་དག་ཏུ་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱིས་ལོ་གསར་མི་གཏོང་བའི་སྦྱར་ཡིག་འདྲ་མིན་གང་སར་སྤེལ་ཡོད་པ་རེད་སྦྱར་ཡིག་དེ་དག་གི་ནང་། དགྲ་བོའི་དྲག་གནོན་འོག་རང་སྲོག་ཤོར་བ་དང༌། ཡ་ང་བའི་རྡུང་རྡེག་འོག་ཚུད་བའི་རྒྱལ་གཅེས་བོད་རིགས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་པའི་ཆེད་དུ་ང་ཚོས་ལོ་གསར་གཏོང་གི་མིན། ཞེས་དང༌། རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་སྨད་གང་བྱུང་བྱེད་པ་དང༌། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་དུ་འཇུག་པ། གྲངས་ཉུང་མི་རིགས་ལ་མི་རིགས་དབྱེ་འབྱེད་ཀྱི་ཐུབ་ཚོད་གཏོང་བ། འཛམ་གླིང་གང་སར་བོད་དོན་འགྲེལ་བརྗོད་ལོག་པ་བྱས་དང་བྱེད་བཞིན་པ་དེ་རིགས་ལ་མི་འདོད་པའི་རྣམ་པ་གསལ་པོ་མཚོན་སླད་ལོ་གསར་གཏོང་རྒྱུ་མིན། བོད་རིགས་སུ་ཞིག་གིས་ལོ་གསར་གཏོང་ན་དེ་ནི་མགོ་ལ་ཀླད་པ་མེད་པ་དང༌། སྙིང་ལ་ཁྲག་མེད་པའི་འབུ་སྲིན་ཙམ་ལས་ཤ་ཁྲག་རུས་པའི་ལྷུ་ལག་ཡོངས་སུ་རྫོགས་པའི་བོད་རིགས་མ་རེད། ཅེས་སོགས་བྲིས་ཡོད་པ་རེད། བོད་རིགས་རྒྱ་ཆེ་མང་ཚོགས་ཚོ་ནམ་རྒྱུན་ཡིན་ན་ལོ་གསར་ཚེས་ལ་ཉེ་བའི་སྐབས་ཤ་མར་དང༌སྣུར་རིགས། སྔོ་རིགས་དང་ཚལ་རིགས། དཀར་ཟས་དང་མངར་ཟས་རིགས་ཉོ་ཆའི་འཚང་ཀ་ཤིན་ཏུ་ཆེ་ཡང༌། འདི་ལོར་ལོ་གསར་གྲ་སྒྲིག་གི་བཟའ་བཅའ་རིགས་ཉོ་མཁན་སུ་ཡང་མེད་པས། རྒྱ་རིགས་ཚོང་ཁང་མང་པོ་ཧ་ལོག་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། བོད་རིགས་འགའ་ཞིག་ཞབས་བརྟན་རིམ་གྲོའི་གྲ་སྒྲིག་ཆེད་བཟའ་བཅའ་ཉོ་ཆ་རྒྱག་སྐབས་སུའང་ཁྲོམ་གསེབ་ནས་མང་ཚོས་ཀྱིས་ཤུ་རྒྱག་པ་དང༌། རྡོ་བཞུས་པ། མགོ་ཀླད་མེད་དང༌། སྙིང་ཁྲག་མེད་ཅེས་སྒྲོག་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། གནས་ཚུལ་དེ་དག་ལ་བརྟེན་ནས་ས་གནས་རྒྱ་གཞུང་གིས་ས་གནས་བོད་རིགས་མི་དམངས་ཚོས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་མཚོན་སླད་བོད་ཀྱི་ལོ་གསར་མི་གཏོང་བའི་གནས་ལུགས་ཚོད་དཔག་གིས་འགན་མ་ཟིན་པར། རྫོང་རིམ་པ་ནས་ཞིང་ཆེན་རིམ་པའི་བར་གོང་རིམ་ལ་སྙན་བསན་ཞུས་པས་གོང་རིམ་ལས་བྱེད་མཐོ་གྲལ་དུ་མ་ཏྲེ་བོ་ཁུལ་དུ་དངོས་སུ་སླེབས་ཏེ། བོད་རིགས་རྒྱ་ཆེ་མང་ཚོགས་རྣམས་བྱིས་པ་བུ་རམ་གྱིས་མགོ་སྐོར་གཏོང་པ་ནང་བཞིན་བྱས་ཏེ། མགོ་སྐོར་བསླུ་བྲིད་ཀྱི་ངན་ཇུས་གཏིང་སྟེ། ཏྲེ་བོ་ཡུལ་དགོན་ཡོངས་སུ་སྔོན་ཆད་བྱུང་མྱོང་མེད་པའི་ལོ་གསར་གྱི་འགྲོ་གྲོན་རིན་མེད་དུ་སྤྲོད་ཀྱང༌། བོད་རིགས་རྒྱ་ཆེ་མང་ཚོགས་ཀྱིས་རྒྱ་གཞུང་གིས་སྤྲོད་པའི་དངོས་དངུལ་དེ་རིགས། ཁྱི་རོ་རུལ་པ་དང༌། བྱ་རོ་སྐམ་པོ་ནང་བཞིན་སུ་ཞིག་གིས་ཀྱང་བདག་སྤྲོད་དང་ལེན་མ་བྱས་སྟབས། ཁོ་ཚོའི་འདོད་པ་ནང་བཞི་ན་ལམ་ལྷོང་བྱུང་ཡོད་པ་མ་རེད། ཕྱོགས་འདིར་བོད་རིགས་མི་མང་ལྟར་ཞོག་རྒྱ་རིགས་ཀྱི་ཚོང་པ་ཁག་ནས་ཀྱང་ད་ལོ་བོད་པས་ལོ་གསར་མི་གཏོང་བས། ང་ཚོས་ཀྱང་ལོ་གསར་གཏོང་གི་མིན་ཟེར་བ་སོགས་གནས་ཚུལ་ཡ་མཚན་ཅན་མང་དུ་བྱུང༌ཡོད་པ་རེད། བོད་ཟླ་དང་པོ་ ཚེས་ ༡ ནི་བོད་མི་རིགས་ཀྱིས་ཕ་རྩ་བུ་རྒྱུད་ནས་ཆེས་རྩ་ཆེ་དང་རྟེན་འབྲེལ་གྱི་དོན་སྙིང་ལྡན་པའི་དུས་ཚིགས་གཞན་ལས་གལ་ཆེ་རང་བཞིན་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལོ་གསར་ཚེས་གཅིག་གི་ ཞོགས་པ་ཐོ་སྟག་རངས་སྟག་གི་དུས་མཚམས་མ་ཟིན་གོང་ནས་བོད་རིགས་མི་དམངས་རྣམས་ཡར་ལངས་ཏེ། དཀོན་མཆོག་མཆོད་པའི་ཚེས་གཏོར་དང༌། གྲོ་སོ་ཕྱེ་མའི་མཆོད་ཕུད། འབྲས་སིལ་གྲོ་མ་མར་ཁུའི་ཞལ་ཟས་མཆོད་པ། སྐྱེས་པ་ཚོ་རི་ལ་ཕ་མེས་ཀྱི་འགོ་བའི་དགྲ་ལྷ་བསྭོ་བའི་བསངས་མཆོད་དང་ཀི་བསྭོ་ལྷ་རྒྱལ་གྱི་འབོད་སྒྲ་ལྷུག་པོར་སྒྲོག་པ། བུད་མེད་ཚོས་སེངྒེའི་འོ་མ་ཞེས་ཞོགས་པ་ནས་ཆུ་ལེན་འགྲོ་བའི་ལུགས་སྲོལ་འཁྲུག་པོ་དེ་ཚོ་སྐྱུར་ཐབས་མེད་པའི་སྲོལ་རྒྱུན་གྱི་རང་བཞིན་ཆགས་ཟིན་པར། ཉེ་བའི་ལོ་རྒྱུས་ཀྱི་གད་ཆགས་ཆེ་ཤས་རིག་གནས་གསར་བརྗེའི་སྐབས་ཀྱང་སྐྱུར་འཇོག་བྱེད་མ་མྱོང་བའི་ལམ་སྲོལ་དེ་ཉིད། ལོ་འདིར་རྒྱ་ཆེན་བོད་རིགས་མི་དམངས་ཚོའི་སེམས་ཀྱི་རྨ་ཁ་དང་ལུས་ཀྱི་གནོན་ཤུགས་མ་བཟོད་པའི་དབང་གིས་བརྩི་སྲུང་ཞུ་རྒྱུ་ཡོངས་སུ་བློས་བཏང་གནང་དགོས་བྱུང་ཡོད་པ་རེད། ལོ་གསར་ཚེས་པ་གཅིག་ཉིན་བོད་རིགས་ས་ཁུལ་ཡོངས་རྫོགས་ཆེས་གནའ་བོའི་དུར་ཁྲོད་བཞིན་ཁུ་སུམ་མེ། འཇམ་ཐེམ་མེ། བྱང་ཁུལ་གྱི་བྱེ་ཐང་དང༌། དབེན་འཇག་གི་འཁྱགས་རི་བཞིན་གནས་པ་ལས་དགའ་བའི་འབོད་སྒྲ་དང་སྤྲོ་བའི་གླུ་གཞས་གང་ཡང་ཐོས་རྒྱུ་མེད་པ་མ་ཟད། མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་དེ་ཉིད་གསལ་པོ་ཆགས་པའི་ཆེད། གྲོང་སྡེ་ཕན་ཚུན་དུ་འདུ་འཛོམས་ཀྱིས་སྒྲོལ་མ་དང༌། མ་ཎི་སོགས་ཉིན་མཚན་ཁ་བསྡུར་ནས་བསགས་ཡོད་པ་རེད། ད་དུང་ཐེག་ཆེན་གསོ་སྦྱངས་ཀྱི་སྡོམ་པ་ལེན་ནས་ཉིན་མཚན་ཧྲིལ་པོར་ཟས་ཁམ་གང་དང་ཆུ་ཐིགས་པ་གཅིག་ཙམ་མི་སྤྱད་པར་བོད་རིགས་དཔའ་བོ་ཚོའི་རྣམ་ཤེས་ལ་གདུང་སེམས་ཀྱི་འབུལ་ཚན་མཚོན་ཐབས་བྱས་ཡོད་པ་རེད། ལོ་འདིར་ལྷ་མི་ཡོངས་ཀྱིས་ཆོལ་གསུམ་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད་རྒྱུན་ལྡན་གྱི་བྱེད་སྲོལ་ཡོད་པའི་དར་ལྕོག་བཙུགས་པ་དང༌། བསང་གསོལ་བྱེད་པ་སོགས་ཀྱི་གང་ཡང་བྱས་མེད་པ་རེད། དེ་ལས་ལྡོག་ནས་གྲོང་སྡེ་མང་པོས་ཁང་ཐོག་ཏུ་དར་ལྕོག་ནག་པོ་བཙུགས་པ་དང༌། དགོན་སྡེ་ཁག་གིས་སྨོན་ལམ་ཚོགས་སྐབས་ཇ་གདན་རྣམས་ཀྱིས་དཔུང་པར་དར་སེར་པོ་བཅིངས་པའི་ལུགས་སྲོལ་ཡོད་ནའང༌། ད་ལོ་མྱ་ངན་མཚོན་ཆེད་དཔུང་པར་རས་ནག་པོ་བཅིངས་པ་སོགས་བྱས་ཡོད་པ་རེད། རྒྱུན་ལྡན་ཡིན་ན་ཏྲེ་བོ་ཁུལ་འདིར་གནམ་ལོ་གསར་པའི་དུས་སྟོན་སྐབས་རྟ་རྒྱུག་བྲོ་འཁྲབ་དང༌། གླུ་ལེན་གཞས་གཏོང་གིས་དུས་འདའ་སྟེ། ཉིན་བཅུ་ཕྲག་བརྒལ་བ་གཏོང་སྲོལ་ཡོད་ཀྱང༌། འདི་ལོར་ཚེས་གཉིས་ཉིན་ནས་བོད་རིགས་མི་དམངས་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་མཚོན་སླད་རྒྱུན་ལྡན་གྱི་ལམ་སྲོལ་ལས་ཡོངས་སུ་འགངས་ནས། ཁང་ལས་དང་གྱང་རྡུང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། ཆེས་འུ་ཐུག་པ་དང༌། ཆེས་ཡ་ང་བའི་རྣམ་པ་མཚོན་པའི་བྱ་སྤྱད་དེ་དག་རྒྱལ་ཁབ་ཕྱི་ནང་དང་འཛམ་གླིང་ཤར་ནུབ་གང་སར་ཁྱབ་བརྡལ་འགྲོ་རྒྱུའི་དོགས་ཟོན་གྱིས་ཏྲེ་བོ་ཁུལ་གྱི་རྫོང་ཁག་ལྔའི་བརྙན་འཕྲིན་ནས་བོད་མི་རྣམས་ཀྱིས་ལོ་གསར་གཏོང་བཞིན་ཡོད་ཟེར་ནས་རྫུན་བཤད་པ་དང༌། ལོ་གསར་ལ་ཉེ་བའི་སྐབས་ཀྱི་དགོན་སྡེ་ཁག་གི་དགུ་གཏོར་གྱི་གར་འཆམ་སོགས་འཁྲབ་པ་དང༌། འཆམ་མཇལ་མཁན་མི་མང་པོ་འདུ་འཛོམས་བྱས་པ་སོགས་ཡང་ཡང་བསྟན་ཏེ་རྫུན་གཏམ་འདྲ་མིན་རླུང་འཕྲིན་དང་བརྙན་འཕྲིན་གང་ས་ནས་བཤད་ཡོད་པ་རེད། སྐབས་དེ་དག་ཏུ་ཏྲེ་བོ་རྒྱ་ཆེ་མང་ཚོགས་ཀྱིས༸གོང་ས་མཆོག་གི་སྐུ་ཚེ་དང༌། འདས་སོང་དཔའ་བོ་དཔའ་མོ་ཚོའི་རྗེས་འཇུག་ཆེད་རྣམ་དཀར་དགེ་སྒྲུབ་བློ་ཡུལ་མི་ཤོངས་པ་ལྟ་བུ་སྒྲུབ་ཡོད་པ་རེད། དཀར་མཛེས་རྫོང་ཁུལ་དུ་རེས་མེད་དགོན་སྡེ་ཡོངས་ལ་དགེ་བསྔོའི་མཆོད་འབུལ་རྒྱ་ཆེར་བྱས་པ་དང༌། དུད་ཁྱིམ་སོ་སོའི་སྒོ་ཟོག་ཡོད་ཚད་ཚེ་ཐར་གཏོང་བ། བཤས་ར་ནས་གསོད་ངེས་པའི་བཤན་ཟོག་སྟོང་ཕྲག་སྲོག་བླུ་བྱས་པ། སྒྲོལ་མ་དུང་ཕྱུར་ལྷག་དང༌། མ་ཎི་དུང་ཕྱུར་མང་པོ་བསགས་ཡོད་པ་རེད། དཔེར་ན་དཀར་མཛེས་ཉིན་སྲིབ་གཉིས་སུ་ ༢༠༠༨་བོད་ཟླ་༡༠་པ་ནས་ལོ་གསར་བར་ཟླ་ངོ་གསུམ་གྱི་ནང་། ཕྱི་ལོ་ ༢༠༠༩ ཟླ་ ཚེས་ ༢༥ ཉིན་རྒྱ་ནག་གི་ལོ་སར་དང་སྟབས་བསྟུན་ནས། གྲོང་སྟོད་སྨད་ཡོངས་སུ་བོད་རིགས་འདས་གྲོངས་སོང་པ་རྣམས་ཀྱི་ཆེད་དུ་མ་ཎི་དང་སིད་དྡྷི་སྐྱབས་འགྲོ། སྒྲོལ་མ། རྒྱལ་བའི་ཞབས་བརྟན་སོགས་འདོན་ནས་མཉམ་ཚོགས་ཡང་ཡང་བྱས་འདུག སྐབས་དེ་དག་ཏུ་མི་མང་མཐའ་ ༡༠༠༠་ལྷག་དང༌། ཉུང་མཐའ་མི་༥༠་ཙམ་རེ་འདོམས་ཤིང༌། གྲོང་པ་རེ་རེས་ཆ་མཉམ་བྱས་ན། མ་ཎི་དང་སིདྡྷི་དུང་སོ་ལྔ་ ༣༥༠༠༠༠༠༠༠ཙམ་དང༌། གཞན་སྐྱབས་འགྲོ་དང་སྒྲོལ་མ་སོགས་ཀྱི་གྲངས་ཚད་མི་གསལ་ཡང་ཚར་གྲངས་མང་པོ་བསགས་ཡོད་པ་རེད། དེ་བཞིན་ལྕོག་རི་དགོན་དུ་ཏྲེ་བོའི་ལྷ་སྡེ་ཡོད་དོ་ཅོག་གིས་མ་ཎི་དུང་ཕྱུར་ ༦ དང༌། བཛྲ་གུ་རུ་དུང་ཕྱུར་ ༢ ། ཡིག་བརྒྱ་དུང་ཕྱུར་ བཅས་འབད་སྒྲུབ་ཞུས་ཐོག་༢༠༠༩ ལོའི་ལོ་གསར་མི་གཏོང་རྒྱུ་མཉམ་འཛོམས་ཐོག་ཐག་གཅོད་བྱུང་འདུག་ལ། བོད་ཀྱི་ལོ་གསར་ཚེས་ ཉིན་ཁང་དམར་བྲག་རྒྱབ་ཏུ་བོད་གཞིས་བྱེས་གཉིས་ཀྱི་ཆེད། ཞིང་སྒྲུབ་འཚོགས་ཆེད་མི་དམངས་འབོར་ཆེན་འདུ་འཛོམས་བྱས་འདུག་ཀྱང་དངོས་གཞིའི་ཐོག་རྒྱ་དམར་གྱིས་དམ་བསྒྲགས་ཤུགས་ཆེར་བྱས་སྟབས་ཚོགས་ཐུབ་མི་འདུག ས་བྱི་དང་ས་གླང་ལོར་ལྕོག་རི་ཡུལ་དགོན་གཉིས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་མཛད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད། ཞབས་རིམ་གྱི་གྲངས་འབོར་ཁྱོན་སྨྱུང་གནས་ཆ་ ༨༥ དང༌། མ་ཎི་དུང་ཕྱུར་གཅིག ༡༠༠༠༠༠༠༠༠ ། གུ་རུ་སི་དྷི་དུང་ཕྱུར་ ༢༠༠༠༠༠༠༠༠ ། ཡིག་བརྒྱ་དུང་ཕྱུར་ ༡༠༠༠༠༠༠༠༠ ། བཅས་འབད་སྒྲུབ་ཞུས་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢ ནས་ ༡༡ བར་ཉིན་གྲངས་བཅུའི་རིང་རྟའུ་རྫོང་ཐོག་མཆོད་རྟེན་ཆེན་པོའི་མདུན་དུ་མི་དམངས་མང་པོ་འདུ་འཛོམས་ཀྱིས་བོད་བསྟན་པ་ཆབ་སྲིད་དང༌། ྋགོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་མ་ཎི་དུང་སྒྲུབ་དང་ྋརྒྱལ་བའི་ཞབས་བརྟན་སོགས་འབད་སྒྲུབ་ཞུས་ཡོད་པ་རེད། སྐབས་དེ་དང་བསྟུན་ནས་མི་དམངས་ལ་ྋགོང་ས་མཆོག་གི་སྐུ་པར་འབོར་ཆེན་འགྲེམས་སྤེལ་བྱས་ཡོད་པ་རེད། དེ་བཞིན་བྲག་མགོ་ཡུལ་དགོན་གཉིས་སུ་ཡང་མ་ཎི་དང་འདོན་པ་དང་ཞབས་བརྟན་རིམ་གྲོལ་རྒྱ་ཆེར་སྒྲུབ་འདུག ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༡ ཉིན་རྫ་དགོན་གསར་དགོན་བོད་ཟླ་བཅུ་གཉིས་པའི་ཚེས་ཉེ་བདུན་ནས་སུམ་ཅུའི་བར་ཉིན་བཞིའི་རིང་གར་འཆམ་འཁྲབ་པ་ནི་དགོན་དེའི་རྒྱུན་ལྡན་གྱི་མཛད་རིམ་ཞིག་ཡིན་ནའང༌། སྔ་ལོ་ནས་བོད་ས་ཡོངས་སུ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སེར་སྐྱ་མང་པོ་ཞིག་རྒྱ་དམར་ནས་རྐྱེན་འདས་སུ་བཏང་བ་དང༌། བཙོན་དུ་བཅུག་པ། གར་སོང་ཆ་མེད་དུ་གྱུར་པ་སོགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཉིན་དང་པོ་གཉིས་སུ་སྒྲོལ་མ་དང༌། ཉིན་གསུམ་པར་རྟ་མགྲིན་ཡང་གསང་གི་མཚན་སྔགས་བཟླས་བསགས་དང༌། ཉིན་བཞི་པར་གུ་རུ་འབུམ་ཚོགས་བཅས་ཞབས་རིམ་སྒྲུབ་ཡོད་པ་རེད།

མི་བསད་ཁྲག་སྦྱོར་བྱེད་སའི་གཤས་ར་ནང༌༎ སྡུག་དང་མུན་པའི་ན་བུན་འཁྲིགས་པའི་གསེབ༎ ལོ་དང་ཟླ་བའི་ཚེས་མགོ་གསར་ན་ཡང༌༎ རྟགས་དང་རྟེན་འབྲེལ་དགའ་བསུ་སུ་ཡིས་བྱེད༎


(༥)ཏྲེ་བོ་ཁུལ་དུ་བཅའ་སྡོད་བྱས་པའི་དྲག་སྤྱོད་དམག་སྒར་ཁག། ཏྲེ་བོ་ཁུལ་དུ་དྲག་སྤྱོད་དམག་སྒར་བསྡོམས་འབོམ་ཆ་ཚང་བ་ཞིག་ད་བར་བཤད་ཐབས་བྲལ་ཡང༌། ཁ་པར་དང་དྲ་རྒྱ། དེ་བཞིན་མི་ངོ་དངོས་མཐོང་གི་འགྲེལ་བརྗོད་ཁག་ལ་གཞི་བཅོལ་ནས་བཤད་ན། དམག་སྒར་ལྟེ་གནས་དང་འགག་སྲུང་དམག་སྒར་ཁྱོན་བསྡོམས་ ༣༥ ཙམ་ཡོད་པ་རེད། དེ་དག་རེ་རེ་བཞིན་བགྲང་ན། སྟོང་འཁོར་ས་ཁུལ་དུ་བཅའ་སྡོད་དྲག་སྤྱོད་དམག་སྒར་ཁག ༡༽ དགོན་པའི་ཕ་རོལ་སློབ་གྲྭའི་ནང་དུ་དམག་སྒར་གཅིག ༢༽ ནམ་རྒྱུན་ཤང་གི་འབྲུ་རིགས་བླུགས་སའི་རྭ་སྐོར་ནང་དུ་དམག་སྒར་གཅིག ༣༽ དགོན་པའི་ཕ་རོལ་སྟོད་ནས་མར་ཡོང་ས་ལ་དམག་སྒར་གཅིག ༤༽ བུད་ཐོག་ཐང་ཟམ་པའི་འགྲམ་གྱི་རྒྱ་ལམ་ཟུར་དུ་དམག་སྒར་གཅིག ༥༽ ཆུ་ཚུལ་རོལ་གྱི་སྟོང་འཁོར་སྨད་པ་ཚོ་ཡར་ཡོང་སའི་ཟམ་ཆེན་གྱི་རྒྱ་ལམ་ཟུར་དུ་དམག་སྒར་གཅིག ༦༽ ཆུ་ཕར་རོལ་གྱི་སྟོང་འཁོར་སྨད་པ་རྣམས་ཡར་ཡོང་སའི་རྒྱ་ལམ་གསུམ་མདོར་དམག་སྒར་གཅིག ༧༽ དགོན་པ་ཕྱོགས་ནས་ཕར་ལས་ཁུངས་ཕྱོགས་སུ་བགྲོད་ལམ་ཟམ་པའི་ཟུར་དུ་གཅིག བཅས་ཁྱོན་བསྡོམས་དམག་སྒར་ཆེན་པོ་བདུན་རྒྱག་ནས་ཟླ་ལྔ་དྲུག་ཙམ་གྱི་རིང་ཕར་འགྲོ་ཚུར་འོང་བྱས་མ་བཅུག་པ་བཀག་སྡོམ་ཤུགས་ཆེར་བྱས་ཡོད་པ་རེད། གོང་གསལ་དྲག་སྤྱོད་དམག་སྒར་དེ་དག་ནི་དཀར་མཛེས་ཁུལ་གྱི་སྟོང་སྐོར་གཅིག་པའི་ས་ཁུལ་གྱི་དམག་སྒར་ཁུངས་ལྡན་ཐོ་གཞུང་ལག་སོན་བྱུང་བ་རྣམས་འཀོད་པ་ཡིན། དཀར་མཛེས་ཁུལ་དུ་གསར་རྒྱག་བྱས་པའི་དམག་སྒར་ཁག་ནི། ༡༽དཀར་མཛེས་དགོན་གྱི་ཉེ་འགྲམ་དཀར་མཛེས་རྫོང་དམའ་འབྲིང་སློབ་གྲྭའི་རྭ་སྐོར་ནང་དུ་དམག་སྒར་ཆེན་པོ་དམག་སྟོང་ཚོ་ལྷག་ཡོད་ས་ཞིག་དང༌། ༢༽ འབྲི་རིགས་ཉོ་ཚོང་རྭ་སྐོར་ནང་གི་དམག་མི་སྟོང་ཚོ་ལྷག་ཡོད། ༣༽ དཀར་མཛེས་ཡིག་སྐྱེལ་ཁང་ངམ་སྦྲགས་ཁང་དུ་དམག་མི་སྟང་ཚོ་ལྷག་ཡོད་པའི་དམག་སྒར། ༤༽དཀར་མཛེས་སྨ་ར་ཐང་འགྲོ་ལམ་ཟུར་དུ་ཆུ་མཛོད་གསར་པ་ཆེན་པོ་ཡོད་སའི་འགྲམ་དུ་དམག་མི་སྟོང་ཚོ་རྒལ་བ་ཡོད། ༥༽ སྟག་ཆུ་མདའི་ཟམ་པའི་ཕར་རི་ལ་དམག་མི་སྟོང་ཚོ་རྒལ་བའི་ཡོད། ༦༽ དཀར་མཛེས་དབྱར་སྟེང་བཙུན་མ་དགོན་གྱི་ཉེ་འགྲམ་དུ་དམག་མི་བརྒྱ་ཕྲག་ཁ་ཤས་རྒལ་བ། ༧༽ སྤང་རི་སྣ་བཙུན་མ་དགོན་གྱི་ཉེ་འགྲམ་དུ་དམག་མི་བརྒྱ་ཕྲག་ཁ་ཤས་རྒལ་བ་གཅིག ༨༽ ཕུ་ཡུལ་ནང་སློབ་གྲྭའི་རྭ་སྐོར་ནང་དམག་སྒར་གཅིག ༩༽དཀར་མཛེས་མཎྜལ་ཐང་དུ་བཏབ་པའི་དམག་སྒར། ༡༠༽ པཎ་ཆེན་གསུང་ཆོས་ཐང་ཆེན(དཀར་མཛེས་འབྲིང་སློབ་གྱང་རྒྱབ)་ཏུ་དམག་སྒར་གཅིག བཅས་རྫོང་ཐོག་རང་དུ་དམག་སྒར་ཆེན་པོ་ཁག་དགུ་རྒྱག་ཡོད་པ་རེད། ཉིན་རྟག་པར་ཡུལ་མི་རྣམས་ལ་འཇིགས་སྐུལ་གྱིས་དྲག་ཆས་དམག་མིའི་གནམ་གྲུ་ཐད་ཕུད་གནམ་གྲུ་གྲངས་ ༧ ཙམ་སླེབས་ཏེ་ཡར་དར་རྒྱས་དང༌། རྫ་ཁོག། བེ་རི་བཅས་དང༌། མར་བྲག་མགོ་དང་ལྕོག་རི། སྟོང་འཁོར། རྟའུ་བཅས་ཏྲེ་ཧོར་ཁུལ་གྱི་ས་གནས་གང་སར་བྱ་ར་བྱེད་བཞིན་ཡོད་འདུག དཀར་མཛེས་རྫོང་ཁུལ་གཅིག་པོར་ཡང་དམག་མི་ ༧༠༠༠ ལྷག་ཙམ་ཡོད་པ་རེད་ཟེར། གོང་གསལ་དམག་སྒར་དེ་དག་ནི་དམག་སྒར་ལྟེ་གནས་དང༌། གྲོང་སྡེ་ནང་ཁུལ་བཀག་སྲུང་གི་དྲག་སྤྱོད་དམག་དཔུང་ཡིན། ད་དུང་ལམ་སྲུང་དྲག་སྤྱོད་དམག་སྒར་ལ་མཚོན་ན་དཀར་མཛེས་རྫོང་གཅིག་བུར་ཡང་འདིར་ཤེས་གསལ་བྱུང་བ་༥་ཙམ་ཡོད་པ་སྟེ། ༡ལམ་གོང་ལ་རྩེ་ཁ་དྲག་སྤྱོད་དམག་སྒར(ཏྲེ་བོ་ནས་དཀར་མཛེས་ཡོང་སའི་གཞུང་ལམ་སྲུང་མཁན)། ༢་ ཧེ་ཉག་ལའི་དྲག་སྤྱོད་དམག་སྒར(སྡེ་དགེ་ནས་དཀར་མཛེས་ཡོང་སའི་གཞུང་ལམ)། ༣་གཙང་བདར་ལ་མགོའི་དྲག་སྤྱོད་དམག་སྒར(དཔལ་ཡུལ་ནས་དཀར་མཛེས་ཡོང་སའི་གཞུང་ལམ)། ༤རྫ་ཁོག་དྲག་སྤྱོད་དམག་སྒར་(སྡེ་དགེ་གླིང་ཚང་ནས་དཀར་མཛེས་ཡོང་སའི་ལམ་ཕྲན)། ༥་གཅིག་བཀག་རྒྱ་སྒོའི་དྲག་སྤྱོད་དམག་སྒར(ཉག་རོང་ནས་དཀར་མཛེས་ཡོང་སའི་གཞུང་ལམ)། ༦ཏྲེ་བོ་འབྲུ་རིགས་ཀུང་སི་ར་སྐོར་ནང་བཅའ་སྡོད་དྲག་སྤྱོད་དམག་སྒར། ༧་ཏྲེ་བོ་མཁར་གསར་ཁུལ་གྱི་དྲག་སྤྱོད་དམག་སྒར། ༨༽ རྫ་དགོན་གསར་དགོན་དུ་དམག་སྒར་གཅིག ༩༽ རོང་པ་ཚ་ས་འདུ་ལྕང་རྭ་ནང་དུ་དམག་སྒར་གཅིག བཅས་ཡོད་པ་རེད། དམག་མི་དེ་དག་གིས་ལམ་འགྲུལ་ཚོར་མཐོང་ཆེ་ལག་ཁྱེར་ཡོད་མེད་སོགས་བརྩད་ཞིབ་འདྲ་མིན་གྱིས་མནར་བཅད་དང་དོན་མེད་རྡུང་བརྡེབ་ཀྱང་མང་པོར་ཕོག་ཡོད་པ་རེད། སྤྱི་ལོ་ ༢༠༠༨་ཟླ་བ་ ༧་པའི་ནང་སྐྱེས་ཡུལ་ཐེ་ཝན་ཡིན་པ་ད་ལྟའི་མི་ཁོངས་ཨ་རི་ནས་ཡིན་པའི་རྒྱ་རིགས་གྱི་བུ་མོ་ ཝང་ཡན་ཀིང་ཟེར་བ་ཞིག་རྒྱ་ནག་རྒྱུད་རིམ་པར་དར་མདོ་ནས་ལི་ཐང་དང་དཀར་མཛེས་བཅས་ལ་རང་ཉིད་དངོས་སུ་བསྐྱོད་དེ། སྐབས་དེའི་དཀར་མཛེས་ཁུལ་གྱི་ཞི་རྒོལ་དང་། རྒྱ་ནག་གཞུང་གིས་དྲག་གནོན་འོག་གི་གནས་སྟངས་ངོ་མ་བརྙན་པར་གྱི་ཐོག་ནས་མང་པོ་བླངས་ཤིང༌། དཀར་མཛེས་དགོན་ཀྱི་ཟུར་གདོང་ནས་མར་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གི་ཉེ་འགྲམ་དུ་ཡོད་པའི་དཀར་མཛེས་འབྲིང་རིམ་སློབ་གྲྭའི་རྭ་སྐོར་ཕྱི་རོལ་ དུ་ཡོད་པའི་དམག་སྒར་དེ་དག་པར་རྒྱག་བཞིན་པའི་སྐབས། སྟབས་མ་ལེགས་པ་ཞིག་ལ་ཁོ་མོ་སྒྲིག་ཆས་མ་གོན་པའི་ཉེན་རྟོག་དམག་མི་ཞིག་གིས་ཤེས་ཏེ། དགུང་མོར་མགྲོན་ཁང་ནས་འཛིན་བཟུང་བྱས་བརྙན་པར་པར་ཆས་དང་བཅས་པ་འཕྲོག་སྟེ། དེ་ཉིན་རང་ལ་དཀར་མཛེས་ནས་དར་མདོར་འཁྲིད་རྗེས་པར་ཆས་ནང་གི་བརྙན་པར་རྣམས་ནག་བསུབས་བཏང་ནས་ཕྱིར་སྤྲོད་བྱས། བོད་དུ་སྡོད་མ་བཅུག་པར་ཁ་ཐུག་རྒྱ་ནག་ཁྲོན་ཏུའུ་བརྒྱུད་ཕྱི་འབུད་བྱས་འདུག སྟབས་ལེགས་པ་ཞིག་ལ་བུ་མོ་དེ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བ་དང་པར་ཆས་ནང་ཞིབ་བལྟ་བྱས་དུས། པར་སྒམ་Faill གཅིག་ལུས་ཡོད་པ་རེད། ཁོ་མོ་ད་ལྟར་མི་དངོས་པོ་རྒྱ་གར་དྷ་རམ་ས་ལ་ལ་ཡོད་པ་རེད། ཁོ་མོས་བཤད་དོན། ཁོ་མོའི་མི་ཚེ་ནང་ལུང་པ་ཆུང་ཆུང་ཞིག་ལ་དྲག་སྤྱོད་དམག་མི་དེ་འདྲ་མང་པོ་མཐོང་བ་ཐེངས་དང་པོ་ཡིན། ཞེས་དང༌། ད་དུང་ཁོ་མོ་འཛིན་བཟུང་ཐེབས་པའི་སྐབས་གལ་ཏེ་ཁོ་མོ་བོད་པ་ཞིག་ཡིན་ན་བཅར་རྡུང་དང་ཁྲིམས་གཅོད་མི་སྤྱོད་ལས་འདས་པ་མྱང་རྒྱུ་ལས་ལམ་ཁ་གཞན་གང་ཡང་མེད་པར་ངེས་ཀྱང༌། སྟབས་ལེགས་ནས་ཁོ་མོ་ཕྱི་རྒྱལ་གྱི་ལག་ཁྱེར་ཡོད་པའི་ཕྱི་རྒྱལ་གྱི་མི་ཞིག་ཡིན་སྟབས་ཕྱི་འབུད་གཏོང་བ་ལས་བྱེད་གཞན་གང་ཡང་མ་བྱུང་བ་རེད། ཅེས་བཤད་ཡོད་པ་རེད། ད་དུང་རྒྱལ་ཁབ་ཕྱི་ནང་གང་སར་དྲང་བདེན་གྱི་ལམ་ནས་བོད་དོན་ལྗགས་རྩོམ་ཤུགས་ཆེར་སྤེལ་མཁན་གྲགས་ཅན་རྩོམ་པ་པོ་འོད་ཟེར་ ལགས་ཀྱི། ༢༠༠༨ ས་བྱི་ཞི་རྒོལ་ཆེན་པོའི་བྱུང་རིམ་དངོས་བརྗོད་དྲ་རྩོམ་ནང་དུ། ཟླ་༤ ཚེས་༡༦ ཉིན་སི་ཁྲོན་མི་དོན་༼འདེམ་བཀོད་༽ཆ་འཕྲིན་དྲ་རྒྱར་གནས་ཚུལ་བསྒྲགས་དོན་ལ་༼སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་མི་དོན་ལས་ཁུངས།༼ལས་བྱེད་འདེམ་བཀོད་ལས་ཁུངས།༽ སྤྱི་བདེ་ལས་ཁུངས་བཅས་ཀྱིས་༢༠༠༨ ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཁག་ཏུ་མི་དམངས་ཉེན་རྟོག་པ་བསྡུ་ལེན་བྱེད་རྒྱུའི་གསལ་བསྒྲགས་༽སུ་དོན་ཚན་དང་པོ་ནི་བོད་ཁུལ་སྤྱི་བདེ་ལས་ཁུངས་ཁག་གི་གཞི་རིམ་ཡན་ལག་ཁང་དང་ཉེན་འགན་ཁང་གི་ལས་མི་བཅས་མི་གྲངས་༦༩༨ རྒྱུགས་སྤྲོད་བསྡུ་ལེན་བྱེད་རྒྱུ་ཡིན་འདུག་པ་འཁོད་འདུག དེ་དག་ཏུ་དཀར་མཛེས་ཁུལ་དུ་མི་གྲངས་༤༤༣ དང་རྔ་བ་ཁུལ་དུ་མི་གྲངས་༢༡༥ ལང་ཧྲན་ཁུལ་མི་ལི་རྫོང་དུ་མི་གྲངས་༤༠ བཅས་ཚུད་ཡོད། དེ་དང་ཆབས་ཅིག་ཏུ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་བཅས་ནས་སྤྱི་བདེ་ལས་ཁུངས་ཀྱི་དམིགས་བསལ་ལས་གནས་ས་མིག་ཐོག་རྒྱུགས་སྤྲོད་སྒོས་ཐ་དད་དུ་ཉེན་རྟོག་ལས་བྱེད་༢༣༩ དང་༡༠༢ བཅས་བསྡུ་ལེན་དང་སྐད་སྒྱུར་བ་ཚུད་པའི་ཁྱོན་བསྡོམས་མི་གྲངས་༡༠༣༩ བསྡུ་ལེན་བྱེད་ཀྱི་ཡིན་འདུག གསལ་བསྒྲགས་དེར་ནན་བརྗོད་བྱས་དོན་དུ་༼བཟའ་ཟླ་ཡིན་པ་དང་ཡང་ན་ཕན་ཚུན་བར་ཐད་ཀར་དུ་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པ། ཡང་ན་རང་ཉིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཉེ་འབྲེལ་སྤུན་མཆེད་རིགས་དང་དེ་དག་གི་ཉེ་འབྲེལ་སོགས་དང༌། གཞན་སྤྱི་ཚོགས་ཀྱི་འབྲེལ་བའི་བར་དུ་སྲོག་ཁྲིམས་བཅད་རིགས་ཡོད་པ་དང༌། ཡང་ན་ད་ལྟ་ཁྲིམས་ཆད་འཁུར་བཞིན་པའི་རིགས་དང་འབྲེལ་བ་ཡོད་པ་དང༌། ཡང་ན་རྒྱལ་ཁབ་ཕྱི་ལོགས་སུ་རང་རྒྱལ་གྱི་སྲིད་དབང་མགོ་རྟིང་སློག་པའི་ལས་འགུལ་སྤེལ་རིགས་དང་འབྲེལ་བ་ཡོད་པ་བཅས་ལས་གནས་འདིར་རྒྱུགས་སྤྲོད་བྱེད་མི་ཆོག་༽པའི་བཀག་རྒྱ་བཟོས་འདུག ཅེས་དང༌། ཟླ་༧ ཟླ་མཇུག་ཏུ་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ། འགག་སྒོ་སྔར་བཞིན་མང་ལ། དམག་མི་དང་ཉེན་རྟོག་པ་ཡང་སྔར་བཞིན་གང་སར་ཁེངས་ཡོད། དཀར་མཛེས་ཁུལ་གཅིག་པོ་ན་དམག་མི་བདུན་ཁྲི་ལས་ལྷག་བརྒལ་བ་ཡོད་པར་བརྗོད། གྲངས་འབོར་དེ་ཕྱི་ལོ་༡༩༥༩ ལོར་བོད་མི་ངོ་རྒོལ་བ་དྲག་གནོན་བྱེད་སྐབས་སུ་མངག་གཏོང་བྱས་པའི་དམག་དཔུང་གི་གྲངས་ཀ་ལས་རིང་དུ་བརྒལ་ཡོད། ཅེས་བྲིས་ཡོད་པ་རེད། སྤྱི་ལོ་ ༢༠༠༨་ལོར་ཞི་རྒོལ་ཆེན་མོའི་ནང་དཀར་མཛེས་ཁུལ་གྱི་མཎྜལ་ཐང་དུ་དམག་མི་གནམ་གྲུ་ ༧་ དབོར་ཡོད་པ་རེད། དམག་མི་འདི་ཚོ་ ༢༠༠༨་ ཟླ་ ༣་ ནས་ ༩་བར་ཟླ་བ་བདུན་ཙམ་རིང་དྲག་སྤྱོད་ལག་བསྟར་གྱིས་བཀོད་འདོམས་ས་ཁུལ་ཁག་ཏུ་བསྡད་ཡོད་པ་རེད། དེ་རྗེས་ས་ཁུལ་ཁག་ཏུ་བཀག་སྡོམ་དྲག་སྤྱོད་དངོས་སུ་སྤེལ་གྱི་མེད་ནའང༌། དམག་སྒར་ལྟེ་བ་ཁག་ཏུ་ད་དུང་ཡང་དྲག་སྤྱོད་དམག་འབོར་རང་འཇགས་བསྡད་ནས་ཞི་རྒོལ་བྱས་ན་དྲག་རྡུང་ལས་འགུལ་སྤེལ་ཆོག་ཆོག་བྱས་ནས་བསྡད་ཡོད་པ་རེད། ཞི་བདེའི་ཁོར་ལག་ཡངས་པའི་ལྡུམ་ར་ན༎ དྲག་དམག་སེར་རྒོད་འཁྲུགས་པའི་ཡོ་ལངས་འདི༎ རྒྱུས་མེད་ཕྱི་རྒྱལ་མི་ཡིས་མཐོང་ན་ཡང༌༎ སྙིང་རྗེས་མིག་ཆུ་འཆོར་བའི་གཏམ་རྒྱུད་གླེང༌༎

ཏྲེ་བོ་ཁུལ་གྱི་ས་བྱི་ཞི་བའི་འོས་ལངས་བྱུང་རིམ་ཞིབ་བཤད། (༢༠༠༨.༣.༡༠--༢༠༠༩.༦. ༡༡ )

སྤྱི་ཟླ་གསུམ་པའི་ཞི་རྒོལ།

ཉིན་གྲངས་ཉི་ཤུའི་དུས་ཀྱི་ཁུག་པའི་ནང༌༎ ཞི་རྒོལ་ཉེར་བདུན་འཕྱུར་བའི་རྦ་རླབས་འཁྲུགས༎

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་ ༣༡ བར་ཉིན་ཉི་ཤུའི་རིང་ཞི་རྒོལ་ཐེངས་ ༢༧ བྱས་པ།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་དཀར་མཛེས་རྫོང་ཐོག་ཏུ་བོད་རང་བཙན་གཙང་མ་ཡིན། ྋགོང་ས་མཆོག་རང་ཡུལ་གངས་ཅན་ཞིང་དུ་བཞུགས་གདན་འཇགས་དགོས་སོགས་ནང་དོན་འཁོད་པའི་ཡིག་ཆ་གང་སར་སྦྱར་པ་བརྟེན། ཕྱི་ཉིན་དཀར་མཛེས་དགོན་དུ་རྒྱ་དམག་མང་པོ་ཞིག་སླེབས་ཏེ་དགོན་པ་མཐར་བསྐོར་བ་དང༌། མི་དམངས་འདུ་བསྐོང་གིས་གལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་རྒྱག་པ་སོགས་ཀྱི་གནས་ཚུལ་བྱུང་ན་དམར་གསོད་གཏང་རྒྱུ་ཡིན་ལུགས་སོགས་ཀྱི་སྡིག་ར་སྐུལ་འདུག་ཀྱང༌། གོང་གསལ་གནས་དོན་དེའི་རྐྱེན་གྱིས་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་གསལ་པོ་མ་བྱུང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཡས་མས་ཤིག་ནས་སྟོང་འཁོར་དགོན་གྱི་ཕར་རོལ་ཞིང་ཁ་ནང་དང༌། སློབ་གྲྭ། འབྲུ་རིགས་ཁང༌། སྦྲགས་ཁང་བཅས་སུ་རྒྱ་དམག་གྲྭ་འབོར་ལས་ལྡབ་འགྱུར་གྱིས་མང་བ་སླེབས་ཏེ་ཞིང་ཁ་ནང་དམག་རྩལ་སྦྱོང་བ་དང༌། མི་དམངས་ལ་འཇིགས་སྐུལ་ཆེད་གནམ་ལ་མེ་མདའ་གྲངས་མེད་འཕེན་པ་སོགས་གཡུལ་འགྱེད་པ་ལྟ་བུའི་གྲ་སྒྲིག་གིས་དགོན་པ་དང་ཡུལ་མི་རྣམས་སྡོད་བཟོད་མི་བདེ་བ་བཟོས་པ་མ་ཚད། དུད་ཚང་རེར་ནས་ཤིང་ཁྲལ་རྒྱ་མ་ ༡༠༠ རེ་འབུལ་དགོས་པའི་བཙན་བཀའ་བཏང་ཡང་དུད་ཚང་རེ་གཉིས་ལས་སྤྲད་མཁན་མ་བྱུང་བ་དང༌། སྤྲད་མཁན་ཁ་ཤས་ནས་ཀྱང་རྣམ་འགྱུར་ཡག་མིན་ལ་བསྙད་དེ་ཉེས་པ་ལྕི་མོ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་འདུག །

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་དཀར་མཛེས་དང༌། རྫ་ཁོག། དར་རྒྱས༌། ཉག་རོང༌། སྟོང་འཁོར། ལྕོག་རི། རྟའུ། བྲག་མགོ། བེ་རི་བཅས་ནས་ཡིན་པའི་ཏྲེ་ཧོར་ཁུལ་གྱི་ཚོང་པ་དང༌། དེ་མིན་གནས་མཇལ་བ་སོགས་ཏྲེ་ཧོར་ཁུལ་གྱི་མི་མང་ཤོས་ལྷ་སའི་ཞི་རྒོལ་ཆེན་པོ་ནང་དུ་མཉམ་ཞུགས་བྱས་འདུག་པ་དང༌། དེའི་ཁོངས་ནས་འཛིན་བཟུང་བྱས་པ་དང༌། ག་སོང་ཆར་མེད་དུ་གྱུར་པ། རྐྱེན་འདས་སུ་ཕྱིན་པ་སོགས་མི་ཉུང་བ་ཞིག་ཡོད་པ་ནས་ཕྱི་གསལ་ནང་གསལ་ཅན་གྱི་ཆབ་སྲིད་བཙན་པ་ཁག་ཅིག་འགོད་པ་ནི། ༡༽ དཀར་མཛེས་ཨ་མ་དམ་ཚིག་མཁའ་འགྲོ། ༢༽ དཀར་མཛེས་བཀྲ་བསོད་ནམས། ༣༽ དར་རྒྱས་རྒྱལ་མཚན། ༤༽ དཀར་མཛེས་ཡིད་དགའ། ༥༽ དར་རྒྱས་ནས་ཐུབ་བསྟན། ༦༽ སྟོང་འཁོར་སྙི་ཁོག་འབོལ་ཆེན་དགོན་གྱི་བླ་སྤྲུལ་བློ་བཟང་སྐལ་ལྡན། ༧༽ སྟོང་འཁོར་སྙི་ཁོག་དར་རྒྱས་གླིང་དགོན་གྱི་གྲྭ་བློ་བཟང་དངོས་གྲུབ། ༨༽སྟོང་འཁོར་སྙི་ཁོག་དར་རྒྱས་གླིང་དགོན་གྱི་གྲྭ་ཐུབ་བསྟན་དངོས་གྲུབ་བཅས་དང༌། དེ་མིན་ཤེས་རྟོགས་བྱུང་བ་མང་དག་ཞིག་ཡོད་པ་ནས། སྟོང་འཁོར་གཅིག་པོར་ཆ་མཚོན་ན་སེར་འབྲས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་སྟོང་འཁོར་དགོན་གྱི་དགེ་འདུན་ཞལ་གྲངས་ ༣༤ ཙམ་འཛིན་བཟུང་གིས་ཟླ་བ་གསུམ་བཞི་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་མཐར་ཕ་ཡུལ་ཕྱོགས་སུ་བསྐྱལ་འདྲེན་བྱས་པ་སོགས་ཀྱི་གནས་ཚུལ་འདུག་ནའང་ཁོང་རྣམས་བདེ་འཇགས་བཅས་ཀྱི་ཆེད་དུ་འདིར་མ་བཀོད། ༡༽ དམ་ཚིག་མཁའ་འགྲོ་ནི། དཀར་མཛེས་ཀཿབྲག་ཤང༌། ཀཿབྲག་གྲོང་སྡེ་ནས་ཡིན་པ་མ་རྡོ་རྗེ་སྒྲོན་མ་ལགས་སུ་ཕྱི་ལོ་ ༡༩༦༠ ལོར་སྐྱེས་ཤིང་འདས་གྲོངས་སྐབས་རང་ལོ་ ༤༩ ཡིན་འདུག་པ་དང་ལྷ་སའི་ཚེ་སྨོན་གླིང་དུ་གནས་བཞུགས་བྱེད་ཀྱི་ཡོད་འདུག་ཅིང༌། གོང་གསལ་བཞིན་ཕྱི་ཟླ་ ༣ ཚེས་ ༡༡ ནས་ ༡༤ བར་ལྷ་སའི་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་ཀྱིས་ཞི་རྒོལ་བྱས་པ་དང༌། ཚེས་ ༡༤ ཉིན་གྱི་དགོང་མོ་སྟོད་ལུང་ནས་ཡིན་པའི་བེུད་རང་ལོ་ ༡༨ ཙམ་ཡིན་པ་ཞིག་གི་རྐང་པ་ལ་མེ་མདའི་རྡེའུ་བཞི་ཕོག་སྟེ་བོད་མི་ཁ་ཤས་ཤིག་གིས་མོ་རང་བསྡད་སའི་སྒོ་ར་ནང་དུ་ཁུར་ཡོང་བ་ཨ་མ་དམ་ཚིག་མཁའ་འགྲོ་ནས་མཐོང་དུས། སེམས་ཀྱིས་མ་བཟོད་པར་རྨ་ལས་སོགས་བྱས་ཏེ་གཟུགས་པོ་ཚང་མ་ཁྲག་གིས་ཁེངས་པ་མཐོང་རྐྱེན་གྱིས་རེ་ཞིག་དྲན་པ་འཐོར་ནས་ས་ལ་རིལ་པ་སོགས་ཀྱི་གནས་ཚུལ་བྱུང་འདུག། དེ་རྗེས་མོ་སྡོད་སའི་ཤར་ཕྱོགས་སུ་ཁང་པ་ཆེན་པོ་ཞིག་གི་སྒང་ནས་ཕོ་གསར་གཞོན་སྐྱེས་གཉིས་ཀྱིས་རྒྱ་དམར་གྱི་དར་ཆ་མར་ཕབ་སྟེ་འབོད་ཚིག་འདྲ་མིན་སྒྲོག་སྐབས། སླར་ཡང་ཞི་རྒོལ་ནང་དུ་མཉམ་ཞུགས་ཀྱིས་ བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག། བོད་མི་རྩམ་གཟན་རྣམས་ཡར་ལངས་ཤོག། ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་སྨྱོན་པ་ལྟར་བུ་ཆགས་ནས་གང་སར་རྒྱུགས་ཏེ་སྐད་འབོད་བྱས་པ་དེ་ནས་བཟུང་སེམས་ཁམས་མི་བདེ་བ་ལྟར་བུ་ཆགས་ཏེ། ཟླ་བ་དེས་ཚེས་ ༡༩ ཉིན་ལྷ་སའི་མི་དམངས་སྨན་ཁང་མན་འབྲན་པུང་ཟེར་བའི་ནང་ཉིན་གྲངས་ ༢༥ རིང་སྡོད་དགོས་བྱུང་བ་དང༌། སྐབས་དེར་སྨན་ཁང་ནང་མེ་མདའ་འོག་ཏུ་རྨས་སྐྱོན་ཕོག་པའི་དགེ་འདུན་པ་ཞིག་སྨན་བསྟེན་པར་ཡོང་སྐབས་སླར་ཡང་དྲན་པ་འཐོར་ནས་ནད་གཞི་ཇེ་སྡུག་ཕྱིན་འདུག་པ་དང༌། དེ་རྗེས་ཕྱི་ཟླ་ ༤ པ་ནང་སེ་ར་དགོན་གྱི་ཉེ་འགྲམ་དམག་མིས་སྨན་ཁང་དུ་ཉིན་ ༡༦ རིང་སྨན་བསྟེན་སྐབས་ཨིམ་ཆི་ཡིས་ཁོང་གི་ན་ཚ་སྙིང་ནད་ཡིན་པ་དང༌། གལ་ཏེ་རྒྱ་སྒོར་ཁྲི་ ༦༠ ཙམ་ཡོད་ན་རྒྱ་ནག་ནས་ཐབས་ཤེས་ཡོང་བ་ལས་ཐབས་ཤེས་གཞན་མེད་ལུགས་བཤད་པར་བརྟེན། ཅི་བྱ་ལྟོས་མེད་ཀྱིས་རང་ཁྱིམ་དུ་ལོག་སྟེ་མཐར་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༡ ཉིན་གྱི་ཞོགས་པ་ཚོུད་ ༣ དང་སྐར་མ་ ༤༥ སྟེང་འདས་གྲོངས་སུ་ཕྱིན་ལ། ཕུང་པོ་དུར་སར་བསྐྱལ་དུས་རོ་ལས་པ་སྟོབས་ལྡན་གྱིས་མོའི་སྙིང་འཐོར་ཚར་འདུག་ཅེས་བཤད་ཡོད་འདུག། ༢༽ བཀྲ་བསོད་ནམས་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གསེར་ཆུ་སྟེང་གྲོང་སྡེ་ནས་ཕ་བསོད་བཀྲིས་དང༌། མ་པད་མ་གཉིས་སུ་ཕྱི་ལོ་ ༡༩༦༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༨ ཡིན་འདུག་པ་དང༌། ཁོང་དཀར་མཛེས་གསེར་ཆུ་སྟེང་ནས་རོ་ཚལ་གྲོང་དུ་མག་པ་ཡོང་བ་ཞིག་ཡིན་འདུག་ལ། དེ་རྗེས་ལྷ་སའི་ཀརྨ་དགོན་གསརདུ་ཁང་པ་སྤོས་ལེགས་ཤིག་ཉོས་ཏེ་ལྷ་སར་གནས་སྤོར་བྱས་པའི་དཀར་མཛེས་ཁུལ་གྱི་ཚོང་པ་ཆེ་ཤོས་ཤིག་ཡིན་འདུག། ཁོང་ལ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་གྱི་མཚན་མོ་ཕྱག་ཚོད་ ༡༡ སྟེང་དྲག་ཆས་ཉེན་རྟོག་པ་དང༌། དྲག་ཆས་དམག་མི་གདོང་ལ་རས་ནག་པོ་གོན་པ་མང་པོ་ཞིག་ཁྱིམ་དུ་བཙན་འཛུལ་གྱིས་ཁོང་ལ་ཉིན་དེའི་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག་པ་དང༌། དེ་རྗེས་ཁོང་གི་བཙོན་རོགས་ཁ་ཤས་བརྒྱུད་ནས་གོ་ཐོས་བྱུང་བ་གཞིགས་ན། དེ་ཉིན་ཁོང་གི་སྐེ་ལ་ྋགོང་ས་མཆོག་གི་སྐུ་པར་ཆུང་ཆུང་ཞིག་ཡོད་པ་དེ་ཉེན་རྟོག་པས་བཙན་འཕྲོག་གིས་ཁོང་ལ་རྡོག་བརྫིས་གཏང་རྒྱུའི་བཙན་བཀའ་བཏང་སྐབས་ཉན་འཇོག་མ་བྱས་པར་བརྟེན། ཉེན་རྟོག་པས་ཁོང་གི་མགོ་ལ་ལྕགས་མདའ་བཞུས་ཏེ་མིག་གཉིས་ཀ་ཕྱིར་ཐོན་ཏེ་ས་ལ་རིལ་པ་གོས་ཐོས་བྱུང་ནའང༌། ད་བར་འདི་ཡོད་འདི་མེད་ཀྱི་གནས་ཚུལ་གསལ་ཁ་མ་བྱུང་ཞིང༌། རྗེས་སུ་གཞན་གྱི་བརྒྱུད་ནས་གོ་གསལ་ལྟར་ན་སྐབས་དེར་རྐྱེན་འདས་སུ་བཏང་ཡོད་ཚོད་འདུག། ༣༽ རྒྱལ་མཚན་ནི། དར་རྒྱས་ཁ་སྒང་ཤང༌། ནོར་འཛིན་གྲོང་ཚོ་ནས་ས་སྟོད་ཚང་གི་བུ་ཡིན་ལ། ཕ་ཚེ་ལས་འདས་ཟིན་པ་ཞིག་དང༌། མ་ཚེ་ལྷ་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༥༥ ལོར་སྐྱེས་ཤིང་རང་ལོ་ ༥༤ ཡིན་འདུག། ཁོང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༢།༡༣།༡༤ བཅས་སུ་ལྷ་སའི་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་པ་དང༌། ཚེས་ ༡༤ ཉིན་ནས་བཟུང་ད་བར་ག་སོང་ཆར་མེད་ཆགས་འདུག་ལ་འབྲེལ་ཡོད་རྣམ་པས་ལྷ་སའི་བཙོན་ཁང་སོགས་གང་སར་འཚོལ་ཞིབ་བྱས་ཀྱང་རྙེད་སོན་མ་བྱུང་བ་མ་ཚད་ཤི་གསོན་ཅི་ཡིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་བྱུང་མི་འདུག། ཁོང་ནི་ལྷ་སར་ཚོང་རྒྱག་ནས་བསྡད་མཁན་ཞིག་ཡིན་པ་དང་དེ་སྔ་ཕྱི་ལོ་ ༡༩༨༨ ལོར་ལྷ་སའི་ཞི་རྒོལ་ཆེན་མོ་ནང་དུའང་མཉམ་ཞུགས་བྱས་རྐྱེན་གྱིས་ཉེན་རྟོག་པས་མེ་མདའ་རྒྱག་སྟེ་ཁོང་རྐང་ཀྱོག་བཟོས་པའི་གནས་ཚུལ་བྱུང་འདུག། ད་སྐབས་ནང་མི་ཉེ་འབྲེལ་རྣམས་ཀྱིས་ཁོང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་རྒྱ་དམར་ནས་དམར་གསོད་བཏང་ཡོད་པར་བསམ་སྟེ་སེམས་སྡུག་དང༌། མཆོད་འབུལ་སོགས་ཀྱང་བྱེད་བཞིན་ཡོད་འདུག། ༤༽ ཡིད་དགའ་ནི། དཀར་མཛེས་རོ་ཚལ་ཤང༌། རོ་ཚལ་གྲོང་ནས་ཡིན་ལ་ཕ་ཚེ་ལས་འདས་ཟིན། མ་མིང་ཚེ་རིང་མཁའ་འགྲོ་ལགས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་པ་དང༌། ཁོང་ལྷ་སར་ཀརྨ་དགོན་གསར་དུ་གནས་སྡོད་བྱེད་ཀྱི་ཡོད་འདུག་ཅིང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༢།༡༣།༡༤ བཅས་སུ་ལྷ་སའི་ཞི་རྒོལ་ཆེན་པོ་ནང་དུ་མཉམ་ཞུགས་བྱས་པ་དང༌། ཚེས་ ༡༤ ཉིན་ནས་བཟུང་ག་སོང་ཆར་མེད་དུ་གྱུར་འདུག་ནའང༌། དེ་རྗེས་ལོ་འཁོར་གཅིག་ཙམ་གྱི་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༣ པའི་ནང་གློད་གྲོལ་ཐོབ་སྟེ་ནང་མི་མཉམ་འཛོམས་བྱུང་ཡོད་འདུག། དེ་མིན་ལྷག་མ་གོང་གསལ་བཞིན་མཚན་ཐོ་ཨང་གྲངས་ ༥ ནས་ ༨ བར་གྱི་ལོ་རྒྱུས་རྣམས་འཛིན་བཟུང་བྱས་དུས་དང་མཐུན་པ་གཤམ་དུ་འགོད་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་སྟོང་འཁོར་དགོན་གྱི་དགེ་བསྐོས་ཚེ་དབང་རིག་འཛིན་ལགས་ནས། ཕྱི་ཟླ་ ༣།༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སོགས་ལ་རྒྱ་དམར་གྱིས་དམར་གསོད་བཏང་བ་དང༌། རྨས་སྐྱོན་ཕོག་པ། བཙོན་དུ་བཅུག་པ་སོགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ཆེད་དུ་སྟོང་འཁོར་དགོན་གྱི་ཆོས་རྭ་ནང་འདུས་ཚོགས་སུ་ཐུགས་སྨོན་སྐྱབས་འཇུག་དང༌། ༧གོང་ས་སྐྱབས༧མགོན་ཆེན་པོར་སྐུ་ཚེ་ཞབས་པད་བརྟན་པ་སོགས་ཀྱི་ཆེད་དུ་ཞལ་རིམ་གསོག་སྒྲུབ་གནང་དགོས་ལུགས་སོགས་གསུང་པ་བཞིན་བོད་བསྟན་པ་ཆབ་སྲིད་དང༌། མི་རིགས་ལ་རྒྱ་བཅས་ཀྱི་ཆེད། ྋགོང་ས་མཆོག་གི་ཞབས་བརྟན་སོགས་ཞབས་རིམ་ཁག་རྣམས་གནད་སྨིན་འབད་སྒྲུབ་ཞུས་པའི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་ཏྲེ་ཧོར་དར་རྒྱས་དགོན་པར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་གནས་ཚུལ་བྱུང་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་དཀར་མཛེས་རྩག་ལེགས་གྲོང་ནས་ཡིན་པ་བཀྲིས་རྣམ་རྒྱལ་ཟེར་བ་གསེར་རྟའི་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་ཏེ་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་འབོད་ཚིག་འདྲ་མིན་སྒྲོག་བཞིན་དུས་ཡུན་ཙམ་གྱི་རིང་ཞི་རྒོལ་བྱས་སྐབས། དྲག་ཆས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་སླེབས་ཏེ་རྫོང་སྲིད་གཞུང་ལས་ཁུངས་མདུན་ནས་ཐག་པ་ཞིག་འཐེན་ཏེ་འདིའི་ནང་སླེབས་ན་དམར་གསོད་གཏང་རྒྱུ་ཡིན་ཅེས་སོགས་བཤད་པ་དང༌། སྐབས་དེར་རྒྱ་དམར་ནས་བརྙན་འཕྲིན་པར་ལེན་བྱས་ནས་ས་གནས་དེར་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་མ་བྱུང་ཡང་རྗེས་སུ་རིམ་པའི་པར་ལེན་བྱས་པའི་ཁོངས་ནས་འཛིན་བཟུང་བྱས་ཏེ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང༌། དེ་མིན་བྲོས་བྱོལ་དུ་ཕྱིན་པ་རྣམས་འཇུ་བཟུང་བཀའ་རྒྱ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་བ་ནས་ཕྱི་ཟླ་ ༥ ཚེས་ ༧ ཉིན་འགྲེམས་སྤེལ་བྱས་པའི། བྱབྱ དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས་༼༢༠༠༨༽ལོའི་འཇུ་བཟུང་བཀའ་རྒྱ་ཨང་ ༠༡ ཟེར་བ་ནང་གསལ་བཞིན། ༼སྐལ་བཟང༌། སྐྱེས་པ། ལོ་ ༣༡ ཡིན། བོད་རིགས། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་མི་ཡིན། གསེར་རྟ་ལ་མར་ཚོང་རྒྱག་གི་ཡོད་པ་རེད། གཟུགས་པྱད་ཀྱི་ཁྱད་ཆོས་ནི་གཟུགས་རིང་ཐུང་ ༡༧༠cm ཡས་མས་ཡིན། རྣ་ལྕོག་ཆེན་པོ། སྣ་གདོང་མཐོན་པོ། ཁ་ཆེན་པོ། མིག་ཆུང་ཆུང༌། ལུས་ཤ་འབྲིང་པོ་ཡིན།༽ ཅེས་སོགས་ཀྱི་ནང་དོན་འཁོད་བའི་འཇུ་བཟུང་བཀའ་རྒྱ་གང་སར་བཀྲམ་ནས་གལ་ཏེ་ཉེན་རྟོག་པར་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ཚོ་མང་པོའི་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་སོགས་བཤད་ཡོད་འདུག། མ་ཚད་དེ་སྔ་ཕྱི་ལོ་ ༢༠༠༡ ལོར་དཀར་མཛེས་ཁུལ་དུ་གྲོང་ཚོ་སོ་སོ་ནས་གོ་སྒྲིག་འོག་དགོན་སྡེ་ཁག་མང་པོའི་དགེ་འདུན་པ་གདན་དྲངས་ནས་སེར་སྐྱ་མི་མང་འབོར་ཆེན་མཉམ་འཛོམས་ཀྱིས་ྋགོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་ལས་འགུལ་སྤེལ་སྐབས་ཁོང་གིས་ཀྱང་གཙོ་གྲས་བྱས་ཏེ་བརྟན་བཞུགས་ཕུལ་བ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༦ ལོ་ནས་ ༢༠༠༨ བར་རྒྱ་གཞུང་ནས་བཀག་སྡོམ་བྱས་པའི་ཨ་རིའི་རླུང་འཕྲིན་ཁང་གི་བདུན་རེའི་གཟུགས་མཐོང་བརྙན་འཕྲིན་སོགས་གསར་ལམ་ཁག་དུད་ཚང་ ༦༠ ལྷག་གི་བརྙན་འཕྲིན་ནང་འཆར་ཐུབ་པ་བཟོས་པ་སོགས་བོད་མི་རིགས་ལ་ཞལ་འདེབས་རབ་རིམ་ཞུས་ཡོད་འདུག། ཁོང་ནི་དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་རྩག་ལེགས་གྲོང་ཚོ་ནས་ཕ་ཕུན་ཚོགས་བདེ་ལེགས་དང༌། མ་ཡེ་ཤེས་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་དར་རྒྱས་དགོན་གྱི་གྲྭ་བསྟན་འཛིན་རྣམ་རྒྱལ་ནས། དར་རྒྱས་ཡུལ་དགོན་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱེད་རྒྱུའི་འཆར་གཞི་ཡོད་ལུགས་འབྲེལ་ཡོད་ཁག་ལ་གློག་ཀླད་བརྒྱུད་འགྲེལ་བཤད་བྱས་པ་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ། ཉིན་དེའི་ཕྱི་དྲོ་ཕྱག་ཚོད་ ༤ པའི་ཐོག་འཛིན་བཟུང་བྱས་ཏེ་ལོ་འཁོར་གཅིག་མ་ཟིན་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་མཐར་ཉེས་རྡུང་སོགས་ཀྱི་རྐྱེན་ལས་གཟུགས་པོ་ནད་གཅོང་ཆགས་སྟབས། རྒྱ་གཞུང་ནས་འཆི་ཉེན་ལ་འགན་ལེན་མ་ཐུབ་པ་གློད་གྲོལ་ཐོབ་འདུག་པ་དང༌། དེ་རྗེས་ནང་མིས་ཁོང་ཁྲེན་ཏུའུ་སྨན་ཁང་ཞིག་ནང་སྨན་བཅོས་ཀྱིས་རྒྱ་སྒོར་ ༤༠༠༠༠། ལྷག་འགྲོ་གྲོན་བཏང་ནས་ད་སྐབས་ཏོག་ཙམ་དྲག་སྐྱེད་བྱུང་སྟེ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག། ཁོང་ནི་དར་རྒྱས་༼འདན་མ་ཁག༽གྲོང་ཚོ་ནས་ཕ་བུ་གཡང་དང༌། མ་བསོད་ནམས་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཡིན་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་གྱི་ཞོགས་པ་དར་རྒྱས་དགོན་གྱི་དགེ་འདུན་པས་སྣེ་ཁྲིད་དེ་ཁྱོན་སེར་སྐྱ་མི་མང་ ༢༠༠། ལྷག་གིས་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་གོམ་བགྲོད་ཀྱིས་དཀར་མཛེས་རྫོང་ཐོག་ལ་ཁ་བཏད་དེ། ལམ་ཐག་ལེ་དབར་ ༡༥ ཙམ་གྱི་སར་བྲག་ཁ་ཆུ་མདའ་ཟེར་བའི་ས་གནས་སུ་འབྱོར་སྐབས། རྒྱ་དམག་མང་པོས་ལམ་དུ་དཀར་ཐིག་ཞིག་འཐེན་ཏེ་འདིའི་མན་ལ་འགྲོ་ན་མེ་མདའ་རྒྱག་སྟེ་དམར་གསོད་གཏང་རྒྱུ་ཡིན་ཞེས་བཤད་འདུག་པ་དང༌། སྐབས་དེར་སྐུ་ཞབས་ཉ་རྒྱས་རིན་པོ་ཆེ་ནས་སེར་སྐྱ་མང་པོ་འཆི་ཉེན་ལ་དགོངས་ཏེ་རེ་ཞིག་འགྲོ་མི་ཉན་པའི་བསླབ་བྱ་ཡང་ཡང་གནང་བ་བརྟེན་ཐིག་གི་ནང་དུ་ཕྱིན་མི་འདུག་རུང༌། ས་གནས་དེར་དུས་ཡུན་ཙམ་གྱི་རིང་ བྱབྱ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག། རང་ཡུལ་གངས་ཅན་ཞིང་ལ་མྱུར་དུ་བཞུགས་གདན་འཇགས་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས། རྒྱ་དམར་བོད་ནས་ཕར་རྒྱུགས། ཟེར་བ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ཅིང༌། སྐབས་དེར་བྲག་ཁ་ཆུ་མདའ་ནས་བེ་རི་གསེར་ཁ་གྲོང་སྡེ་བར་ལེ་དབར་གཉིས་ཙམ་གྱི་སར་རྒྱ་དམག་སྟོང་ཚོ་གཉིས་ལྷག་གིས་བཀག་སྡོམ་བྱས་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་གྱི་ཉིན་རྒྱབ་ཚོུད་ ༡ སྐར་མ་ ༥༠ ཙམ་ལ་དཀར་མཛེས་ཁུལ་གྱི་ཚོང་པ་ཁག་བཅས་བོད་མི་བཅུ་ཕྲག་ཁ་ཤས་ནས་འགོ་ཁྲིད་དེ་དཀར་མཛེས་རྫོང་བཅིངས་གྲོལ་ལམ་དང་ཁྲོན་བོད་གཞུང་ལམ་གྱི་བཞི་མདོ་ནས་འགོ་བཙུགས་ཏེ་ཞི་རྒོལ་གྱི་འབོད་ཚིག བྱབྱ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག། རང་ཡུལ་གངས་ཅན་ཞིང་ལ་མགྱོགས་ནས་མྱུར་དུ་བཞུགས་གདན་འཇགས་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས། རྒྱ་དམར་བོད་ནས་ཕར་རྒྱུགས། ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་མི་ཚོགས་བཅིངས་གྲོལ་ལམ་ནས་ཁ་བྱང་ཕྱོགས་སུ་འཁོར་ཏེ་ཉེན་རྟོག་ལས་ཁུངས་དང༌། རྫོང་གི་ལས་ཁུངས་ཆེ་ཤོས་ཀྱི་མདུན་དུ་ཞི་རྒོལ་བྱེད་པར་ཕྱིན་པ་དང་སྟབས་བསྟུན་མི་ཁ་ཤས་ནས་ བྱབྱ བོད་རང་བཙན་གཙང་མ་ཡིན། ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་བཞུགས་གདན་འཇགས་དགོས་ ཞེས་སོགས་ཀྱི་ནང་དོན་འཁོད་བའི་ཡིག་ཆ་བརྒྱ་ཕྲག་མང་པོ་གནམ་ལ་གཏོར་བ་སོགས་བྱས་ཏེ། མཐར་མི་དམངས་སྟོང་ཚོ་གསུམ་ལྷག་ཙམ་མཉམ་འཛོམས་ཀྱིས་དཀར་མཛེས་དགོན་གྱི་འཚེམ་བཟོ་ཁང་བར་སླེབས་སྐབས་དྲག་ཆས་དམག་མི་བརྒྱ་ཕྲག་ལྷག་གི་རླངས་འཁོར་རྣམས་ཞི་རྒོལ་བའི་དཀྱུས་ལ་འཛུལ་ནས་རྗེས་མ་རྣམས་བཀག་འགོག་བྱས་པ་དང༌། སྔོན་མ་རྣམས་མུ་མཐུད་དེ་འགྲོ་སྐབས་སྔོན་རྒྱབ་གཉིས་ནས་པར་དང་བརྙན་འཕྲིན་པར་ལེན་བྱས་ནས་མཐར་སྐུ་འབུམ་ཞབས་ཟེར་བའི་སར་འབྱོར་སྐབས་ཕྱོགས་གང་ས་ནས་དྲག་ཆས་ཉེན་རྟོག་པ་དང༌། དྲག་ཆས་དམག་མིས་ལག་ཏུ་མེ་མདའ་དང༌། ལྕགས་མདའ་སོགས་ཐོགས་ཏེ་མི་དམངས་རྣམས་བཀག་ནས་ཉེས་རྡུང་ཚད་མེད་གཏོང་བར་མ་ཚད། མེ་མདའ་སོགས་བེད་སྤྱོད་དེ་མི་མང་པོ་ཞིག་རྨས་སྐྱོན་ཕོག་པ་དང༌། ཤི་གསོན་ཅི་ཡིན་མ་ཤེས་པ་རླངས་འཁོར་ནང་ཁྱེར་ཕྱིན་པ། ཉེས་རྡུང་བཏང་བ། འཛིན་བཟུང་གིས་བཙོན་དུ་བཅུག་པ། བྲོས་བྱོལ་དུ་ཕྱིན་པ་སོགས་བསམ་ཡིད་ལས་འདས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག་པ་དང༌། ཞི་རྒོལ་བ་མང་པོ་ཞིག་གི་ནང་མི་རྣམས་དཀར་མཛེས་རྫོང་མི་དམངས་སྨན་ཁང་གི་སྒོ་འགྲམ་དུ་ཉིན་གཉིས་ཙམ་གྱི་རིང་སྒུག་ནས་བསྡད་ཀྱང་སྨན་ཁང་ནང་དུའང་འཁྲིད་མི་འདུག། གོང་གསལ་ཞི་རྒོལ་བའི་ཁོངས་ནས་ཤེས་རྟོགས་བྱུང་བ། ༡༽ དཀར་མཛེས་གསེར་ཆུ་སྟེང་ཆུ་ཁ་ཚང་གི་༼དངོས་དགའ༽དངོས་གྲུབ་ཕུན་ཚོགས་དང༌། ༢༽ རྫ་ཁོག་ནས་དཀར་མཛེས་གྲུ་ཁང་སྟེང་དུ་མག་པ་ཡོང་བ་ནོར་བུ་ཚེ་རིང༌། ༼ལྷག་པ་ཚེ་རིང་༽ ༣༽ དཀར་མཛེས་གཙོ་གཞིས་གྲོང་ནས་རྟ་རྒྱུག་སྟེང་ཚང་གི་པད་མ་བདེ་ཆེན། ༤༽ ལྕོག་རི་གནས་རྩ་གྲོང་སྡེ་ནས་ཡིན་པ་ཨ་ཕ་འཇམ་དབྱངས། ༥༽ དཀར་མཛེས་གྲུ་ཁང་སྟེང་གྲོང་སྡེ་ནས་ཡིན་པ་འཆི་མེད་མགོན་པོ། ༦༽ དཀར་མཛེས་གྲུ་ཁང་སྟེང་གྲོང་སྡེ་ནས་མགོན་པོ་རྒྱལ་མཚན། ༼མགོན་དགའ༽ ༧༽ དཀར་མཛེས་གཙང་ཁ་གྲོང་སྡེ་ནས་གཙང་ཁ་ཚང་གི་བཟང་པོ། ༨༽ དཀར་མཛེས་ཁོག་རྩེ་གྲོང་སྡེ་ནས་ཨ་རུ་ར་ཚང་གི་བློ་དབྱངས། ༩༽ དཀར་མཛེས་འོ་བཟང་གྲོང་སྡེ་ནས་ཡིན་པ་བཀྲིས་དཔལ་ལྡན།༼བཀྲ་དཔལ་ལྡན༽ ༡༠༽ དཀར་མཛེས་རྫོང་ཐོག་སྟག་ཆུ་མདའ་ནས་ཡིན་པ་བློ་དགའ། ༡༡༽ རོང་པ་ཚལ་ནས་༼འགུལ་ཏོག་༽གྲོང་སྡེ་ནས་ཡིན་པ་དོན་ལྡན། ༡༢༽ རོང་པ་ཚལ་༼འུ་ཀྲང་༽གྲོང་སྡེ་ནས་ཡིན་པ་བཙུན་མ་རིན་འཛིན་སྒྲོལ་མ། ༡༣༽ དཀར་མཛེས་རྫོང་ཐོག་ཆུ་ལེན་ལ་འགོ་གྲོང་སྡེ་ནས་བུད་མེད་ཤོའུ་མིང་མིང༌།༼ཤོ་མིན་མིན༽ ༡༤༽ དཀར་མཛེས་དགོན་གྱི་དབུ་མཛད་ཟུར་པ་ཚེ་བརྟན་ཕུན་ཚོགས། ༡༥༽ དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་ཕ་རོལ་ཚང་གི་ཚེ་རིང་འགྱུར་མེད།༼ཚེ་རིང་ནད་མེད༽ ༡༦༽ དཀར་མཛེས་མ་འདུས་གྲོང་སྡེ་ནས་མ་འདུས་ཚང་གི་མགོན་པོ།༼མགོན་པོ་དབང་ཕྱུག༽ ༡༧༽ དཀར་མཛེས་རྫོང་ཐོག་ཆུ་མགོ་སྤང་སྟེང་གྲོང་སྡེ་ནས་ཡིན་པ་སྔོ་རིང་ཚང་གི་ཚེ་རིང་རྡོ་རྗེ། ༡༨༽ དཀར་མཛེས་ལྭ་སྒང་སྟེང་གྲོང་སྡེ་ནས་ཡིན་པ་བསོད་ནམས་ཉི་མ། ༡༩༽ དཀར་མཛེས་རྒྱན་བཟང་ནང་ནས་ཡིན་པ་ངག་དབང་བཀྲིས། ༢༠༽ དཀར་མཛེས་རྒྱན་བཟང་ནང་ནས་ཡིན་པ་རྡོ་རྗེ་བཀྲིས། ༢༡༽ དཀར་མཛེས་༼ཡར་ལངས་ཆ༽གྲོང་སྡེ་ནས་བསོད་ནམས་རྡོ་རྗེ། ༢༢༽ དཀར་མཛེས་བེན་བདེ་སྒང་ནས་དོན་གྲུབ། ༢༣༽ དཀར་མཛེས་༼ཞི་བཟང་༽གྲོང་སྡེ་ནས་རྣམ་གསལ་དབང་ལྡན། ༢༤༽ དཀར་མཛེས་སུ་ངོ་གྲོང་ཚོ་ནས་རྣམ་རྒྱལ། ༢༥༽ དཀར་མཛེས་རྒྱལ་མཁར་གྲོང་ནས་ཡིན་པ་བསོད་ནམས་རྒྱ་མཚོ། ༢༦༽ དཀར་མཛེས་༼ཞིམ་མངར་༽གྲོང་སྡེ་ནས་རིན་ཆེན་རྒྱ་མཚོ། ༢༧༽ རྫ་ཁོག་༼འུ་ན་ར་བ༽གྲོང་སྡེ་ནས་ཡིན་པ་བྱམས་རྡོ། ༢༨༽ རྫ་ཁོག༼འུ་ན་ར་བ་༽གྲོང་སྡེ་ནས་དཀར་མཛེས་མ་འདུས་གྲོང་དུ་མག་པ་ཡོང་བ་བསྟན་པ། ༢༩༽ དཀར་མཛེས་༼ཁུ་ཡུག་ནང་༽གྲོང་སྡེ་ནས་བཀྲིས་སྟོབས་རྒྱལ། བཅས་དང༌། དེ་མིན་སྐབས་དེར་ཞི་རྒོལ་བ་མང་དག་ཞིག་འདི་ནས་ཤེས་རྟོགས་བྱུང་བ་ཡོད་མོད། ཁོང་རྣམས་བདེ་འཇགས་སོགས་ཀྱི་ཆེད་དུ་འདིར་མ་བཀོད། ༡༽ སྐབས་དེར་ཞི་རྒོལ་བའི་གཙོ་བོ་དངོས་གྲུབ་ཕུན་ཚོགས།༼དངོས་དགའ་༽ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གསེར་ཆུ་སྟེང་གྲོང་དུ་ཆུ་ཁ་ཚང་གི་ཕ་༼ཚེ་འདས་༽པད་མ་ཚེ་རིང་དང༌། མ་༼ཚེ་འདས༽སྐལ་བཟང་སྒྲོལ་མ་གཉིས་སུ་སྐྱེས་ཤིང་ད་སྐབས་རང་ལོ་ ༥༣ ཡིན་འདུག་པ་དང༌། ཁོང་གིས་ཕྱི་ལོ་ ༡༩༩༠ ལོར་དཀར་མཛེས་དགོན་གྱི་དགེ་འདུན་པ་དང་དད་ལྡན་སེར་སྐྱ་རྣམས་ལ་ྋགོང་ས་མཆོག་གི་སྐུ་པར་དང༌། ཚད་མེད་ཡོན་ཏན་སོགས་ཀྱི་ཕྱག་དཔེ་འགྲེམས་སྤེལ་བྱས། ཕྱི་ལོ་ ༢༠༠༡ ལོར་དཀར་མཛེས་ཁུལ་དུ་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་བ་སོགས་ཀྱི་ལས་འགུལ་སྤེལ་མཁན་གཙོ་གྲས་ཤིག་ཡིན་འདུག་ལ། དེ་རྗེས་གོང་གསལ་བཞིན་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོ་སྐབས་སྣེ་ཁྲིད་མཁན་དང་པོ་དེ་ཡིན་ལ༌། སྐབས་དེ་དྲག་ཆས་ཉེན་རྟོག་པ་དང་དྲག་ཆས་དམག་མིས་མེ་མདའ་སོགས་རྒྱག་སྟེ་རྨས་རྐྱེན་ཕོག་ཁར་འཛིན་བཟུང་གིས་བཙོན་འཇུག་བྱས་ནས་ཟླ་ཤས་རིང་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཅུག་པ་དང༌། དེ་རྗེས་དར་རྩེ་མདོར་བཙོན་ཁང་ནང་སྐྱེལ་འདྲེན་གྱི་མཐར་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་སྔ་དྲོ་ཚོུད་ ༩ ཙམ་ལ་ཁྲིམས་ར་ལ་ཁྲིད་ཡོང་སྟེ་ཁྲིམས་དཔོན་སོགས་བལྟ་རྟོག་བྱེད་མཁན་མི་གྲངས་ ༢༠ ལྷག་ཙམ་ཞིག་གི་འདུ་འཛོམས་ཀྱིས་གོ་བསྡུར་བྱེད་ཁུལ་བྱས་པ་དང༌། སྐད་བསྒྱུར་བོད་པ་ཞིག་ལས་གཞན་རྣམས་ཕལ་ཆེར་རྒྱ་མི་ཡིན་འདུག། སྐབས་དེར་དངོས་དགའ་ལ་དེ་སྔོན་རྒྱ་ཁབ་ལ་ངོ་རྒོལ་བྱེད་དགོས་དོན་དམིགས་ཡུལ་ཇི་ཡིན་འདྲི་སྐབས། དངོས་དགའ་ནས་ལན་དུ། བྱབྱ ང་ཚོའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་གྲོལ་དགོས་པ་དང༌། ྋརྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་ཙམ་མ་ཟད་སེམས་ཅན་དབུགས་ཡོད་ཚད་ལ་ཞི་བདེ་དང་རང་དབང་དགོས་པས་ཞི་རྒོལ་སྐད་འབོད་བྱས་པ་དང༌། བོད་རྩ་དོན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་ལས། མེ་བསྲེག་བཏང་བ་དང༌། སྤྱི་ཚོགས་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ནག་ཉེས་གང་ཡང་བསགས་མེད་ཀྱང༌། མི་སྤྱོད་ལས་འདས་པའི་རྡུང་རྡེག་དང་དྲག་གནོན་བཏང་བ་བརྟེན། ང་བཙོན་ཁང་དུ་སླེབས་ནས་དུས་ཚོད་རིང་པོ་སོང་རྗེས་མ་གཏོགས་ཤི་གསོན་གྱི་ཚོར་བ་ཡང་མེད་པ་གྱུར་འདུག ཅེས་བཤད་ཡོད་འདུག། སྐབས་དེར་ཁྲིམས་ཁང་གི་ཕྱི་ལོགས་སུ་རྒྱ་དམག་གིས་བསྐོར་ཏེ་དམ་བསྒྲགས་ཤུགས་ཆེན་བྱས་པ་དང༌། དེ་ནས་ཕྱག་ཚོད་ ༡༢ ཐོག་ཁོང་ལ་དུས་བཀག་བཙོན་འཇུག་ལོ་ ༨ དང་ཆབ་སྲིད་ཀྱི་ཁེ་དབང་ལོ་ ༤ འཕྲོག་རྒྱུའི་བཅད་ཁྲ་ཁྱབ་བསྒྲགས་བྱས་འདུག་པ་དང༌། ཁྲིམས་གཅོད་སྐབས་གོང་རིམ་ནས་བཀའ་ཇི་བཏང་ལས་དངོས་ཡོད་ཀྱི་གནས་དོན་ཞུ་སའི་གོ་སྐབས་གང་ཡང་ཐོབ་མི་འདུག། དེ་རྗེས་རྒྱ་ནག་ཁྲིན་ཏུའུ༼དན་ཡཱང༽ཟེར་བའི་སར་བཙོན་ཁང་ཞིག་གི་ནང་དུ་འཚེམ་བཟོ་བྱེད་བཅུག་ནས་བཞག་ཡོད་འདུག་པ་དང༌། ཁོང་སྡོད་སའི་བཙོན་ཁང་ནང་དུ་བཙོན་རོགས་ཏྲེ་ཧོར་ཁུལ་ནས་ཡིན་པའི་ཆབ་སྲིད་བཙོན་པ་མི་གྲངས་ ༡༩ ཙམ་ཡོད་འདུག། རྗེས་སུ་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔར་ཁོང་དཀར་མཛེས་བཙོན་འོག་ཏུ་སྡོད་སྐབས་ཡང་རོགས་མང་པོ་ཞིག་དང་མཉམ་དུ་ བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཅེས་སོགས་ཀྱི་སྐད་འབོད་ཤུགས་ཆེན་བྱས་རྐྱེན་གྱིས་ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་རྡུང་རྡེག་བཏང་ཡོད་འདུག་པ་དང༌། ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཉེན་རྟོག་པ་མང་པོ་ཞིག་ཁོང་གི་ཁྱིམ་དུ་བཙན་འཛུལ་གྱིས་བསྔོག་བཤེར་བྱས་ནས་ྋགོང་ས་མཆོག་གི་སྐུ་པར་གྲངས་ ༧༠ དང༌། ༢༠༠༦ ལོའི་དུས་འཁོར་དབང་ཆེན་སྐབས་ཀྱི་བརྙན་འཁོར་ ༢ ། བཅས་བཙན་འཕྲོག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག། ༢༽ རྫ་ཁོག་ནས་དཀར་མཛེས་གྲུ་ཁང་སྟེང་དུ་མག་པར་ཡོང་བ་ནོར་བུ་ཚེ་རིང་༼ལྷག་པ་ཚེ་རིང་༽ནི། རྫ་ཁོག་༼ཡན་ལག་ནང་༽གྲོང་དུ་སྐྱེས་ཤིང་དཀར་མཛེས་སུ་མག་པ་ཡོང་བར་ཞིག་རེད་འདུག་ལ་༼གཟའ་ཟླའི་མིང་མཁའ་དབྱངས།༽འདུག གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོའི་གཙོ་གྲས་བྱས་པ་དང༌། སྐབས་དེར་དེ་སྔ་ནས་གྲ་བསྒྲིགས་བྱས་པའི་ བྱབྱ བོད་རང་བཙན་ཡིན་ཞེས་དང༌། བོད་རང་བཙན་ཐོབ་ཚར་ཡིན། ཅེས་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆ་འབོར་ཆེན་འགྲེམས་གཏོར་བྱས་པ་དང་མི་དམངས་སྟོང་ཚོ་ཁ་ཤས་དང་མཉམ་དུ་ཞི་རྒོལ་བྱས་རྐྱེན་གྱིས་རྡུང་རྡེག་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་པ་དང༌། དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་དངོས་དགའ་དང་མཉམ་དུ་ཁྲིམས་ར་ལ་ཁྲིད་དེ་ཁྲིམས་དཔོན་སོགས་མི་གྲངས་ ༢༠ ཙམ་གྱི་གྲོས་བསྡུར་བྱ་ཁུལ་བྱས་པ་དང༌། དེ་རྗེས་ཁོང་ལ་ཞི་རྒོལ་བྱེད་དགོས་དོན་གང་ཡིན་སོགས་དྲི་སྐབས་ཁོང་གིས བྱབྱ ྋརྒྱལ་བ་རིན་པོ་ཆེ་ལ་གང་བྱུང་གི་མཚན་སྨད་ཞུ་བཅུག་པ་སོགས་ཀྱི་ལས་འགུལ་འདྲ་མིན་ལ་སེམས་ཀྱི་མ་བཟོད་པར་སེམས་ནང་གི་སྡུག་བསྔལ་ཕྱིར་བཏོན་ཏེ་ཞི་རྒོལ་དང་བོད་རྩ་དོན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་ལས། མེ་བསྲེག་བཏང་བ་དང༌། སྤྱི་ཚོགས་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ནག་ཉེས་གང་ཡང་བསགས་རྒྱུ་མ་བྱུང༌། ཞེས་སོགས་ཀྱི་ལན་འདེབས་བྱས་འདུག། དེ་རྗེས་ཕྱག་ཚོད་ ༡༢ ཐོག་ཁོང་ལ་དུས་བཀག་བཙོན་འཇུག་ལོ་ ༧ དང་ཆབ་སྲིད་ཀྱི་ཁེ་དབང་ལོ་ ༣ འཕྲོག་རྒྱུའི་བཅད་ཁྲ་ཁྱབ་བསྒྲགས་བྱས་འདུག་པ་དང༌། ཁྲིམས་ཐག་བཅད་སྐབས་རྒྱལ་སྤྱིའི་ལུགས་དང་མཐུན་པའི་ནང་མི་ལ་བརྡ་ལན་སྤྲོད་པ་སོགས་གང་ཡང་བྱས་མི་འདུག། ༣༽ རྟ་རྒྱུག་སྟེང་ཚང་གི་པད་མ་བདེ་ཆེན་ནི། དཀར་མཛེས་མདའ་མདོ་ཤང༌། གཙོ་གཞིས་གྲོང་རྟ་རྒྱུག་སྟེང་ཚང་གི་ཕ་ཡ་མ་རྣམ་རྒྱལ་དང༌། མ་བསོད་ནམས་དཔལ་མཚོ་གཉིས་སུ་ཕྱི་ལོ་ ༡༩༥༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༥༩ ཡིན་པ་དང༌། ཁོང་གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་མོ་བའི་གཙོ་གྲས་བྱས་རྐྱེན་གྱིས་དྲག་ཆས་ཉེན་རྟོག་པ་དང༌། དྲག་ཆས་དམག་མིས་མེ་མདའ་རྒྱག་སྟེ་རྨས་རྐྱེན་ཕོག་ཁར་ལྕགས་མདའ་སོགས་ཀྱིས་ཉེས་རྡུང་ཚད་མེད་བཏང་ཁར་འཛིན་བཟུང་གིས་བཙོན་འཇུག་བྱས་ཏེ་ཟླ་ཤས་རིང་དཀར་མཛེས་བཙོན་ཁང་ནང་བཀག་ཉར་བྱས་སྐབས་དངོས་དགའ་སོགས་དང་མཉམ་དུ་ཞི་རྒོལ་གྱི་སྐད་འབོད་བྱས་པར་བརྟེན། སླར་ཡང་མི་སྤྱོད་ལས་འདས་པའི་ཉེས་རྡུང་མྱོང་དགོས་བྱུང་འདུག་པ་དང་དེ་རྗེས་ཉག་རོང་རྫོང་དུ་བཙོན་ཁང་ཞིག་གི་ནང་དུ་སྐྱེལ་འདྲེན་བྱས། དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་སླར་ཡང་དཀར་མཛེས་བཙོན་ཁང་ནང་དུ་ཁྲིད་ནས་ཉིན་ཤས་རྗེས་སུ་དཀར་མཛེས་ཁུལ་བརྒྱད་ཟུར་༼ལྕང་ལམ༽ཟེར་བའི་རྫོང་གི་བཙོན་ཁང་ཞིག་གི་ནང་དུ་སྐྱེལ་འདྲེན་བྱས་ཏེ། ཏྲེ་ཧོར་ཁུལ་གྱི་ཆབ་སྲིད་བཙོན་པ་བཙུན་མ་གཉིས་དང་མི་སྐྱ་གཅིག་བཅས་དང་ལྷན་དུ་བཙོན་ཁང་གཅིག་ནང་བཀག་ཉར་བྱས་ཡོད་འདུག་ཅིང༌། རྗེས་སུ་ནང་མི་བཙོན་ཁང་ནང་བརྩད་ཞིབ་བྱེད་མཁན་འགྲོ་སྐབས་གཞི་ནས་ཁོང་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༣ གྱི་ཁྲིམས་ཐག་བཅད་ཟིན་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་བ་ལས་ཞིབ་ཕྲའི་ཁྲིམས་ཐག་བཅད་དུས་སོགས་གང་ཡང་ཤེས་རྟོགས་མ་བྱུང་བ་མ་ཚད། ཁྲིམས་ཆད་སྐབས་ནང་མི་ལ་འདི་ཡོད་འདི་མེད་ཀྱི་བརྡ་ལན་ཙམ་ཡང་བྱུང་མི་འདུག། ༤༽ ཏྲེ་བོ་ནས་ཨ་ཕ་འཇམ་དབྱངས་ནི། ཏྲེ་བོ་ལྕོག་རི་སྡེ་ཏྲེ་བོ་ཤང༌། གནས་རྩ་གྲོང་དུ་ཕྱི་ལོ་ ༡༩༤༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༦༡ ཡིན་པ་དང༌། ཁོང་ཕྱི་ལོ་༡༩༨༠ ལོ་ཡས་མས་ཤིག་ལ་ཚོང་ལས་ཙག་ཙིག་གི་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ཏེ་བསྡད་ཅིང༌། ཕྱི་ལོ་ ༡༩༨༨ ལོའི་ལྷ་སའི་ཞི་རྒོལ་ཆེན་པོ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་རྡུང་རྡེག་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་གྱེན་ལངས་སྐབས་སྣེ་ཁྲིད་པའི་གྲས་སུ་ཡོད་ཅིང༌། ཁོང་ལ་མེ་མདའི་མདེའུ་ཐེབས་ནས་ས་ལ་འགྱེལ་སྐབས་མཆན་འོག་ནས་ཁྲག་ཐོན་གྱིན་ཡོད་པ་མི་མང་པོས་མཐོང་ཡོད་འདུག་ལ། དེ་རྗེས་ཟླ་བ་དགུ་ཙམ་གྱི་རིང་ཤི་གསོན་ཅི་ཡིན་སུས་ཀྱང་ཤེས་རྟོགས་མེད་པ་གྱུར་མཐར་ཕྱི་ཟླ་ ༡༢ པའི་ནང་དཀར་མཛེས་ཁུལ་བརྒྱད་གཟི་རྫོང་རྒྱ་སྐད་དུ་༼ལྕང་ལོ་༽ཟེར་བའི་སར་བཙོན་ཁང་ཞིག་གི་ནང་དུ་བསྐྱལ་ཏེ་གཟུགས་པོ་གཅོང་ནད་ཅན་དུ་གྱར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༤ ཉིན་ཁོང་གི་བུ་མོ་ཏྲེ་བོ་ངང་སྒང་དགོན་གྱི་བཙུན་མ་བློ་བུང་ནས་ངང་སྒང་བཙུན་དགོན་གྱི་བཙུན་མ་ ༡༢༠ དང་མཉམ་དུ་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་གིས་ཟླ་བ་གཅིག་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་ལ། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་ཁོང་གི་བུ་སྐམ་བུང་ངམ་༼རྡོ་རྗེ༽ནས་ཀྱང་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་སྐབས་ཉེན་རྟོག་པས་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་རྡུང་རྡེག་གིས་ཤི་མིན་རོ་མིན་བཟོས་ཏེ་རྗེས་སུ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་ཟིན་ཡོད་འདུག། ༥༽ འཆི་མེད་མགོན་པོ་ནི། དཀར་མཛེས་ཀཿབྲག་ཤང༌། གྲུ་ཁང་སྟེང་གྲོང་སྡེ་ནས་ཕ་ཟླ་བ་རྒྱལ་མཚན་དང༌། མ་ཚེ་རིང་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཙམ་ཡིན་པ་དང༌། ཁོང་གོང་གསལ་བཞིན་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་བྱས་རྐྱེན་གྱིས་འཛིན་བཟུང་གིས་དར་རྩེ་མདོར་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་པ་དང༌། ཟླ་བ་དྲུག་ཙམ་གྱི་རྗེས་ཕྱི་ཟླ་ ༩ ཡས་མས་ཤིག་ལ་དར་རྩེ་མདོ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༣ ཁྲིམས་ཆད་ཕོག་སྟེ། རྒྱ་ནག་ཕྱོགས་སུ་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡང་ཁྲིམས་ཐག་བཅད་སྐབས་སུ་ནང་མི་སྐད་བཏང་པ་ལྟར་ཞོག་འདི་ཡོད་འདི་མེད་ཀྱི་བརྡ་ལན་ཙམ་ཡང་སྤྲོད་ཡོད་མི་འདུག། ༦༽ མགོན་པོ་རྒྱལ་མཚན་ནི། དཀར་མཛེས་ཀཿབྲག་ཤང༌། གྲུ་ཁང་སྟེང་གྲོང་སྡེ་ནས་ཕ་བསྟན་བསམ་དང༌། མ་སྒྲོན་མ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༦༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༣ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་གྱི་གཙོ་གྲས་བའི་གྲས་སུ་མཉམ་ཞུགས་བྱས་རྐྱེན་ལས་འཛིན་བཟུང་གིས་བཙོན་འཇུག་བྱས་ནས་ཕྱི་ཟླ་ ༡༠ ཡས་མས་ཤིག་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ། རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་འདུག། ༧༽ བཟང་པོ་ནི། དཀར་མཛེས་ཁོག་རྩེ་ཤང༌། གཙང་ཁ་གྲོང་སྡེ་ནས་གཙང་ཁ་ཚང་གི་ཕ་དབང་ཆེན་དོན་གྲུབ་དང༌། མ་དཀོན་མཆོག་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་བའི་གཙོ་གྲས་བྱས་ཏེ་རྒྱ་གཞུང་ལ་ཞི་རྒོལ་བྱས་རྐྱེན་གྱིས་ཉེས་རྡུང་ཚད་མེད་བཏང་བཞིན་འཛིན་བཟུང་གིས་ཉག་རོང་བཙོན་ཁང་སོགས་སུ་བཀག་ཉར་བྱས་འདུག་པ་དང༌། དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཉག་རོང་ནས་དཀར་མཛེས་བཙོན་ཁང་ནང་དུ་ཁྲིད་དེ་མུ་མཐུད་བཀག་ཉར་བྱས། ༢༠༠༩ ཟླ་ ༢ ཚེས་ ༨ ཉིན་གོ་ཐོས་བྱུང་བ་གཞིགས་ན་ཁོང་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ ༣ གྱི་ཁྲིམས་ཐག་བཅད་དེ། རྒྱ་ནག་ཕྱོགས་ཀྱི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བ་ཙམ་ལས་ཁྲིམས་ལུགས་དང་མཐུན་པའི་ཁྲིམས་ཆད་སྐབས་ནང་མིར་བརྡ་ལན་སྤྲོད་པ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མི་འདུག། ༨༽ བློ་དབྱངས་ནི། དཀར་མཛེས་ཁོག་རྩེ་ཤང༌། ཨ་རུ་ར་གྲོང་སྡེ་ནས་ཨ་རུ་ར་ཚང་གི་ཕ་བློ་དགའ་དང༌། མ་རྟ་མགྲིན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་པ་དང༌། གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་བའི་གཙོ་གྲས་བྱས་རྐྱེན་གྱིས་ཉེས་རྡུང་དང་མེ་མདའ་སོགས་བཀོལ་སྤྱོད་འོག་རྨས་སྐྱོན་ཕོག་ཁར་ས་གནས་དེར་འཛིན་བཟུང་གིས་བཙན་ཁྲིད་བྱས་པ་དང༌། དེ་རྗེས་ཕྱི་ཟླ་ ༩ ཡས་མས་ཤིག་ལ་ལོ་ ༣ གྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བ་ཙམ་ལས་འདི་ཡོད་འདི་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང༌། ༩༽ བཀྲིས་དཔལ་ལྡན་༼བཀྲ་དཔལ་ལྡན༽ནི། དཀར་མཛེས་མདའ་མདོ་ཤང༌། འོ་བཟང་གྲོང་སྡེ་ནས་ཕ་ཚེ་འདས་ཚེ་རིང་དགེ་ལེགས་དང༌། མ་ལྷ་མོ་དབྱངས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་པ་དང༌། གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་མོའི་གཙོ་གྲས་ཀྱི་གྲས་སུ་མཉམ་ཞུགས་བྱས་སྐབས་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ལྕགས་མདའ་སོགས་བཀོལ་སྤྱོད་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་པ་དང༌། དེ་རྗེས་ཕྱི་ཟླ་ ༩ ཡས་མས་ཤིག་ལ་ལོ་ ༣ ཁྲིམས་ཐག་བཅད་ནས་༼ཡན་ནཱ་༽ཞིང་ཆེན་དུ་བཙོན་ཁང་ཞིག་གི་ནང་དུ་བསྐྱལ་ཏེ་བཀག་ཉར་བྱས་མུས་ཡིན་འདུག། ༡༠༽ བློ་དགའ་ནི། དཀར་མཛེས་ཁྲི་འབེར་ཤང༌། རྫོང་ཐོག་སྟག་ཆུ་མདའ་ནས་ཕ་ཚེ་དབང་མགོན་པོ་དང༌། མ་ཚེ་འདས་ཡ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་པ་དང༌། གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་ནས་སྐབས་དེར་བྲོས་བྱོལ་དུ་འགྲོ་ཐུབ་ཙམ་བྱུང་འདུག་ནའང༌། ཉིན་ཤས་རྗེས་ཟླ་དེའི་ཚེས་ ༢༠ ཉིན་དཀར་མཛེས་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འགྲམ་དུ་ཡོད་པའི་མི་དམངས་སྨན་ཁང་ནང་དུ་འབྲེལ་ཡོད་ནད་པ་ཞིག་ལ་བལྟ་མཁན་ཕྱིན་སྐབས་ཉེན་རྟོག་པས་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་ཉེས་རྡུང་གཏོང་བཞིན་བཙན་ཁྲིད་ཀྱིས་འཛིན་བཟུང་བྱས་པ་དང༌། དེ་རྗེས་བྲག་མགོ་རྫོང་གི་བཙོན་ཁང་ཞིག་གི་ནང་དུ་དུས་ཡུན་ཙམ་གྱི་རིང་བཀག་ཉར་བྱས་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ ཉིན་བྲག་མགོ་རྫོང་རང་ནས་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག། ༡༡༽ དོན་ལྡན་ནི། དར་རྒྱས་༼རེ་མགོ་༽ཤང༌། འགུལ་ཏོག་གྲོང་ཚོ་ནས་འགུལ་ཏོག་ཞབས་མ་ཚང་གི་ཕ་རྣམ་རྒྱལ་དང༌། མ་པད་ཧ་གཉིས་སུ་ཕྱི་ལོ་ ༡༩༥༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༥༥ ཡིན་པ་དང༌། གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོའི་གཙོ་གྲས་སུ་མཉམ་ཞུགས་བྱས་ནས་སྐབས་དེར་བྲོས་བྱོལ་དུ་འགྲོ་ཐུབ་ཙམ་བྱུང་འདུག་ནའང་དེ་རྗེས་རྒྱ་དམར་གྱི་ལག་འོག་ཏུ་ཚུད་ཡོད་མེད་དང༌། ཤི་གསོན་ཅི་ཆགས་སོགས་ཀྱི་གནས་ཚུལ་ཁ་གསལ་མ་བྱུང༌། ༡༢༽ བཙུན་མ་རིན་འཛིན་སྒྲོན་མ་ནི། དར་རྒྱས་༼རེ་མགོ་༽ཤང༌། ༼འུ་ཀྲང་༽གྲོང་སྡེ་ནས་༼མ་ར༽ཚང་གི་ཕ་རྡོ་དགའ་དང༌། མ་བྱམས་པ་དབང་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཙམ་ཡིན་པ་དང༌། གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་གྱི་གཙོ་གྲས་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་བྲོས་བྱོལ་དུ་ཕྱིན་པ་ནས་ད་བར་རྒྱ་དམར་གྱི་ལག་འོག་ཏུ་ཐེབས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་བྱུང༌། ༡༣༽ བུ་མོ་ཞའོ་མེན་མེན་༼ཤོ་མིན་མིན༽ནི། དཀར་མཛེས་ཁྲི་འབེར་ཤང༌། རྫོང་ཐོག་ཆུ་ལེན་ལ་འགོ་གྲོང་སྡེ་ནས་ཆོས་རིག་ཁ་ཚང་གི་ཕ་ཚེ་འདས་རྒྱ་མི་ཞིག་དང༌། མ་པོ་ལྷ་གཉིས་སུ་ཕྱི་ལོ་ ༡༩༦༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༤ ཡིན་པ་དང༌། གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་ཀྱི་གྲས་སུ་མཉམ་ཞུགས་བྱས་ནས་སྐབས་དེར་བྲོས་བྱོལ་དུ་འགྲོ་ཐུབ་ཙམ་བྱུང་འདུག་པ་དང༌། དེ་རྗེས་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས་༼༢༠༠༨༽འཇུ་བཟུང་བཀའ་རྒྱ་ཨང་ ༠༡ ཟེར་བ་ནང་བཞིན་༼ཞའོ་མེན་མེན། བུད་མེད། བོད་རིགས། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་རུ་ཁག་བརྒྱད་པའི་མི་ཡིན། སྡོད་གནས། དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་ཆུ་ཁ་ཁྲོམ་ལམ་གྱི་ཨང་རྟགས་ ༡༠ པའི་སྒོ་རྟགས་ ༢ པ་ཡིན། ༡༩༦༥ ལོའི་ཟླ་ ༩ ཚེས་ ༡༧ ཉིན་སྐྱེས། དམའ་རིམ་སློབ་འབྲིང་གི་ཡོན་ཚད་ཡོད། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས། ༥༡༣༣༢༨༡༩༦༥༠༩༡༧༠༠༢ གཟུགས་པྱད་ཀྱི་ཁྱད་ཆོས་ནི་གཟུགས་རིང་ཐུང་ ༡༦༥ cm ཡས་མས་ཡིན། ངོ་གདོང་ཤིན་ཏུ་དམར། ལུས་ཤ་རྒྱགས་པ་ཡིན།༽ ཅེས་སོགས་བྲིས་ཏེ་ཁོང་རྣམས་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་མང་པོ་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་སོགས་ས་གནས་གང་སར་གསལ་བསྒྲགས་བྱས་འདུག་པ་དང༌། མོ་འདི་ཡོད་འདི་མེད་ཀྱི་ཤེས་རྟོགས་ཙམ་ཡང་མེད་ཙང༌། ནང་མི་ཉེ་འབྲེལ་རྣམས་ལ་ཕལ་ཆེན་རྒྱ་དམར་གྱི་ལག་འོག་ཏུ་ཐེབས་པ་མིན་འགྲོ་བསམ་པའི་བློ་ཚབས་ཤུགས་ཆེན་སྐྱེས་བཞིན་ཡོད་འདུག། ༡༤༽ དཀར་མཛེས་དགོན་གྱི་དབུ་ཟུར་ཚེ་བརྟན་ཕུན་ཚོགས་ནི། དཀར་མཛེས་རོ་ཚལ་ཤང༌། རྒྱལ་མཁར་གྲོང་ཚོ་ནས་ཡ་ནང་ཚང་གི་ཕ་ཚེ་དབང་དར་རྒྱས་དང༌། མ་ཆོས་ལུ་གཉིས་སུ་ཕྱི་ལོ་ ༡༩༦༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༠ ཡིན་པ་དང༌། ཁོང་དེ་སྔར་ཕྱི་ལོ་ ༡༩༩༢ ལོར་ཏྲེ་ཧོར་རྟའུ་དགོན་དུ་སྐུ་ཞབས་སྤང་སྣང་རིན་པོ་ཆེ་མཆོག་གིས་གསུངས་ཆོས་སྐབས་དགོང་མོ་ཕྱག་ཚོད་ ༡༡ ཡས་མས་སུ་རྟའུ་རྫོང་ཐོག་ཏུ་བོད་རང་བཙན་སྐོར་གྱི་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱས་པ་དང༌། དེ་རྗེས་ཕྱི་ལོ་ ༡༩༩༩ ལོར་ྋགོང་ས་མཆོག་གིས་དབུས་བླ་ཆེན་ཁག་གིས་དོམ་རྒྱལ་བསྟེན་ཕྱོགས་བསྐོར་གྱི་བཀའ་སློབ་བརྙན་འཕྲིན་སིང་ཊི་གྲངས་ ༣༠ ལྷག་པར་བཤུས་ཀྱིས་ཆབ་མདོ་སོགས་སུ་འགྲེམས་སྤེལ་བྱས། ཕྱི་ལོ་ ༢༠༠༧ ལོ་ཟླ་ ༡། ༤། ༥། ༨། བཅས་སུ་དཀར་མཛེས་རྫོང་ཐོག་ཏུ་ཆབ་སྲིད་སྐོར་གྱི་ཡིག་ཆ་སྔ་ཕྱི་ཐེངས་བཞི་ཙམ་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༦ ཉིན་བསྐྱར་དུ་རྫོང་ཐོག་ཏུ་ཡིག་ཆ་ཐེངས་གཅིག་འགྲེམས་གཏོར་བྱས་པ་དང༌། དེ་རྗེས་གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་མི་དམངས་ཞི་རྒོལ་ཆེན་མོའི་གཙོ་གྲས་སུ་མཉམ་ཞུགས་བྱས་སྐབས་རྒྱ་དམག་གིས་མེ་མདའ་རྒྱག་སྟེ་རྐང་པར་རྨས་སྐྱོན་ཅུང་ཟད་ཕོག་ནའང་བྲོས་བྱོལ་དུ་འགྲོ་ཐུབ་ཙམ་བྱུང་བ་བརྟེན། ༼དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས་ ༼༢༠༠༨༽ འཇུ་བཟུང་བཀའ་རྒྱ་ ༠༡ ཟེར་བ་ནང་གསལ་བཞིན། ༽༼ཚེ་བརྟན་ཕུན་ཚོགས། སྐྱེས་པ། བོད་རིགས། ༡༩༧༠ ལོའི་ཟླ་ ༡༡ ཚེས་ ༥ ཉིན་སྐྱེས། སྡོད་གནས། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་རོང་པ་ཚ་ཤང་གི་གྲོང་ཚོ་དང་པོའི་མི་ཡིན། དཀར་མཛེས་དགོན་རོང་པ་ཚའི་གྲྭ་བཙུན་ཡིན། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས། ༥༡༣༣༢༨༡༩༦༨༡༡༠༥༠༠༡༣། གཟུགས་ཀྱི་ཁྱད་ཆོས་ནི། གཟུགས་རིང་ཐུང་ ༡༧༢ cm ཡིན། སྐྲ་མེད་སྤྱི་ཐེར། རྣ་ལྕོག་ཆེན་པོ། ཐོད་པ་འབུར་དུ་ཐོན་པ། སྣ་གདོང་མཐོན་པོ། མ་ནེ་རྒྱ་ཆེ་བ། སྨ་ར་ཡོད་པ། ལུས་ཤ་རྒྱགས་པ་ཡིན།༽ ཞེས་སོགས་འཁོད་བའི་འཇུ་བཟུང་བཀའ་རྒྱ་ས་གནས་གང་སར་སྦྱར་སྤེལ་བྱས་ཏེ་གལ་ཏེ་རྩིས་སྤྲོད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་མང་པོའི་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་སོགས་གསལ་བསྒྲགས་བྱས་འདུག་ནའང་རྒྱ་ལག་ཏུ་མ་ཐེབས་པ་མཐར་རྒྱ་གར་འཕགས་པའི་ཡུལ་དུ་བདེ་འབྱོར་ཐུབ་པ་བྱུང༌། ༡༥༽ དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་ཚེ་རིང་འགྱུར་མེད་༼ཚེ་རིང་ནད་མེད༽ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་གྲོང་སྡེ་ནས་ཕར་རི་ཚང་གི་ཕ་ཟླ་བ་དོན་འགྲུབ་དང༌། མ་དཔལ་བདེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་དངོས་དགའ་ནས་ བྱབྱ དེ་རིང་དཀར་མཛེས་ཁུལ་དུ་བུ་ཡོད་ན་བུ་རྟགས་བསྟན་ཤོག། ‘ ཅེས་སོགས་ཀྱི་འབོད་ཚིག་སྒྲོག་པ་དང་སྟབས་བསྟུན་དེ་སྔ་ནས་གྲ་བསྒྲིགས་བྱས་པའི་ཡིག་ཆ་ ༥༠༠ ལྷག་གནམ་ལ་གཏོར་ཏེ་རྒྱ་གཞུང་ལ་ཞི་རྒོལ་ཤུགས་ཆེར་བྱས་རྗེས་བྲོས་བྱོལ་ཐུབ་ཙམ་བྱུང་པ་དང༌། དེ་རྗེས་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ནས་༼༢༠༠༨༽འཇུ་བཟུང་བཀའ་རྒྱ་ཨང་ ༠༡ ཟེར་བ་ནང་གསལ་བཞིན། ༼ཚེ་རིང་ནད་མེད། སྐྱེས་པ། བོད་རིགས། ༡༩༨༣ ལོའི་ཟླ་བ་དང་པོའི་ཚེས་ ༡ ཉིན་སྐྱེས། སྡོད་གནས། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ལྷོ་པ་ཤང་གི་གྲོང་ཚོ་བརྒྱད་པའི་མི་ཡིན། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས། ༥༡༣༣༢༨༡༩༨༣༠༡༠༡༣༧༧༢། གཟུགས་པྱད་ཀྱི་ཁྱད་ཆོས་ནི། གཟུགས་རིང་ཐུང་ ༡༦༥ cm ཡས་མས་ཡིན། ངོ་གདོང་རིང་པོ། སྣ་གདོང་མཐོན་པོ། རྣ་ལྕོག་ཆེན་པོ། ཁ་ཆུང་ཆུང༌། ལུས་ཤ་ཅུང་སྐམ་པོ་ཡིན།༽ ཞེས་སོགས་ཀྱི་ནང་དོན་འཁོད་བའི་ཡིག་ཆ་གོང་མཚུངས་བཞིན་འགྲེམས་སྤེལ་བྱས་ཏེ། རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་མང་པོའི་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་འདུག་ནའང་རྒྱ་དམར་གྱི་ལག་ཏུ་མ་ཐེབས་པ་མཐར་བཙན་བྱོལ་དུ་ཡོང་ཐུབ་པར་བྱུང༌། ཁོང་གི་ནང་མི་ལྟ་བུ་ལ་ཆ་མཚོན་ན། ཁོང་གི་ཕ་མ་གཅིག་པའི་གཅུང་པོ་བསྟན་འཛིན་དངོས་གྲུབ་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༠ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་ལས་འཛིན་བཟུང་བྱས་ཏེ་ལོ་ ༣ ཁྲིམས་ཐག་བཅད་ནས་བཙོན་འོག་ཏུ་གནས་མུས་ཡིན་པ་དང༌། དེ་བཞིན་ནང་མི་གཅིག་པའི་ཨ་ཁུ་རང་ལོ་ ༤༣ ཅན་རྩིས་ཚང་དགོན་གྱི་གྲྭ་བསོད་ནམས་ཉི་མ་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༤ པའི་ནང་རྒྱ་གཞུང་ནས་ཉེས་འཛུགས་འདྲ་མིན་གྱིས་རྩིས་ཚང་དགོན་ནས་འཛིན་བཟུང་བྱས་ཏེ་ཉིན་ཤས་རྗེས་སུ་གློད་གྲོལ་ཐོབ་པ་བཅས་ཀྱི་གནས་ཚུལ་བྱུང༌། ༡༦༽ མ་འདུས་ཚང་གི་མགོན་པོ་ནི། དཀར་མཛེས་སུ་ངོ་ཤང༌། ཀ་རྡོག་གྲོང་གི་ཕ་དགེ་ལུ་དང༌། མ་བློ་བཟང་མཚོ་གཉིས་སུ་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༡ ཡིན་པ་དང༌། ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༩༩ ལོར་རང་ཡུལ་དུ་གྲགས་ཆེ་བའི་དགེ་བཤེས་བསོད་ནམས་ཕུན་ཚོགས་ལ་རྒྱ་གཞུང་ནས་ཉེས་འཛུགས་འདྲ་མིན་བྱས་ཏེ་འཛིན་བཟུང་བྱས་སྐབས་སྦག་སྦག་བཞོན་ཏེ་རྫ་ཁོག་སོགས་ས་གནས་གང་སར་ཡུལ་མི་སྐད་གཏོང་བར་ཕྱིན་པའི་རྐྱེན་གྱིས་དུས་ཡུན་ཙམ་གྱི་རིང་ཡིབ་ནས་བསྡད་པ་དང༌། རྗེས་སུ་ཐབས་ཤེས་རིམ་པར་བརྒྱུད་བཙོན་དུ་འགྲོ་མ་དགོས་ཙམ་བྱུང་འདུག་པ་དང༌། ཡང་ཕྱི་ལོ་ ༢༠༠༡ ལོར་ཁོང་གིས་འགོ་གཙོ་བྱས་ཏེ་མི་ཚོགས་མང་པོ་འདུ་འཛོམས་ཀྱིས་ྋགོང་ས་མཆོག་གི་ཞབས་བརྟན་གནད་སྨིན་འབད་སྒྲུབ་ཞུས། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་ཆུ་ཁ་ཚང་གི་དངོས་དགའ་དང༌། རྫ་ཁོག་ནས་དཀར་མཛེས་གྲུ་ཁང་སྟེང་དུ་མག་པ་ཡོང་བ་ནོར་བུ་ཚེ་རིང་སོགས་འགའ་ཤས་ནས་རང་འགུལ་གྱི་གྲོས་བསྡུ་བྱས་ཏེ་གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོའི་གཙོ་གྲས་བྱས་རྗེས་བྲོས་བྱོལ་དུ་ཕྱིན་པ་སོགས་ལ་བརྟེན། དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱི་༼༢༠༠༨༽འཇུ་བཟུང་བཀའ་རྒྱ་ཨང་ ༠༡ ཟེར་བ་ནང་གསལ་བཞིན། ༼མགོན་པོ་དབང་ཕྱུག། སྐྱེས་པ། བོད་རིགས། ༡༩༦༨ལོའི་ཟླ་བ་༡༡པའི་ཚེས་༥ ཉིན་སྐྱེས། སྡོད་གནས། དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་ཉག་ཟམ་གྲོང་ཚོའི་མི་ཡིན། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས། ༥༡༣༣༢༨༡༩༦༨༡༡༠༥༠༠༡༣། གཟུགས་པྱད་ཀྱི་ཁྱད་ཆོས་ནི་སྣ་ཆེན་པོ། ངོ་གདོང་ཆེ་བ། སྨ་ར་ཡོད། ལུས་ཤ་རྒྱགས་པ་ཡིན།༽ ཅེས་སོགས་ཀྱི་ནང་དོན་འཁོད་བའི་ཡིག་ཆ་གང་སར་སྦྱར་སྤེལ་བྱས་ཏེ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ཚོ་མང་པོའི་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་བཤད་ཡོད་འདུག་ནའང་རྒྱ་དམར་གྱི་ལག་འོག་ཏུ་མ་ཚུད་པ་བཙན་བྱོལ་དུ་ཡོང་ཐུབ་པ་བྱུང༌། ༡༧༽ ཚེ་རིང་རྡོ་རྗེ་ནི། དཀར་མཛེས་རོལ་ཚ་ཤང༌། ཆུ་ལེན་ལ་འགོ་གྲོང་ནས་སྔོ་རིང་ཚང་གི་ཕ་ཚེ་འདས་སྔོ་རིང་དང༌། མ་རིག་འཛིན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༦༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༧ ཡིན་པ་དང༌། ཁོང་གི་དེ་སྔ་ཕྱི་ལོ་ ༢༠༠༡ ལོར་དཀར་མཛེས་དགོན་གྱི་གྲྭ་མང་དང༌། ལམ་བྲག་དགོན་གྱི་བཙུན་མ་གཙོས་དགོན་པ་བཅུ་ཕྲག་ལྷག་ནས་དགེ་འདུན་པ་གདན་འདྲེན་ཞུས་ཏེ་སེར་སྐྱ་མི་མང་ཁྲི་ཚོ་ལྷག་གིས་ྋགོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་ལས་འགུལ་གྱི་སྣེ་ཁྲིད་བྱས་རྐྱེན་གྱིས། ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༢༨ ཉིན་དཀར་མཛེས་རྫོང་སྟག་ཆུ་མདའ་ཟ་ཁང་ཞིག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་དཀར་མཛེས་དང་དར་རྩེ་མདོར་བཙོན་ཁང་བཅས་སུ་ཉིན་ལྔ་དྲུག་ཙམ་གྱི་རིང་བཀག་ཉར་བྱས་ཏེ། བྱབྱ ཏཱ་ལའི་རུ་ཚོགས་ཀྱིས་ཁྱོད་ལ་དངུལ་ག་ཚོད་སྤྲོད་སོང༌། བྱབྱ ་ཟེར་བ་སོགས་འདྲི་བརྩད་འདྲ་མིན་བྱས་ཏེ་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་རྐྱེན་ལས་ཐེངས་གསུམ་བཞི་ཞིག་ལ་དྲན་པ་འཐོར་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག་པ་དང༌། དེ་རྗེས་བྲག་མགོ་བཙོན་ཁང་དུ་ཟླ་བ་གཉིས་ཙམ་གྱི་རིང་བཀག་ཉར་བྱས་ནས་མཐར་རྒྱལ་སྤྱིའི་ལུགས་མཐུན་གྱི་ཁྲིམས་ཁང་ནས་འདྲི་བརྩད་སོགས་གང་ཡང་མ་བྱས་པར་བཙོན་ཁང་རང་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ། དཀར་མཛེས་དང་རྒྱ་ནག་༼མན་ཡག་༽ཟེར་བའི་བཙོན་ཁང་སོགས་སུ་བཀག་ཉར་བྱས་འདུག་པ་དང༌། ༼མན་ཡག༽བཙོན་ཁང་ནང་བསྡད་སྐབས་བཙོན་རོགས་ ༥༠༠༠། ཙམ་ཡོད་པ་ནས་བཙོན་པ་ ༢༠༠༠། ཙམ་རྩ་རླུངས་སྒོམ་མཁན་རྒྱ་སྐད་དུ་༼ཧཕ་ལོང་གང༽ཟེར་བ་རེད་ཡོད་འདུག་ལ། ཁོང་བཙོན་འོག་ཏུ་བསྡད་རིང་ཉེས་རྡུང་དང་མནར་གཅོད་ཚད་མེད་བཏང་རྐྱེན་གྱིས་གློད་གྲོལ་བཏང་རྗེས་སུ་སྨན་བཅོས་བྱས་ནས་ལོ་གཉིས་ལྷག་ཙམ་བསྡད་དགོས་བྱུང་འདུག། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་དཀར་མཛེས་ཆུ་ཁ་ཚང་གི་དངོས་དགའ་གཙོས་ཁྱོན་སེར་སྐྱ་མི་གྲངས་ ༣༠༠༠། ལྷག་གིས་ཞི་རྒོལ་བྱས་སྐབས་གཙོ་གྲས་ཀྱིས་ཞི་རྒོལ་བྱས་རྗེས་བདེ་འཇགས་ངང་བྲོས་བྱོལ་དུ་ཡོང་ཐུབ་པ་བྱུང་ཡོད། ༡༨༽ དཀར་མཛེས་ལྭ་སྒང་སྟེང་གྲོང་དུ་མག་པ་ཡོང་བ་བསོད་ནམས་ཉི་མ་ནི། དཀར་མཛེས་ལྷོ་པ་ཤང༌། གསེར་ཏོག་གྲོང་སྡེ་ནས་ཕ་ཚེ་འདས་བློ་བཟང་བསམ་གཏན་དང༌། མ་བཀྲ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་པ་དང༌། ཁོང་གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་པོ་ནང་དུ་མཉམ་ཞུགས་བྱས་ནས་སྐབས་དེར་བྲོས་བྱོལ་དུ་འགྲོ་ཐུབ་ཙམ་བྱུང་འདུག་ནའང༌། ཉིན་གཉིས་ཙམ་གྱི་རྗེས་ཕྱི་ཚེས་ ༢༠ ཉིན་ཉེན་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་དཀར་མཛེས་རྫོང་གི་བཙོན་ཁང་གང་སར་དུས་ཡུན་ལོ་གཅིག་དང་ཟླ་བ་གཉིས་ཙམ་གྱི་རིང་མི་སྤྱོད་ལས་འདས་པའི་སྡུག་སྦྱོར་གཉར་གནོན་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༢༥ ཡས་མས་ཤིག་ལ་གློད་གྲོལ་ཐོབ་ཡོད་འདུག། ༡༩༽ ངག་དབང་བཀྲིས་ནི། དཀར་མཛེས་སུ་ངོ་ཤང༌། རྒྱན་བཟང་མདའ་གྲོང་ཚོ་ནས་ཕ་སངས་རྒྱས་ཚེ་རིང་དང༌། མ་སྐལ་དབང་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། ཉིན་དེའི་ཞི་རྒོལ་སྐབས་ཉེན་རྟོག་པའི་རླངས་འཁོར་ལ་རྡོ་བཞུས་པ་སོགས་ཀྱི་ཉེས་འཛུགས་ཀྱིས་དཀར་མཛེས་རྫོང་ཐོག་ནས་འཛིན་བཟུང་བྱས་ཏེ་བྲག་མགོ་བཙོན་ཁང་སོགས་སུ་བཀག་ཉར་བྱས་རྗེས་སུ། དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་ནང་བསྐྱལ་འདྲེན་བྱས་ཏེ་ཁོང་གི་ནང་མི་རྣམས་ཐུག་འཕྲད་ལ་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ནའང་དེ་རྗེས། དཀར་མཛེས་དགོན་གྱི་དགེ་འདུན་པ་གཉིས་དང༌། ཤང་གཅིག་པའི་མི་སྐྱ་གཅིག་བཅས་རོགས་གསུམ་དང་མཉམ་དུ་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༣ ཉིན་གློད་གྲོལ་ཐོབ་ཡོད་འདུག། ༢༠༽ རྡོ་རྗེ་བཀྲིས་ནི། དཀར་མཛེས་སུ་ངོ་ཤང༌། གཞི་ལུ་མདའ་གྲོང་ཚོ་ནས་ཕ་མགོན་པོ་དགྲ་འདུལ་དང༌། མ་དུང་མཚོ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། ཉིན་དེའི་ཞི་རྒོལ་སྐབས་ཉེན་རྟོག་པའི་རླངས་འཁོར་ལ་རྡོ་བཞུས་པ་སོགས་ཀྱི་ཉེས་འཛུགས་ཀྱིས་དཀར་མཛེས་རྫོང་ཐོག་ནས་འཛིན་བཟུང་བྱས་ཏེ་བྲག་མགོ་བཙོན་ཁང་སོགས་སུ་བཀག་ཉར་བྱས་རྗེས་སུ། དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཕྱོགས་སུ་བཙོན་ཁང་ཞིག་གི་ནང་བསྐྱལ་འདྲེན་བྱས་ཏེ་ཁོང་གི་ནང་མི་རྣམས་ཐུག་འཕྲད་ལ་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ནའང་དེ་རྗེས། དཀར་མཛེས་དགོན་གྱི་དགེ་འདུན་པ་གཉིས་དང༌། ཤང་གཅིག་པའི་མི་སྐྱ་གཅིག་བཅས་རོགས་གསུམ་དང་མཉམ་དུ་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༣ ཉིན་གློད་གྲོལ་ཐོབ་ཡོད་འདུག་ལ། གོང་གསལ་ཁོང་གཉིས་གློད་གྲོལ་བཏང་རྗེས་དཀར་མཛེས་རྫོང་གི་ལས་བྱེད་འགོ་གཙོ་ཞིག་གིས་བརྙན་འཕྲིན་བརྒྱུད། བྱབྱ མི་མང་ནས་སྐད་མ་རྒྱག་པ་ཡག་པོ་སྡོད་ན་རྒྱ་གཞུང་ནས་སྲིད་ཇུས་གུ་ཡངས་གཏང་སྟེ་ཁྲིམས་ཆད་རྒྱག་ཟིན་ནའང་གློད་གྲོལ་གཏང་བཞིན་ཡོད། གཞན་རྣམས་ཀྱང་མགྱོགས་པོ་གློད་གྲོལ་གཏང་རྒྱུ་ཡིན། བྱབྱ ་ཅེས་སོགས་ཀྱི་གསལ་བསྒྲགས་བྱས་ཡོད་འདུག། ༢༡༽ བསོད་ནམས་རྡོ་རྗེ་ནི། དཀར་མཛེས་ཁྲེ་ལ་ཤང༌། ཡར་ལངས་ཆ་གྲོང་སྡེ་ནས་ཕ་བྱམས་པ་རྡོ་རྗེ་དང༌། མ་ཚེ་འདས་མགོན་པོ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། གོང་གསལ་བཞིན་་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས། ཉེས་རྡུང་ཚད་མེད་གཏང་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས་ཟླ་བ་དྲུག་ཙམ་གྱི་རྗེས་ཕྱི་ཟླ་ ༩ པའི་ནང་གློད་གྲོལ་ཐོབ་ཡོད་འདུག། ༢༢༽ དོན་གྲུབ་ནི། དཀར་མཛེས་ཀཿབྲག་ཤང༌། བེན་བདེ་སྒང་གྲོང་ཚོ་ནས་ཚེ་རིང་གཡུ་སྒྲོན་ལགས་ཀྱི་གཟའ་ཟླ་ཡིན་འདུག་པ་དང་ད་སྐབས་རང་ལོ་ ༤༠ ཙམ་ཡིན་འདུག། ཁོང་གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་པོ་ནང་དུ་མཉམ་ཞུགས་ཀྱིས་ཞི་རྒོལ་བྱས་པ་ནས་ད་བར་ས་གནས་གང་སར་བྲོས་བྱོལ་དུ་འགྲོ་མུས་ཡིན་འདུག། ༢༣༽ རྣམ་གསལ་དབང་ལྡན་ནི། དཀར་མཛེས་མདའ་མདོ་ཤང༌། ༼ཞི་བཟང་༽གྲོང་དུ་སྐྱེས་ཤིང་གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་རྗེས་བྲོས་བྱོལ་དུ་ཕྱིན་འདུག་པ་ནས་ད་བར་ག་སོང་ཆར་མེད་གྱུར་སྟབས། རྒྱ་ལག་ཏུ་ཐེབས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་གསལ་མ་བྱུང༌། ༢༤༽ རྣམ་རྒྱལ་ནི། དཀར་མཛེས་སུ་ངོ་ཤང༌། སུ་ངོ་གྲོང་ཚོ་ནས་ཕ་༼རྩེ་པ༽དང༌། མ་༼ཞི་བདེའི་༽གཉིས་སུ་ཕྱི་ལོ་ ༡༩༥༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༥༡ ཡིན་འདུག་པ་དང༌། གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་རྗེས་བྲོས་བྱོལ་དུ་ཕྱིན་པ་ནས་ད་བར་ག་སོང་ཆར་མེད་དུ་གྱུར་ཡོད་འདུག་པ་དང༌། མ་ཚད་ཁོང་གི་གཅུང་མོ་དཀར་མཛེས་སྤང་རི་སྣ་དགོན་གྱི་བཙུན་མ་ནོར་བུ་སྒྲོལ་མས་ཀྱང་སྤང་རི་སྣའི་བཙུན་མ་རྣམས་དང་ལྷན་དུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག། ༢༥༽ བསོད་ནམས་རྒྱ་མཚོ་ནི། དཀར་མཛེས་རོལ་ཚ་ཤང༌། རྒྱལ་མཁར་གྲོང་ནས་ཡིན་པའི་ཕ་དཔལ་འཛིན་དང༌། མ་རྟ་མགྲིན་ཚེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༦༦ ཟླ་ ༠༡ ཚེས་ ༠༢ ཉིན་སྐྱེས་ཤིང་ད་སྐབས་རང་ལོ་ ༤༣ ཡིན་འདུག། གོང་གསལ་བཞིན་དཀར་མཛེས་ཞི་རྒོལ་ཆེན་མོ་ནང་མཉམ་ཞུགས་བྱས་རྗེས་བྲོས་བྱོལ་དུ་ཕྱིན་པ་ནས་བཟུང་ག་སོང་ཆར་མེད་དུ་གྱར་ཡོད་འདུག། དེ་མིན་གོང་གསལ་མཚན་ཐོ་ཨང་ ༢༦ ནས་ ༢༩ བར་གྱི་ལོ་རྒྱུས་རྣམས་རྗེས་སུ་རིམ་པར་བཞིན་འཛིན་དུས་དང་མཐུན་པ་འོག་ཏུ་བཀོད་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༠ ཉིན་ནས་བཟུང་ཉིན་བཞི་ཙམ་གྱི་རིང་སྟོང་འཁོར་དགོན་གྱི་ཉེ་འགྲམ་དང༌། བསོ་ཐོག་མདའ་གྲོང་ཚོ། དགོན་པའི་ཕར་རོལ་བུད་ཐོག་ཐང་ཤང་གི་ལས་ཁུངས་ལྟེ་བ་བཅས་ཀྱི་མདུན་དུ། བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་ཡུལ་ཞིང་ལ་བཞུགས་གདན་འཇགས་དགོས། བོད་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། ཅེས་སོགས་ཀྱི་ནང་དོན་འཁོད་བའི་ཡིག་ཆ་མང་པོ་སྦྱར་འགྲེམས་བྱས་པ་སོགས་ལ་བརྟེན། རྒྱ་གཞུང་ནས་དམ་བསྒྲགས་ཇེ་ཆེ་བཏང་བ་དང་རྒྱ་དམག་སྟོང་ཚོ་བརྒལ་བ་འཕར་སྣོན་བཏང་སྟེ་དགོན་པ་དང་ཡུལ་མི་སོགས་ལ་དམ་བསྒྲགས་ཤུགས་ཆེན་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༤ དང་ཕྱེད་ཀའི་ཐོག་མདོ་ཁམས་ཏྲེ་བོ་འམ་ལྕོག་རིའི་ཁུལ་དུ་ངང་སྒོང་བཙུན་མ་དགོན་གྱི་བཙུན་མ་གྲངས་ ༡༢༠ ཙམ་གྱི་མ་གྲོས་བསམ་པ་གཅིག་མཐུན་གྱིས་ལོ་སྔོན་མར་རུང་རྒྱལ་ཨ་གྲགས་སོགས་རྒྱལ་གཅེས་དཔའ་བོ་མང་པོས་བོད་བདེན་དོན་གྱི་ཆེད་དུ་འཐབ་རྩོད་དང༌། མི་དམངས་ཀྱི་མངོན་འདོད་གསལ་བརྗོད་སྐབས་ལྕོག་རིའི་ཁུལ་དུ་ཁ་བྲལ་རིང་ལུགས་པ་ལ་ངོ་རྒོལ་དང་མེས་རྒྱལ་ལ་དགའ་ཞེན་ཡོད་ཅེས་འཁོད་པའི་ཤོག་ལྷེ་ཐོག་ཏུ་ས་རྟགས་བསྡུ་རུག་དགོས་པའི་བཙུན་དགོན་ཁག་དང་མི་དམངས་ལ་བཙན་བཀའ་བཏང་བ་སོགས་ཀྱིས་བྱ་ཐབས་བྲལ་བའི་ལས་འགུལ་མང་པོ་སྤེལ་ཡོད་ཅིང༌། མ་ཟད་ད་ལོ་ལྷ་ས་གཙོས་ཨ་མདོ་དང་ཁམས་བཅས་ལ་རང་རེ་དང་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོར་རྡུང་རྡེག་དང༌། དམར་གསད། འཇིགས་སྐུལ་སོགས་བྱ་ཐབས་ངན་པ་འདི་འདྲ་སྤེལ་སྐབས་ངེད་ཅག་སྡོད་ཐབས་མི་འདུག་པས། དེ་ལས་ང་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད། གསོད་གཏུབ་སོགས་གང་བྱས་ཀྱང་ཤར་བསྐྱོད་བྱ་དགོས་ཞེས་སྡེབ་གཅིག་ཏུ་ལངས་ནས། ཏྲེ་བོ་ཤང་དང༌། ཏྲེ་བོ་ཆུས་ཀྱི་ལམ་ཆེན་དུ་སླེབས་གྲབས་མཚམས་སུ་ཉེན་རྟོག་པ་མང་པོས་བཀག་བསྡོམས་བྱས་ཀྱང་ཚོར་བ་ཤུགས་ཆེན་པོའི་ཐོག་ བྱབྱ ཁྱོད་ཚོས་ལག་པ་འཆང་དང༌། ང་ཚོ་གསོད་ནའང་བོད་མི་དམངས་ཀྱི་མངོན་འདོད་དུས་ནམ་ཡང་བསད་ཐུབ་ཀྱིན་མ་རེད། ཁྱོད་ཚོས་ཁ་ཡག་པོའི་ཐོག་གནས་ཚུལ་ཕྱིར་བསྒྲགས་བྱས་པ་མ་གཏོགས། དོན་དངོས་པོའི་གནས་ཚུལ་ལ་བོད་ལ་རང་དབང་སོགས་གང་ཡང་ཡོད་པ་མ་རེད་ ཅེས་ཕན་ཚུན་ལབ་གླེང་མང་པོ་བྱས་ཡོད་འདུག། དེ་ནས་ཉེན་རྟོག་པས་བཀག་འགོག་བྱས་མ་ཐུབ་པར་བརྟེན་ཤར་བསྐྱོད་ཀྱིས བྱབྱ ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། རྒྱལ་བ་ཡིད་བཞིན་ནོར་བུ་མགྱོགས་མྱུར་བོད་ལ་གདན་འདྲེན་ཞུ་དགོས། བོད་རང་བཙན་གཙང་མ་ཡིན། རྒྱ་དམར་བོད་ནས་མཐར་བསྐྲོད་གཏོང་དགོས་ ཞེས་སོགས་ཀྱི་འབོད་ཚིག་བསྒྲོགས་ཏེ། ཏྲེ་བོ་ཁྲོམ་གཞུང་དུ་སླེབས་སྐབས་མི་སེར་རྣམས་ཉེན་རྟོག་པས་བཀག་འགོག་བྱས་ཀྱང་བཙུན་མ་རྣམས་བཀག་འགོག་མ་བྱས་པར་ཉེན་རྟོག་པས་བརྙན་འཕྲིན་བརྒྱུད་པར་བླངས་བྱས་འདུག་ཅིང༌། ཁོ་ཚོས་སྐད་འབོད་བྱས་པའི་སྐབས་སུ་གངས་ཏོག་ཙམ་འབབས་ཡོད་པ་དང༌། ཕྱིར་ཏྲེ་བོ་ཟམ་ཁར་སླེབས་དུས་ཉི་མ་ཤར་བ་སོགས་རྟེན་འབྲེལ་ཡག་པོ་འདུག་ཟེར་ནས། ཁ་བ་གངས་ཅན་གྱི་ལྗོངས་འདིར་བདེ་སྐྱིད་ཀྱི་ཉི་མ་འཆར་བའི་རྟགས་མཚན་རེད་ཟེར་ནས་ཚང་མ་ལ་སྙིང་སྟོབས་ཆེས་ཆེར་བསྐྱེད་ཡོད་འདུག། ཡང་བསྐྱར་དགོངས་དྲོ་ཕྱག་ཚོད་ ༥ པའི་ཐོག་ལྕོག་རི་དགོན་དུ་ཏྲེ་བོའི་སྡེ་གཏོགས་གྲོང་སྡེ་རེར་ནས་དུད་ཚང་རེའི་མི་གཉིས་གསུམ་རེ་དགོན་པའི་ནང་ཆུ་ཤུལ་བཟོ་མཁན་དུ་སླེབས་ཡོད་པས་ཁོང་ཚོས་གོ་ཐོས་བྱུང་སྟེ། ངང་སྒང་བཙུན་དགོན་དང༌། མཁར་གསུམ་བཙུན་མ་དགོན། ལྕོག་རི་དགོན་པ། མི་སེར་འབོར་ཆེན་བཅས་ཚང་མ་སྡེ་གཅིག་ཏུ་ལངས་ཏེ། ཏྲེ་བོ་ཁྲོམ་གཞུང་དུ་ བྱབྱ ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་རང་བཙན་གཙང་མ་ཡིན། ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། རྒྱ་དམག་ཚོ་ཕར་རྒྱུག། ཞེས་སྐད་འབོད་ཤུགས་ཆེ་བྱས་སྐབས་ཉེན་རྟོག་པས་མི་སེར་དཀྱིལ་དུ་མེ་མདའ་རྒྱག་ཡོད་འདུག། མི་ཚོགས་ཁྲོད་ནས་གྲྭ་ལ་ལྟག་མ་ཚང་གི་བུ་གྲྭ་ལ་གྲོང་སྡེ་ནས་ཡིན་པའི་ལྕོག་རི་དགོན་པའི་གྲྭ་ཀུན་དགའ་ལ་མེ་མདའ་ཐེབས་ཏེ་རྐྱེན་ལམ་དུ་གཏོང་བ་དང༌། སྒང་རོང་གྲོང་སྡེ་ནས་ཡིན་པའི་མིང་ལ་ཚངས་དབང་དོན་འགྲུབ་ཟེར་བའི་མི་སྐྱ་ཞིག་ལའང་མེ་མདའ་གཉིས་ཐེབས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང༌། དེ་མིན་གཞན་མང་པོ་ཞིག་ལ་མེ་མདའ་ཐེབས་ཡོད་འདུག་ནའང༌། འཇུ་བཟུང་གི་ཉེན་ཁར་འཇིགས་ཏེ་གནས་ཚུལ་ཕྱིར་བསྒྲགས་བྱུང་མེད། ཕྱིས་སུ་གོ་ཐོས་བྱུང་ཡང་གནས་དོན་མང་པོ་ཞིག་ལ་བསམ་སྟེ་ཞུ་མ་ནུས། གྲྭ་ཀུན་དགའི་ཕུང་པོ་དང༌། ཚངས་དབང་དོན་འགྲུབ་གཉིས་ཉེན་རྟོག་པས་ཁྱེར་ཕྱིན་ན་ཚུར་མི་སྤྲོད་པ་ཤེས་ཏེ་ཡུལ་མི་ཚོས་ཉེན་རྟོག་པ་བཀག་འགོག་བྱས་པ་དང༌། གྲྭ་བཙུན་རྣམས་ཀྱིས་ཁོ་གཉིས་ཐབས་ཤེས་གང་ཡོད་ཀྱི་མི་ཚོགས་ཁྲོད་ནས་ཕྱི་སྣུར་གྱིས་སྦག་སྦག་ཐོག་བཀལ་ཏེ། དགོན་པའི་ནང་དུ་ཁྱེར་ཏེ་གསང་ཉར་བྱས་ཡོད་འདུག། གནས་ཚུལ་ཡག་ཉེས་ཅི་བྱུང་ཡང་ཁོ་གཉིས་ཕར་རྩིས་མི་སྤྲོད་པའི་སྐོར་ལབ་གླེང་མང་པོ་བྱུང་ཡོད་འདུག། ཚངས་དབང་དོན་འགྲུབ་ལ་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གང་ཡང་རག་མི་འདུག། རྫོང་ཉེན་རྟོག་པས་དགོན་པའི་ཕྱག་མཛོད་ལ་ཁོ་གཉིས་ཞག་གཉིས་ནང་ཚུར་རྩིས་སྤྲོད་མ་བྱས་ཚེ་དགོན་པ་གཞུང་བཞེས་གཏོང་རྒྱུ་ཡིན་པ་དང༌། དགོན་པའི་ཕྱི་ནང་ཡོངས་རྫོགས་བསྔོག་བཤེར་བྱ་རྒྱུ་ཡིན་ཞེས་བཙན་བཀའ་དང་སྡིག་ར་སྐུལ་ཡོད་འདུག། རྒྱ་དམར་ཉེན་རྟོག་པར་དགོན་པས་བརྡ་ལན་གང་ཡང་མ་སྤྲོད་པར་བརྟེན། དགོན་པ་ཡོངས་རྫོགས་དམག་གིས་བསྐོར་ཏེ་བསྔོག་བཤེར་བྱས་པ་མ་ཟད་དགོང་མོ་ཕྱག་ཚོད་ ༦ པ་ནས་བཟུང་མི་སུ་ཡང་ཕྱིར་ཐོན་མི་ཆོག་པའི་བཙན་བཀའ་བཏང་འདུག། གལ་སྲིད་ཕྱི་ལ་ཐོན་ཚེ་མེ་མདའ་རྒྱག་རྒྱུ་ཡིན་ཞེས་རྒྱང་གྲགས་ནང་ནས་བཤད་ཡོད་འདུག་ནའང༌། དེའི་དགོང་མོ་ཕྱག་ཚོད་ ༨ ཡས་མས་ཤིག་ལ་ཨ་བདུགས་གྲོང་པའི་མི་སེར་མང་པོ་མཉམ་རུམ་གྱིས་གྲོས་བྱས་ཏེ། མི་སེར་ཐོག་མེ་མདའ་གང་བྱུང་རྒྱག་པ་དང༌། ད་ལྟ་དགོན་པ་ཡོངས་རྫོགས་དམག་གིས་བསྐོར་ཏེ་བསྔོག་བཤེར་བྱེད་ཀྱིན་འདུག་ན་ང་ཚོ་ཏྲེ་བོ་ལུང་པ་ས་ཤུལ་ཆུ་ཤུལ་བཟོས་ནའང་འགྱོད་པ་མེད་ཅེས་བརྗོད་དེ་ཚང་མ་དགོན་པའི་ཕྱོགས་སུ་བསྐྱོད་པ་དང༌། གྲོང་སྡེ་གཞན་རྣམས་ཀྱི་ཨ་བདུགས་གྲོང་པའི་གྲོང་མི་རྣམས་ངོ་རྒོལ་བྱེད་མཁན་འགྲོ་ཡི་ཡོད་པ་ཤེས་ཏེ་གྲོང་སྡེ་མང་པོ་མཉམ་ཞུགས་ཀྱིས་དགོན་པའི་རྒྱབ་ཕྱོགས་སླེབས་མཚམས་སུ་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ། མི་སེར་ཐོག་གང་བྱུང་གིས་མེ་མདའ་མཚམས་མ་ཆད་པ་རྒྱག་པའི་རྐྱེན་གྱིས་མི་སེར་རྣམས་ཁ་འཐོར་ཏེ་མི་སེར་མང་པོ་ཞིག་ད་ལྟའི་ཆ་ལ་ཡང་རི་ལ་བྲོས་པ་དང་བོར་བརླག་བྱུང་ཡོད་ཚོད་འདུག། རྒྱ་དམར་ནས་གྲྭ་ཀུན་དགའི་ཕུང་པོ་ཚུར་རྩིས་སྤྲོད་མ་བྱས་ཚེ་དགོན་པ་དང་གྲྭ་ཤག་རེར་བཞིན་བསྔོག་བཤེར་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ནའང༌། གྲྭ་མང་ཚོས་ཕུང་པོ་ཕར་སྤྲོད་རྒྱུ་ལྟ་ཞོག་གྲྭ་ཤག་བསྔོག་བཤེར་བྱ་མཁན་བྱུང་ན་ཁ་གཏད་གཅོག་རྒྱུའི་དམ་བཅའ་དང་གྲོས་འཆམ་བཞག་འདུག་པར་གྲྭ་རྒན་ཚོས་དགོན་པ་ཆག་འཇུག་དང་གྲྭ་པ་ཚོར་སྲོག་གི་ཉེན་ཁ་ལ་དགོངས་ཏེ། ང་ཚོར་ད་ལྟའི་ཆར་གནས་ཚུལ་ཐབས་སྐྱོ་པོ་བྱུང་ཡོད་པས་གྲྭ་གཞོན་ཚོ་ལ་ཐུགས་ཁག་མེད། ཡིན་ཡང་ད་ལྟའི་ཆར་ང་ཚོའི་གང་ཡང་བྱས་མི་ནུས༌། དེ་ལས་དགོན་པ་བསྔོག་བཤེར་མི་དགོས་པར་ཕུང་པོ་ཕར་སྤྲོད་རོགས་ཞེས་བསྐུལ་མ་ཐེངས་མང་བྱས་ཀྱང་མ་ཉན་བར་མཐར་དེར་ཡོད་གྲྭ་པ་ཚང་མ་ཕྱིར་བུད་བཏང་སྟེ། དགོན་པ་ཡོངས་རྫོགས་བསྔོག་བཤེར་བྱས་ནས་གྲྭ་ཀུན་དགའ་ཕུང་པོ་འཕྲོག་པ་མ་ཚད། གྲྭ་ཤག་སོ་སོའི་མཆོད་ཁང་ནང་བསྒྲིག་བཤམ་བྱས་པའི་ྋགོང་ས་མཆོག་གི་སྐུ་པར་རལ་བ་དང༌། སྐུ་པར་བཅག་པ། མཆོད་བཤམ་འགོ་རྟིང་བསློག་པ་སོགས་བྱས་ཁར་དགོན་པ་སྒོ་ཕྱེ་མི་ཆོག་པ་བཟོས་པ་དང༌། དམག་མི་བརྒྱ་ཕྲག་ཁ་ཤས་ཀྱིས་གྲྭ་ཀུན་དགའི་ཕུང་པོ། བྱེའུ་ཁྲས་བཟུང་བ་ལྟར་ཁྱེར་འདུག་ལ། ལྕོག་རི་དགོན་གྱི་མཁན་པོ་དགའ་ལྡན་བྱང་རྩེ་གྲྭ་ཚད་གི་དགེ་བཤེས་ལྷ་རམས་པ་བློ་བཟང་དབང་ཆེན་ལགས་ཀྱང་རྡུང་རྡེག་ཚད་མེད་བཏང་སྟེ་གཟུགས་པོ་ཡོངས་རྫོགས་ཁྲག་གིས་བརྫིས་པ་དང༌། རྐང་ལྕགས་ལག་ལྕགས་རྒྱག་སྟེ་རྫོང་ཐོག་ཏུ་བཙན་ཁྲིད་བྱས་ཡོད་འདུག། མ་ཚད་དམག་མི་འབོར་ཆེན་གྱིས་གྲོང་སྡེ་སོ་སོར་བསྔོག་བཤེར་བྱས་པ་དང༌། དུད་ཚང་སོ་སོའི་ཕྲུ་གུ་ཚོ་ལའང་ཁྱེད་ཚོའི་ཨ་ཕ་དང་སྤུན་མཆེད་སོགས་གང་དུ་ཡོད་སོགས་ཀྱི་འདྲི་རྩད་བྱས་སྐབས་རྣམ་འགྱུར་ཡག་མིན་ལ་བསྙད་དེ་ཉེས་རྡུང་བཏང་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག། ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོ་ཐེངས་དང་པོ་དང་གཉིས་པ་བཅས་སུ་ཞི་རྒོལ་བ་སེར་སྐྱ་བརྒྱ་ཕྲག་མང་པོ་བརྙན་འཕྲིན་བརྒྱུད་ནས་པར་ལེན་བྱས་ཡོད་འདུག་པ་དང༌། ཉིན་དེའི་དགོང་མོར་ཏྲེ་བོ་ཁྲོམ་གཞུང་ཡོངས་སུ་དྲག་ཆས་ཉེན་རྟོག་པ་དང་དམག་མིས་གང་ཡོད་འདུག་ལ། དེའི་ཁྲོད་དུ་ཆེད་མངགས་མི་གསོད་ཆོག་པའི་དམག་མི་རྒྱ་སྐད་ལཐུའུ་ཇུས་ཏནཟེར་བའི་དྲག་སྤྱོད་ཀྱང་འབོར་ཆེན་སླེབས་ཡོད་འདུག། ཉིན་དེའི་དགོང་མོར་ལྕོག་རི་དགོན་གྱི་མཁན་པོ་དགེ་བཤེས་བློ་བཟང་དབང་ཆེན་མཆོག་ནི་ཏྲེ་བོ་རུ་གཉེན་ཉེ་ཞིག་གི་ནང་དུ་བཞུགས་ཡོད་པ་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་མཚན་མོ་ཕྱག་ཚོད་ ༢ པའི་ཐོག་དུད་ཚང་དེར་ཉེན་རྟོག་པ་བཙན་འཛུལ་གྱིས་མཆོད་ཁང་ནང་དུ་ྋགོང་ས་མཆོག་དང༌། དགེ་བཤེས་རྣམ་གཉིས་ལྷན་དུ་སྒྲོན་པའི་སྐུ་པར་ཞིག་ཡོད་པ་དེ་ས་གཡུགས་ནས་ཁྱིམ་བདག་ཀུན་བཟང་རྡོ་རྗེ་ལ་འདིར་རྡོག་བརྫིས་གཏོང་ཤོག་ཅེས་བཙན་བཀའ་བཏང་སྐབས། ཁོས་དེ་ལས་ལྡོག་ཏེ་ བྱབྱ ང་ཚོས་ནག་ཉེས་གང་ཡང་བསགས་མེད་ཁྱེད་ཚོ་རང་སྣང་གང་དྲན་གྱི་ཁྱིམ་འཛུལ་བྱས་པ་འདི་ཁྲིམས་འགལ་རེད་ བྱབྱ ཅེས་ཕར་ལན་བསློག་པར་བརྟེན། ཁོར་ཉེས་རྡུང་ཚད་མེད་བཏང་སྟེ་དྲན་པ་ཡང་འཐོར་ཡོད་འདུག་ལ། དགེ་བཤེས་ལ་འདྲི་རྩད་འདྲ་མིན་བྱས་ཀྱང་ཡར་ལན་གང་ཡང་མ་བྱས་སྟབས་དགེ་བཤེས་ལ་ཡང་ཉེས་རྡུང་གཏོང་སྟེ་གཟུགས་པོ་ཡོངས་རྫོགས་ཁྲག་འགོས་པ་དང༌། ཁྲག་བཞུད་མཚམས་མ་ཆད་པར་ཉེན་རྟོག་པས་དགེ་བཤེས་ཀྱི་མགོ་ལ་གཟན་གྱིས་བསྡོམས་ནས་རྐང་ལྕགས་ལག་ལྕགས་བརྒྱབ་སྟེ་ཀུན་བཟང་རྡོ་རྗེ་དང་མཉམ་དུ་བྲག་འགོ་རྫོང་གི་ཁྲིམས་ཁང་དུ་བཙན་ཁྲིད་ཀྱིས་བཀག་ཉར་བྱས་པ་དང༌། དེ་རྗེས་ཕྱི་ཟླ་ ༧ པའི་ཚེས་ ༢༩ ཉིན་ལྕོག་རི་དགོན་གྱི་མཁན་ཟུར་མཁས་བཙུན་མཆོག་དང་མཁན་པོ་བློ་བཟང་དབང་ཆེན་རྣམ་གཉིས་བྲག་འགོ་རྫོང་ནས་ཁམས་དར་རྩེ་མདོར་བཙོན་ཁང་དུ་གནས་སྤོར་བྱས་ཡོད་འདུག། ༡༽ ཏྲེ་ཧོར་ལྕོག་རི་དགོན་གྱི་མཁན་པོ་དགེ་བཤེས་བློ་བཟང་དབང་ཆེན་མཆོག་ནི། ཏྲེ་བོ་ཤང༌། ཏྲེ་བོ་གྲོང་ཚོ་ནས་ཡབ་ཆོས་གྲགས་དང༌། ཡུམ་ཡ་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༧༠ ལོ་ཡས་མས་ཤིག་ལ་འཁྲུངས་ཤིང་ད་སྐབས་རང་ལོ་ ༣༩ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་བཟུང་ཟླ་བ་མང་པོ་རིང་རྒྱ་དམར་ནས་བཙོན་འོག་ཏུ་སྡུག་སྦྱོར་མནར་གཅོད་ཚད་མེད་བཏང་རྐྱེན་གྱིས། དགེ་བཤེས་ལགས་ཡར་ལངས་མི་ཐུབ་པ་སོགས་ཀྱི་གནས་སུ་གྱར་རྐྱེན་གྱིས། རྗེས་སུ་བཙོན་ནས་གློད་གྲོལ་ཐོབ་ཙམ་བྱུང་འདུག་ནའང༌། བྲག་འགོ་རྫོང་གི་སྨན་ཁང་དུ་སྨན་བཅོས་བྱས་ནས་ཟླ་བ་གཅིག་ལྷག་ཙམ་གྱི་རིང་བཞུགས་དགོས་བྱུང་ཡོད་འདུག། ༢༽ མི་སྐྱ་ཀུན་བཟང་རྡོ་རྗེ་ནི། ཏྲེ་བོ་མཚོ་འགོ་ཤང༌། ཆུ་མཁའ་གྲོང་དུ་ཕ་ཤེས་རྟོགས་མ་བྱུང་བ་དང༌། མ་སྒྲོན་མ་ཚེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༦༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༠ ཡིན་འདུག། ཁོང་འཛིན་བཟུང་བྱས་དོན་ནི་གོང་གསལ་བཞིན་ཉེས་འཛུགས་ཁག་གཅིག་དང༌། ལྕོག་རི་ཁུལ་གྱི་ཞི་བའི་གྱེན་ལངས་སྐབས་དགེ་བཤེས་བློ་བཟང་དབང་ཆེན་སོགས་ངོ་ཤེས་ཁ་ཤས་འདུས་སྡོད་བྱས་ཡོད་པར་བརྟེན། ཁ་བྲལ་རིང་ལུགས་པ་སྦས་བསྐུངས་བྱས་པའི་བསྙད་འདོགས་བྱས་པ་ཞིག་རེད་འདུག་ལ། དེ་རྗེས་དུས་ཚེས་གསལ་ཁ་མ་བྱུང་བ་ཞིག་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༥ ཉིན་ལྕོག་རི་ཁུལ་གྱི་ཞི་རྒོལ་བ་རྣམས་བརྙན་འཕྲིན་བརྒྱུད་པར་བླང་བྱས་ཏེ་འཛིན་བཟུང་བྱས་པ་ཁག་གཅིག་དང༌། ཞི་རྒོལ་སྐབས་རྐྱེན་འདས་སུ་བཏང་བ། བྲོས་བྱོལ་དུ་ཕྱིན་པ་སོགས་འདིར་ནས་ཤེས་རྟོགས་བྱུང་བ། ༡༽ ཞི་རྒོལ་སྐབས་དམར་བསད་བཏང་བའི་ལྕོག་རི་དགོན་གྱི་གྲྭ་ཀུན་དགའ། ༢༽ ལྕོག་རི་དགོན་གྱི་གྲྭ་རིག་འཛིན། ༣༽ ལྕོག་རི་དགོན་གྱི་གྲྭ་ཆོས་གྲགས། ༤༽ ལྕོག་རི་དགོན་གྱི་གྲྭ་ཀརྨ། ༥༽ སྒང་རོང་གྲོང་སྡེ་ནས་མི་སྐྱ་ཚེ་དབང་དོན་འགྲུབ། ༦༽ སྔོ་ལ་གྲོང་ཚོ་ནས་མི་སྐྱ་བློ་བཟང་ཐུབ་བསྟན། ༧༽ ཆུ་མཁའ་གྲོང་སྡེ་ནས་སྐལ་བཟང་ཟླ་བ། ༨༽ ཆུ་མཁའ་གྲོང་སྡེ་ནས་མཐར་ཕྱིན། ༩༽ ཆུ་མཁའ་གྲོང་སྡེ་ནས་ཚེ་དབང་རྒྱ་མཚོ། ༡༠༽ བྱང་གྲོང་ནས་ཡིན་པ་སྐུ་དབྱངས། ༡༡༽ ཆུ་མཁའ་གྲོང་སྡེ་ནས་དཔལ་ལྡན་ཤེས་རབ། ༡༢༽ ཆུ་མཁའ་གྲོང་སྡེ་ནས་ཟླ་བུང༌། ༡༣༽ ཆུ་མཁའ་གྲོང་སྡེ་ནས་ཤེས་རབ། ༡༤༽ སྒང་རོང་གྲོང་ཚོ་ནས་མི་སྐྱ་བློ་ཡེ་ཤེས། ༡༥༽ ཤིན་ཡུལ་གྲོང་ཚོ་ནས་བསོད་ནམས་ཡར་འགྲོ། ༡༦༽ ཤིན་ཡུལ་གྲོང་ཚོ་ནས་བདེ་ཆེན་ལྷ་མོ་བཅས་དང༌། ཚེས་ ༢༥ ཉིན་རྒྱ་གཞུང་ནས་འཇུ་བཟུང་བྱས་པའི་ངང་སྒང་བཙུན་དགོན་གྱི་བཙུན་མ་དགུ་བཅུའི་ཁྲོད་ནས་འདིར་ཤེས་རྟོགས་བྱུང་བ། ༡༽ ས་ཡེས་གྲོང་སྡེ་ནས་བཙུན་མ་དབང་ཕྱུག ༢༽ བྲག་མཆུ་གྲོང་སྡེ་ནས་བཙུན་མ་མཁའ་འགྲོ་ལྷ་མོ། ༣༽ མཁར་སྒང་གྲོང་སྡེ་ནས་མཁར་སྒང་ཚང་གི་བཙུན་མ་ཆོས་སྒྲོན། ༤༽ ས་ཡེས་གྲོང་སྡེ་ནས་བཙུན་མ་སྒྲོལ་མ་དབྱངས་མཚོ། ༥༽ མཁར་གསུམ་གྲོང་སྡེ་ནས་བཙུན་མ་དབང་མོ། ༦༽ མཚོ་འགོ་གྲོང་སྡེ་ནས་བཙུན་མ་བསོད་ནམས་ཆོས་སྒྲོན། ༧༽ དེ་ཡིས་གྲོང་སྡེ་ནས་བཙུན་མ་ཡེ་པུང༌། ༨༽ མཚོ་འགོ་གྲོང་ཚོ་ནས་བཙུན་མ་སྒྲོན་དབྱངས། ༩༽ སྒོག་རྭ་གྲོང་སྡེ་ནས་བཙུན་མ་ཡེ་ཤེས་མཁའ་འགྲོ། ༡༠༽ དེའུ་འགོ་གྲོང་ནས་དེའུ་འགོ་ཚང་གི་བཙུན་མ་ཆོས་སྒྲོན། ༡༡༽ དྲི་སྤྲང་གྲོང་ནས་དྲི་སྤྲང་འོག་མ་ཚང་གི་བཙུན་མ་གཞིས་མཚོ། ༡༢༽ མཁར་གསུམ་གྲོང་སྡེ་ནས་བཙུན་མ་སྒྲོན་དབྱངས། ༡༣༽ ལྟག་མཁར་གྲོང་སྡེ་ནས་བཙུན་མ་རིག་འཛིན། ༡༤༽ ལྟག་མཁར་གྲོང་སྡེ་ནས་བཙུན་མ་ཚེ་དབྱངས། ༡༥༽ ལྟག་མཁར་གྲོང་སྡེ་ནས་བཙུན་མ་ཆོས་ཉིད་སྒྲོལ་མ། ༡༦༽ རྫོང་འདའ་གཉའ་ཚང་གི་བཙུན་མ་དཔལ་སྐྱིད་སྒྲོལ་མ། ༡༧༽ དེའུ་འགོ་གྲོང་ནས་དེའུ་འགོ་ཚང་གི་བཙུན་མ་བརྩོན་འགྲུས་དབང་མོ། ༡༨༽ སྒོག་རྭ་གྲོང་སྡེ་ནས་བཙུན་མ་ཡེ་ཤེས་མཚོ། ༡༩༽ སྒོག་རྭ་གྲོང་སྡེ་ནས་ཆུ་ཁ་ཚང་གི་བཙུན་མ་དཔའ་དགའ། ༢༠༽ མཚོ་འགོ་གྲོང་སྡེ་ནས་བཙུན་མ་བློ་བཟང་སྐྱིད། ༢༡༽ ཏྲེ་བོ་གྲོང་སྡེ་ནས་བཙུན་མ་བརྩོན་དབྱངས། ༢༢༽ མཚོ་འགོ་གྲོང་སྡེ་ནས་བཙུན་མ་གཡུ་དྲུང་མཚོ། ༢༣༽ མཚོ་འགོ་གྲོང་སྡེ་ནས་བཙུན་མ་རྣམ་རྒྱལ་ལྷ་མོ། ༢༤༽ མཚོ་འགོ་གྲོང་སྡེ་ནས་བཙུན་མ་བུ་མོ། ༢༥༽ མཚོ་འགོ་གྲོང་སྡེ་ནས་བཙུན་མ་དབང་ལུ། ༢༦༽ སྒང་རོང་གྲོང་སྡེ་ནས་བཙུན་མ་ཚེ་དབྱངས་ལྷ་མོ། ༢༧༽ སྒང་རོང་གྲོང་སྡེ་ནས་བཙུན་མ་ཕུར་བུ་སྒྲོལ་མ། ༢༨༽ སྟག་འགོ་གྲོང་སྡེ་ནས་བཙུན་མ་བྱང་ཆུབ། ༢༩༽ རྫོང་འགོ་གྲོང་ནས་རྫོང་འགོ་ཚང་གི་བཙུན་མ་དབྱངས་སྐྱིད། ༣༠༽ མཁར་ལེན་གྲོང་སྡེ་ནས་བཙུན་མ་མིན་མིན། ༣༡༽ ལྟག་མཁར་གྲོང་ནས་ལྟག་མཁར་ཚང་གི་བཙུན་མ་རིག་འཛིན་སྨན་མཚོ། ༣༢༽ གནས་རྩ་གྲོངསྡེ་ནས་བཙུན་མ་བློ་བུང༌། ༣༣༽ བྱང་ཆུབ་གླིང་གྲོང་སྡེ་ནས་བཙུན་མ་ཆོས་དགའ། ༣༤༽ རིའུ་འདབས་གྲོང་སྡེ་ནས་རིའུ་འདབས་ཚང་གི་བཙུན་མ་ཚེ་ལྷ། ༣༥༽ གྱེན་འདའ་གྲོང་སྡེ་ནས་བཙུན་མ་དབྱངས་དགའ། ༣༦༽ སྟག་འགོ་གྲོང་སྡེ་ནས་བཙུན་མ་བློ་བཟང་ཆོས་མཚཽ། ༣༧༽ བྱང་ཆུབ་གླིང་གྲོང་སྡེ་ནས་བཙུན་མ་སྒྲོལ་མ་མཚོ། ༣༨༽ མཚོ་འགོ་གྲོང་སྡེ་ནས་བཙུན་མ་ཆོས་ཀྱི་སྒྲོལ་མ། ༣༩༽ དེའུ་འགོ་གྲོང་ནས་བཙུན་མ་བྱམས་པ་ཆོས་སྐྱིད། ༤༠༽ མཁར་གསུམ་གྲོང་སྡེ་ནས་བཙུན་མ་བསོད་ནམས། ༤༡༽ སྟག་འགོ་གྲོང་ཚོ་ནས་བཙུན་མ་ཚེ་རིང་དབང་མོ། ༤༢༽ མཁའ་ལེན་གྲོང་ཚོ་ནས་བཙུན་མ་ངག་དབང་ལྷ་མོ། ༤༣༽ དེ་ཡིས་གྲོང་སྡེ་ནས་བཙུན་མ་བདེ་སྐྱིད། ༤༤༽ ཟུར་ལ་མདའ་གྲོང་ཚོ་ནས་བཙུན་མ་པདྨ་ཆོས་སྒྲོན། ༤༥༽ མཁར་ལེན་གྲོང་ཚོ་ནས་བཙུན་མ་དགེ་འདུན་ལྷ་མོ་བཅས་ཡིན་པ་དང༌། འཛིན་བཟུང་བྱས་པའི་བཙུན་མ་ ༩༠ ཁྲོད་ནས་དང་པོ་བཙུན་མ་བཅུ་བདུན་ཙམ་བཀག་ཉར་བྱས་འདུག་པ་ནས། ཕྱི་ཟླ་ ༤ ཚེས་ ༢༩ ཡས་མས་ཤིག་ལ་དུས་བཀག་བཙོན་འཇུག་ལོ་བདུན་ནས་གསུམ་བར་གྱི་ཁྲིམས་ཆད་ཕོག་པའི་བཙུན་མ་བདུན་མ་གཏོགས་གཞན་ཚང་མ་གློད་གྲོལ་ཐོབ་འདུག། ༡༽ ལྕོག་རི་དགོན་གྱི་གྲྭ་ཀུན་དགའ་ལགས་ནི། ཏྲེ་བོ་ཤང༌། གྲྭ་ལ་གྲོང་ཚོ་ནས་གྲྭ་ལ་ལྟག་མ་ཚང་གི་ཕ་བཀྲ་ཤིས་རྒྱལ་མཚན་དང༌། མ་ཡ་མ་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་དམར་གཞུང་ནས་རྐྱེན་ལམ་དུ་བཏང་སྐབས་རང་ལོ་ ༢༡ ཡིན་འདུག་པ་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཚེས་ ༢༤ ཉིན་ཏྲེ་བོའི་ལྷ་སྡེ་ཡོད་དོ་ཅོག་གིས་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་དང་གཅིག་མཚུངས་ཀྱི་རྒྱ་དམར་གྱི་སྲིད་ཇུས་ལ་ཞི་རྒོལ་དང༌། སེམས་ནང་གི་མངོན་འདོད་ལ་ཕྱི་དགྲ་བོའི་སྟོབས་འབྱོར་གྱིས་གསུབ་མི་ཐུབ་པ་ཤེས་དགོས་པ་ཞིག་དང༌། རྒྱལ་སྤྱིའི་སྟེང་རྒྱ་དམར་གཞུང་ངོ་ཚ་དགོས་པ་ཞིག་བཟོས་སྐབས་ཁོང་ཡང་མཉམ་ཞུགས་བྱས་པ་དང༌། སྐབས་དེར་དྲག་ཆས་ཉེན་རྟོག་པ་དང་དམག་མིས་མི་དམངས་ཁྲོད་དུ་དུག་རྫས་གཡུག་པ་དང་མེ་མདའ་བརྒྱབ་པ། ཉེས་རྡུང་བཏང་བ་སོགས་མི་སྤྱོད་ལས་འདས་པའི་བྱ་ཐབས་སྤེལ་སྐབས་གྲྭ་ཀུན་དགའ་རང་སྲོག་བློས་གཏོང་གི་མེ་མདའ་ཁར་མཆོངས་སྟེ། བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་རང་བཙན་གཙང་མ་ཡིན། བོད་རང་བཙན། ཞེས་འབོད་བཞིན་ས་ལ་འགྱེལ་འདུག། ད་དུང་ཁོ་ཡར་ལངས་རྩིས་བྱས་ཏེ། བྱབྱ བོད་མི་ཚོ་སེམས་ཤུགས་མ་ཆགས་ བྱབྱ ཞེས་ཐེངས་མང་འབོས་ཡོད་འདུག། དེ་ནས་ཁོ་ཉེན་རྟོག་པའི་ལག་ནས་སེར་སྐྱ་ཚོས་འཕྲོག་སྟེ་གསང་ཉར་བྱས་ཡོད་ཀྱང་ལྕོག་རི་དགོན་གྱི་གྲྭ་པ་རྣམས་ཕྱིར་འབུད་བཏང་པ་མ་ཟད། དགོན་པ་ཡོངས་རྫོགས་བསྔོགས་བཤེར་བྱས་ཏེ་མཐར་ཀུན་དགའི་ཕུང་པོ་རྒྱ་དམར་གྱིས་བཙན་འཕྲོག་བྱས་ནས་ཁྱེར་ཕྱིན་འདུག། སྤྱིར་རྒྱ་མི་བོད་མི་གང་འདྲ་ཞིག་ཡིན་ནའང་གཤིན་པོའི་རྗེས་སུ་གང་འདོད་ཀྱི་ཆོས་སྒྲུབ་ཡ་དང་གནམ་རིག་སྐར་རྩིས་ཀྱི་འཕྲོད་སྦྱོར་ལ་བརྟེན་ནས་དུར་འཇུག་བྱེད་ཀྱིན་ཡོད་ཀྱང༌། ཁོང་གི་ཕུང་པོ་ནི་བཙན་འཕྲོགས་ཀྱིས་རྒྱ་དམར་རང་གིས་བྲག་མགོ་དགོན་བའི་དགོན་འདབས་སུ་མེར་བསྲེག་བཏང་ཡོད་འདུག། ༢༽ ཏྲེ་བོ་ལྕོག་རི་དགོན་གྱི་གྲྭ་རིག་འཛིན་ལགས་ནི། ཏྲེ་བོ་ཤང༌། བྱང་གྲོང་གྲོང་དུ་ཕ་ཚེ་རིང་ནོར་བུ་དང༌། མ་དཔལ་ལྡན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༦༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་པ་དང༌། གོང་གསལ་བཞིན་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་བྱས་སྟབས། རྒྱ་གཞུང་ནས་ཕྱི་ལོ་༼༢༠༠༨༽འཇུ་བཟུང་བཀའ་རྒྱ་ཨང་ ༠༡ ཟེར་བ་ནང་གསལ་ལྟར།༼རིག་འཛིན། སྐྱེས་པ། བོད་རིགས། སི་ཁྲོན་ཞིང་ཆེན་བྲག་འགོ་རྫོང་གི་ཏྲེ་ཧོར་ཤང་ཏོག་དཔེ་གྲོང་ཚོའི་མི་ཡིན། གཟུགས་བྱད་ཀྱི་ཁྱད་ཆོས་ནི་གཟུགས་རིང་ཐུང་ ༡༧༠ cm ཡས་མས་ཡིན། སྐྲ་ཐུང་ངུ་བཞག་ཡོད། མིག་ལ་ཆ་ག་མེད། སྣ་གདོང་མཐོ་བ། རྣ་ལྕོག་ཆེན་པོ། ལུས་ཤ་ཅུང་སྐམ་པོ་ཡིན༽ ཅེས་སོགས་ཀྱི་ནང་དོན་འཁོད་བའི་མི་གྲངས་ ༣༦ གྲལ་དུས་ཐོག་ཏུ་འཇུ་བཟུང་བྱ་དགོས་པ་དང༌། གལ་ཏེ་ཁོང་རྣམས་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ཚོ་ཁ་ཤས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་སོགས་ཀྱི་གསལ་བསྒྲགས་བྱས་ཡོད་འདུག། ཁོང་ནི་བྲོས་བྱོལ་དུ་ཕྱིན་པ་ནས་ད་བར་རྒྱ་དམར་གྱི་ལག་ཏུ་ཐེབས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་གང་ཡང་མ་བྱུང༌། ༣༽ ཏྲེ་བོ་ལྕོག་རི་དགོན་གྱི་གྲྭ་ཆོས་གྲགས་ལགས་ནི། ཏྲེ་བོ་ཤང༌། ཁུག་ཡར་འབུར་གྲོང་དུ་ཕ་བསོད་ནམས་དངོས་གྲུབ་དང༌། མ་སྒྲོལ་དཀར་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་གྱི་སྣེ་ཁྲིད་བྱས་སྟབས། རྒྱ་གཞུང་ནས་ཕྱི་ལོ་༼༢༠༠༨༽འཇུ་བཟུང་བཀའ་རྒྱ་ཨང་ ༠༡ ཟེར་བ་ནང་གསལ་ལྟར།༼ཆོས་གྲགས། སྐྱེས་པ། བོད་རིགས། ༡༩༨༦ ལོའི་ཟླ་བ་ ༨ ཚེས་ ༩ ཉིན་སྐྱེས། སི་ཁྲོན་ཞིང་ཆེན་བྲག་འགོ་རྫོང་གི་ཏྲེ་ཧོར་ཤང་ཏོག་དཔེ་གྲོང་ཚོའི་མི་ཡིན། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས། ༥༡༣༣༢༧༡༩༨༦༠༨༠༩༥༠༡༦ གཟུགས་བྱད་ཀྱི་ཁྱད་ཆོས་ནི་གཟུགས་རིང་ཐུང་ ༡༧༠ cm ཡས་མས་ཡིན། ངོ་གདོང་རྒྱ་ཆེ་བ། མིག་ལ་ཆ་ག་མེད། ལུས་ཤ་རྒྱགས་ལ་གཡོན་མིག་ཞ་བ་ཡིན༽ ཅེས་སོགས་ཀྱི་ནང་དོན་འཁོད་བའི་མི་གྲངས་ ༣༦ གྲལ་དུས་ཐོག་ཏུ་འཇུ་བཟུང་བྱ་དགོས་པ་དང༌། གལ་ཏེ་ཁོང་རྣམས་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ཚོ་ཁ་ཤས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་སོགས་ཀྱི་གསལ་བསྒྲགས་བྱས་འདུག་ལ། ཁོང་བྲོས་བྱོལ་དུ་ཕྱིན་པ་ནས་ད་བར་རྒྱ་དམར་གྱི་ལག་ཏུ་ཐེབས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་གང་ཡང་མ་བྱུང༌། ༤༽ ལྕོག་རི་དགོན་གྱི་གྲྭ་རིག་འཛིན་ཀརྨ་ནི། ཏྲེ་བོ་ལྕོག་རི་མཚོ་འགོ་ཤང༌། སྒང་རོང་གྲོང་སྡེ་ནས་ཕ་བྱམས་དབྱངས་དང༌། མ་ཚུལ་ཁྲིམས་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༨༦ ཟླ་ ༥ ཚེས་ ༣ ཉིན་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་འདུག། ཁོང་གིས་གོང་གསལ་བཞིན་ལྕོག་རི་ཁུལ་གྱི་ཞི་རྒོལ་གྱི་སྣེ་ཁྲིད་གྲས་སུ་འཛུལ་ཞུགས་ཀྱིས་ངོ་རྒོལ་སྐབས་སུ་རྒྱ་དམག་ནས་དྲག་གནོན་གྱིས་ལྕོག་རི་དགོན་གྱི་གྲྭ་ཀུན་དགའ་ལ་མེ་མདའ་རྒྱག་སྟེ་ས་ལ་འགྱེལ་སྐབས། ཁོང་གི་ཨ་ཁུ་ཚེ་དབང་དོན་འགྲུབ་དང་མཉམ་དུ་དཔུང་པས་སྐྱོར་ནས་མར་ཏོག་ཙམ་སླེབས་མཚམས་སུ་ཚེ་དབང་དོན་འགྲུབ་ལའང་མདེའུ་གཉིས་ཐེབས་ཏེ་ས་ལ་རིལ་པ་དང༌། ཁོང་གིས་གྲྭ་ཀུན་དགའི་ཕུང་པོ་རོགས་གཞན་ལ་སྤྲད་ནས་ཚེ་དབང་དོན་འགྲུབ་སྒལ་པར་ཁུར་ཏེ་བློ་བཟང་ཐུབ་བསྟན་གྱི་སྦག་སྦག་སྟེང་བསྐྱལ་འདུག་པ་དང༌། དེ་རྗེས་སླར་ཡང་རོགས་རྣམས་དང་མཉམ་རུབ་ཀྱིས་གྲྭ་ཀུན་དགའི་ཕུང་པོ་དགོན་པའི་ནང་ཁྱེར་ཏེ་གསང་ཉར་བྱས་རྗེས་སུ་བྲོས་བྱོལ་དུ་ཕྱིན་འདུག་ནའང༌། དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས་ཕྱི་ལོ་༼༢༠༠༨༽ལོའི་འཇུ་བཟུང་བཀའ་རྒྱ་ཨང་ ༠༡ ཟེར་བ་ཞིག་བཏང་འདུག་པ་དང་དེའི་ནང་འཁོད་དོན། ༼རིག་འཛིན་ཀརྨ། སྐྱེས་པ། བོད་རིགས། ༡༩༨༦ ལོའི་ཟླ་བ་ ༥ ཚེས་ ༣ ཉིན་སྐྱེས། སི་ཁྲོན་ཞིང་ཆེན་བྲག་འགོ་རྫོང་མཚོ་འགོ་ཤངདགུ་རོང་གྲོང་ཚོའི་མི་ཡིན། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས། ༥༡༣༣༢༧༡༩༨༦༠༥༠༣༤༠༡༥ གཟུགས་བྱད་ཀྱི་ཁྱད་ཆོས་ནི་གཟུགས་རིང་ཐུང་ ༡༧༠ cm ཡས་མས་ཡིན། རྣ་ལྕོག་ཆེན་པོ། མིག་ཆུང་ཆུང༌། ལུས་ཤ་རྒྱགས་པ་ཡིན༽ ཅེས་སོགས་ཀྱི་ནང་དོན་འཁོད་བའི་མི་གྲངས་ ༣༦ དང་མཉམ་དུས་ཐོག་ཏུ་འཇུ་བཟུང་བྱ་དགོས་པ་དང༌། གལ་ཏེ་ཁོང་རྣམས་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ཚོ་ཁ་ཤས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་སོགས་ཀྱི་གསལ་བསྒྲགས་བྱས་འདུག་མོད། རྒྱ་དམར་གྱི་ལག་ཏུ་མ་ཐེབས་པ་ལོ་འཁོར་གཅིག་ལྷག་ཙམ་གྱི་རྗེས་བཙན་བྱོལ་དུ་ཡོང་ཐུབ་པ་བྱུང་ཡོད། ༥༽ ཚེ་དབང་དོན་འགྲུབ་ནི། ཏྲེ་བོ་མཚོ་འགོ་ཤང༌། སྒང་རོང་གྲོང་ཚོ་ནས་ཕ་བསྟན་འཛིན་གྲགས་པའམ་༼བསྟན་ལུ༽དང༌། མ་ནོར་བུ་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༨ ཉིན་སྐྱེས་ཤིང་ད་སྐབས་རང་ལོ་ ༤༠ མ་ཟིན་ཙམ་ཡིན་པ་དང༌། ཁོང་ནི་དེ་སྔ་ཕྱི་ལོ ༡༩༩༣ ལོར་ལྷ་སའི་ཞི་རྒོལ་ནང་དུའང་མཉམ་ཞུགས་བྱས་འདུག་ལ། དེ་རྗེས་གོང་གསལ་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༤ ཉིན་གྱི་ཞི་རྒོལ་རྗེས་མའི་ནང་དུ་མཉམ་ཞུགས་ཀྱིས་སྣེ་ཁྲིད་བྱས་སྐབས། རྒྱ་དམར་ནས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་སྡུག་རྩུབ་ཆེན་པོས་དྲག་གནོན་བྱས་ཏེ་ལྕོག་རི་དགོན་གྱི་གྲྭ་ཀུན་དགའ་ལ་མེ་མདའ་བརྒྱབ་ནས་ས་ལ་འགྱེལ་བ་མཐོང་དུས་ཁོང་ནས་སེམས་ཀྱིས་མ་བཟོད་པ་ཀུན་དགའ་སྐྱོར་བར་ཕྱིན་སྟེ་དཔུང་པས་སྐྱོར་ནས་ཚུར་ཏོག་ཙམ་སླེབས་མཚམས་སུ། ཁོང་ལ་ཡང་མཁལ་མའི་རྒྱབ་ཕྱོགས་སུ་མདེའུ་གཅིག་ཕོག་ནས་མདུན་ལ་ཕུག་འདུག་པ་དང༌། དེ་ནས་ཏོག་ཙམ་སོང་སྐབས་སླར་ཡང་ལག་པ་གཡོན་པའི་གྲུ་མོར་མདེའུ་གཅིག་ཕོག་སྟེ་ཀུན་དགའ་ལག་ནས་ཤོར་མ་ཐག་གཡས་གཡོན་གྱི་མི་རྣམས་ལ་ཁོང་ལ་འཇུ་རོགས། ཞེས་སྐད་རྒྱག་ཐུབ་ཙམ་བྱུང་བ་དང་དྲན་པ་འཐོར་ནས་ས་ལ་རིལ་སྐབས་སུ་ཁོང་གི་སྤུན་མཆེད་སོགས་རོགས་རྣམས་ཀྱིས་སྦག་སྦག་སྟེང་བཞག་ནས་གསང་བའི་ཐོག་རི་སྒང་སོགས་གང་སར་ལོ་འཁོར་གཅིག་ཙམ་གྱི་རིང་བྲོས་བྱོལ་དུ་འགྲོ་དགོས་བྱུང་འདུག་ལ། ཟླ་བ་དྲུག་ཙམ་གྱི་རིང་ཉལ་ནས་སྡོད་པ་མ་གཏོགས་རང་ཉིད་གཅིག་པུ་འགྲོ་སྡོད་བྱེད་མ་ཐུབ་པ་མ་ཟད་རྨའི་ནང་དུ་གཟེར་རྒྱག་སྐབས་དྲན་པ་འཐོར་བ་དང་ཟས་ཀྱང་ཟ་མ་ཐུབ་པ་སོགས་ཧ་ཅང་གི་དཀའ་སྡུག་མྱོང་དགོས་བྱུང་འདུག་ཀྱང༌། རྒྱ་གཞུང་ནས་འཇུ་བཟུང་བཀའ་རྒྱ་ས་གནས་གང་སར་བཀྲམ་ཡོད་ཙང་སྨན་ཁང་དུ་འགྲོ་བསྐྱོད་ཀྱི་གོ་སྐབས་མ་བྱུང་བ་བརྟེན། རྗེས་སུ་རྨ་ལ་འབུ་དང་རྣག་རྒྱག་ནས་ཤ་རྣམས་རུལ་བ་དང༌། རྨ་ཁ་ནས་རུས་པ་ཆུང་ངུ་རྣམས་ཕྱིར་ཐོན་པ་སོགས་ཀྱི་གནས་ཚུལ་བྱུང་སྐབས་རྨ་གྲིས་བཤར་ནས་རྨ་ལས་བྱས་ཏེ་རྣག་ཕྱིར་འདོན་པའི་ཐབས་ཤེས་སྣ་ཚོགས་བྱས་འདུག་ཀྱང་དྲག་བསྐྱེད་མ་བྱུང་བ་དང༌། ཉིན་ལྟར་དེ་འདྲ་བྱས་ཚེ་ཟུག་གཟེར་གྱིས་མ་བཟོད་པར་རྨ་ཁའི་ནང་དུ་འགྱིག་ཁོག་སྟོང་ཅན་གྱི་རྒྱུག་པ་ཞིག་བླུགས་ཏེ་དེའི་བརྒྱུད་ནས་ཁྲག་རྣག་རྣམས་ཕྱིར་བཏོན་པ་སོགས་བྱས་མཐར། དེ་སྔ་ཞི་རྒོལ་སྐབས་ནས་མཉམ་འགྲོ་མཉམ་སྡོད་བྱས་པའི་ཁོང་གི་སྤུན་ཉེ་བློ་བཟང་ཐུབ་བསྟན་གྱིས་རོགས་སྐྱོར་འོག་ཁོང་དང་མཉམ་དུ་རྒྱ་དམར་གྱི་ལག་ཏུ་མ་ཐེབས་པ་བཙན་བྱོལ་དུ་ཡོང་ཐུབ་པ་བྱུང་ཡོད། ༦༽ བློ་བཟང་ཐུབ་བསྟན་ནི། ཏྲེ་བོ་མཚོ་མགོ་ཤང༌། སྔོ་ལ་གྲོང་ཚོ་ནས་ཕ་འགྱུར་དགའ་དང༌། མ་ཚེ་རིང་སྒྲོལ་དཀར་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། གོང་གསལ་བཞིན་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་སྐབས་རྒྱ་དམག་ནས་དྲག་གནོན་བྱས་ནས་ཁོང་གི་སྤུན་ཉེ་ཚེ་དབང་དོན་འགྲུབ་ལ་མདེའུ་གཉིས་ཐེབས་ཏེ་ས་ལ་རིལ་སྐབས། རོགས་ཁ་ཤས་དང་མཉམ་དུ་སྦག་སྦག་སྒང་ལ་བཞག་ཏེ་བྲོས་བྱོལ་དུ་ཕྱིན་ནས་ལོ་གཅིག་ཙམ་གྱི་རིང་ཁོང་ལ་རོགས་བྱས་ཏེ་རི་མགོ་སོགས་ལ་ཡིབ་ནས་བསྡད་པ་དང༌། དེ་རྗེས་ཉེ་སྔོན་ཕྱི་ཟླ་ ༤ ཡས་མས་ཤིག་ལ་ཕ་ཡུལ་ཕྱོགས་ནས་ཐོན་ཏེ་རྒྱ་གཞུང་ནས་གཞིས་ལུས་བོད་མི་རྣམས་ལ་སྡུག་སྦྱོར་ཅི་ཙམ་གཏོང་བཞིན་ཡོད་མེད་ཀྱི་དཔང་རྟགས་ཤིག་དང༌། བོད་མི་རིགས་དང་བུ་སྤུན་བར་གྱི་ལ་རྒྱ་མ་དོར་བར་ཁོང་སླར་ཡང་སྦག་སྦག་སྟེང་བཞག་སྟེ་ཉིན་མཚན་མང་པོའི་རིང་སྦག་སྦག་ཞོན་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་བར་སླེབས་པ་དང༌། དེ་ནས་ཐབས་ཤེས་རིམ་བརྒྱུད་རྒྱ་དམར་གྱི་ལག་ཏུ་མ་ཐེབས་ཙམ་ནས་རྒྱ་གར་འཕགས་པའི་ཡུལ་དུ་བདེ་འབྱོར་ཐུབ་པ་བྱུང་ཡོད། ༧༽ སྐལ་བཟང་ཟླ་བ་ལགས་ནི། ཏྲེ་བོ་མཚོ་འགོ་ཤང༌། ཆུ་མཁའ་གྲོང་ཚོ་ནས་ཕ་ཆོས་དབྱངས་དང༌། མ་སྒྲོན་གུར་གཉིས་སུ་ཕྱི་ལོ ༡༩༨༩ ལོ་སྐྱེས་ཤིང་རང་ལོ་ ༢༠ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངར་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་རྐྱེན་གྱིས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༨༽ མཐར་ཕྱིན་ལགས་ནི། མཚོ་འགོ་ཤང༌། ཆུ་མཁའ་གྲོང་ཚོ་ནས་ཕ་ཨ་གང་དང༌། མ་ཡ་མཁའ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངར་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་རྐྱེན་གྱིས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༩༽ ཚེ་དབང་རྒྱ་མཚོ་ནི། ཏྲེ་བོ་མཚོ་འགོ་ཤང༌། ཆུ་མཁའ་གྲོང་ཚོ་ནས་ཕ་མེ་ཏོག་དང༌། མ་ཡ་ཆོས་གཉིས་སུ་ཕྱི་ལོ་ ༡༩༧༠ ལོ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༩ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངར་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་རྐྱེན་གྱིས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༡༠༽ དཀོན་མཆོག་བསྟན་ནམ་༼སྐུ་དབྱངས༽ནི། ཏྲེ་བོ་ཤང༌། བྱང་གྲོང་གྲོང་ཚོ་ནས་ཕ་མཐའ་དགའ་དང༌། མ་ཚེ་རིང་གཉིས་སུ་ཕྱི་ལོ་ ༡༩༨༦ ལོ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངར་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་རྐྱེན་གྱིས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༡༡༽ དཔལ་ལྡན་ཤེས་རབ་ནི། ཏྲེ་བོ་མཚོ་འགོ་ཤང༌། ཆུ་མཁའ་གྲོང་ཚོ་ནས་ཕ་ཨུ་རྒྱན་དང༌། མ་སྒྲོན་གཡང་གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངལ་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་རྐྱེན་གྱིས། ཕྱི་ཉིན་ཉེན་རྟོག་པས་འཛིན་གྲབས་བྱས་ཏེ་རྗེས་དེད་བྱས་སྐབས་ཁོང་གིས་སྦག་སྦག་བཞོན་ནས་བྲོས་བྱོལ་དུ་ཕྱིན་འདུག་ནའང༌། ཉེན་རྟོག་པའི་རླངས་འཁོར་གྱིས་སྦག་སྦག་བརྡབ་སྟེ་དཔལ་ལྡན་ཤེས་རབ་རྐང་པ་བཅག་པ་དང་རྨས་རྐྱེན་ཚབས་ཆེན་ཕོག་ཡོད་འདུག། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༡༢༽ ཟླ་བུང་ནི། ཏྲེ་བོ་མཚོ་འགོ་ཤང༌། ཆུ་མཁའ་གྲོང་ཚོ་ནས་ཕ་ཆོས་དགའ་དང༌། མ་བསམ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༩ ལོ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངལ་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་པའི་རྐྱེན་གྱིས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༡༣༽ ཤེས་རབ་ལགས་ནི། ཏྲེ་བོ་མཚོ་འགོ་ཤང༌། ཆུ་མཁའ་གྲོང་ཚོ་ནས་ཕ་རིག་བཟང་དང༌། མ་པད་ལྷ་གཉིས་སུ་ཕྱི་ལོ་ ༡༩༨༠ ལོ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངལ་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་པའི་རྐྱེན་གྱིས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༡༤༽ བློ་ཡེ་ཤེས་ནི། ཏྲེ་བོ་མཚོ་འགོ་ཤང༌། སྒང་རོང་གྲོང་སྡེ་ནས་ཕ་ཚེ་འདས་བསོད་ནམས་དབང་ཕྱུག་དང༌། མ་ལྷ་སྨིན་གཉིས་སུ་ཕྱི་ལོ་ ༡༩༧༩ ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོའི་ཁྲོམ་གཞུང་དུ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་མོའི་སྐབས་དཔའ་ངལ་ཞུམ་མེད་ཀྱིས་མཉམ་ཞུགས་བྱས་པའི་རྐྱེན་གྱིས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉེས་བརྡུང་ཚད་མེད་གཏོང་བཞིན་བཙན་ཁྲིད་ཀྱིས་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག། ༡༥༽ བསོད་ནམས་ཡར་འགྲོ་ནི། ཏྲེ་བོ་མཚོ་འགོ་ཤང༌། སྒང་རོང་གྲོང་ཚོ་ནས་ཨ་སང་ཚང་གི་ཕ་ཆོས་འབྱོར་དང༌། མ་ཀུན་བཟང་སྦྱིན་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང་ཕྱིས་སུ་ཤིན་ཡུལ་གྲོང་དུ་མག་པ་སོང་བ་ཞིག་ཡིན་འདུག། ཁོང་ནི་བཟའ་ཟླ་བདེ་ཆེན་ལྷ་མོ་དང་མཉམ་དུ་ལྕོག་རི་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་ནས་བྲོས་བྱོལ་དུ་ཕྱིན་འདུག་པ་དང༌། དེ་རྗེས་ཁོང་གཉིས་ཀྱི་ནང་དུ་ཉེན་རྟོག་པ་དང་དམག་མི་མང་དག་ཞིག་སླེབས་ཏེ་ཁང་པའི་མཐའ་བསྐོར་ནས་ཁྱིམ་དུ་བཙན་འཛུལ་གྱིས་བསྔོགས་བཤེར་བྱས་ནས་ྋགོང་ས་མཆོག་གི་སྐུ་པར་རྡོག་རྫིས་བཏང་བ་སོགས་བྱས་པ་མ་ཚད། ཕ་མ་གཉིས་ལ་ཁོང་གཉིས་རྩིས་སྤྲོད་མ་བྱས་ཚེ་ཁྱོད་གཉིས་འཛིན་བཟུང་གིས་བཙོན་ཏུ་འཇུག་རྒྱུ་ཡིན་ཟེར་བ་སོགས་ཀྱིས་སྡིག་ར་སྐུལ་ཡོད་འདུག། ༡༦༽ བདེ་ཆེན་ལྷ་མོ་ནི། ཏྲེ་བོ་མཚོ་འགོ་ཤང༌། ཤིན་ཡུལ་གྲོང་ཚོ་ནས་ཕ་ཕུར་བ་ཚེ་རིང་དང༌། མ་པདྨ་དབྱངས་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་བྱས་ནས་ད་བར་ལོ་འཁོར་གཅིག་ལྷག་གི་རིང་ས་གནས་གང་སར་བྲོས་བྱོལ་དུ་འགྲོ་དགོས་བྱུང་འདུག་པ་དང༌། རྒྱ་གཞུང་ཉེན་རྟོག་པས་ནང་མི་ལ་ཁོང་གཉིས་རྩིས་སྤྲོད་མ་བྱས་ཚེ་ཕ་མ་གཉིས་བཙོན་ཏུ་འཇུག་རྒྱུ་ཡིན་ཞེས་སྡིག་ར་སྐུལ་བཞིན་ཡོད་འདུག། རྒྱ་དམར་ནས་འཇུ་བཟུང་བྱས་པའི་ངང་སྒང་བཙུན་དགོན་གྱི་བཙུན་མ་དགུ་བཅུའི་ཁྲོད། ༡༽ བཙུན་མ་དབང་ཕྱུག་ནི། ཏྲེ་བོ་ཤང༌། ས་ཡེས་གྲོང་ཚོ་ནས་ཕ་བློ་བཟང་ཚུལ་ཁྲིམས་དང༌། མ་༼མི་གཡང་༽གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཐེངས་དང་པོ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བྱས་པ་དང༌། དེ་རྗེས་ངང་སྒང་བཙུན་དགོན་གྱི་བཙུན་མ་བརྒྱ་དང་ཉི་ཤུས་སྣེ་ཁྲིད་ཡིན་པའི་ངོས་ལེན་བྱས་པ་མ་ཟད་བཙོན་འོག་ཏུ་བསྡད་རིང་རྒྱ་དམར་ཉེན་རྟོག་པར་རྒོལ་ལན་སློག་པའི་རྐྱེན་གྱིས་དུས་བཀག་བཙོན་འཇུག་ལོ་ ༧ གྱི་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག། ༢༽ བཙུན་མ་མཁའ་འགྲོ་ལྷ་མོ་ནི། ཏྲེ་བོ་མཚོ་འགོ་ཤང༌། བྲག་མཆུ་གྲོང་ནས་ཕ་ཨ་ལུང་དང༌། མ་ཚེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༨༡ སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཐེངས་དང་པོའི་ནང་དུ་མཉམ་ཞུགས་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་དང༌། དེ་རྗེས་ངང་སྒང་བཙུན་དགོན་གྱི་བཙུན་མ་བརྒྱ་དང་ཉི་ཤུས་སྣེ་ཁྲིད་ཡིན་པའི་ངོས་ལེན་བྱས་པ་དང༌། བཙོན་འོག་ཏུ་བསྡད་སྐབས་ཀྱང་རྒྱ་དམར་ཉེན་རྟོག་པར་ཕར་ལན་སློག་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་དུས་བཀག་བཙོན་འཇུག་ལོ་ ༧ གྱི་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་ནང་དུ་བཀག་ཉར་བྱས་ཡོད་འདུག། ༣༽ བཙུན་མ་ཆོས་སྒྲོན་ནི། ཏྲེ་བོ་ཤང༌། མཁར་སྒང་གྲོང་ཚོ་ནས་མཁར་སྒང་ཚང་གི་ཕ་འཇམ་དབྱངས་ནོར་བུ་དང༌། མ་མཁྱེན་ལུ་གཉིས་སུ་ཕྱི་ལོ་ ༡༩༦༧ སྐྱེས་ཤིང་ད་སྐབས་རང་ལོ་ ༤༢ ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཐེངས་དང་པོའི་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བྱས་པ་དང༌། དེ་རྗེས་ངང་སྒང་བཙུན་དགོན་གྱི་བཙུན་མ་བརྒྱ་དང་ཉི་ཤུས་སྣེ་ཁྲིད་ཡིན་པའི་ངོས་ལེན་བྱས་པ་དང༌། བཙོན་འོག་ཏུ་བསྡད་སྐབས་ཀྱང་རྒྱ་དམར་ཉེན་རྟོག་པར་ཕར་ལན་སློག་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་དུས་བཀག་བཙོན་འཇུག་ལོ་ ༧ གྱི་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག། ༤༽ བཙུན་མ་སྒྲོལ་མ་དབྱངས་མཚོ་ནི། ཏྲེ་བོ་ཤང༌། ས་ཡེས་གྲོང་ཚོ་ནས་ཕ་བཅོ་ལྔ་དང༌། མ་སྐལ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༩ ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཏྲེ་བོ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཐེངས་དང་པོའི་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བྱས་པ་དང༌། དེ་རྗེས་ངང་སྒང་བཙུན་དགོན་གྱི་བཙུན་མ་བརྒྱ་དང་ཉི་ཤུས་སྣེ་ཁྲིད་ཡིན་པའི་ངོས་ལེན་བྱས་པ་དང༌། བཙོན་འོག་ཏུ་བསྡད་སྐབས་ཀྱང་རྒྱ་དམར་ཉེན་རྟོག་པར་ཕར་ལན་སློག་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་དུས་བཀག་བཙོན་འཇུག་ལོ་ ༧ གྱི་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག། ༥༽ བཙུན་མ་དབང་མོ་འམ་༼ཝ་མི་༽ནི། ཏྲེ་བོ་མཚོ་འགོ་ཤང༌། མཁར་གསུམ་གྲོང་ཚོ་ནས་ཕ་ཀུན་བཟང་དང༌། མ་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༨ སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་པ་དང༌། གོང་གསལ་བཞིན་ཏྲེ་བོ་ལྕོག་རི་ཁུལ་གྱི་ཞི་རྒོལ་ཐེངས་དང་པོའི་ནང་དུ་མཉམ་ཞུགས་བྱས་རྐྱེན་འཛིན་བཟུང་བྱས་པ་དང༌། དེ་རྗེས་ངང་སྒང་བཙུན་དགོན་གྱི་བཙུན་མ་བརྒྱ་དང་ཉི་ཤུ་ཡི་སྣེ་ཁྲིད་ཡིན་པའི་ངོས་ལེན་བྱས་པ་དང༌། བཙོན་འོག་ཏུ་བསྡད་སྐབས་ཀྱང་རྒྱ་དམར་ཉེན་རྟོག་པར་ཕར་ལན་སློག་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་དུས་བཀག་བཙོན་འཇུག་ལོ་ ༧ གྱི་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག། ༦༽ བཙུན་མ་བསོད་ནམས་ཆོས་སྒྲོན༼མན་མན༽་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཚེ་རིང་དཔལ་ལྡན་དང༌། མ་ཚུལ་ཁྲིམས་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། གོང་གསལ་བཞིན་ངོ་རྒོལ་བྱས་མཁན་གྱི་གྲས་སུ་ཡོད་འདུག་ཅིང༌། མེས་རྒྱལ་གཏོར་བཤིག་གཏོང་མཁན་དང་ཁ་བྲལ་རིང་ལུགས་ཀྱི་རྗེས་འབྲངས་སོགས་ཀྱི་མིང་བསྙད་དེ། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་ནས་ད་ལྟའི་ཆར་རྒྱ་ནག་ཁྲེན་ཏུའུ་ཉེ་འགྲམ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག། ༧༽ བཙུན་མ་ཡེ་པུང་ནི། ཏྲེ་བོ་མཚོ་འགོ་ཤང༌། དེ་ཡིས་གྲོང་ཚོ་ནས་ཕ་འཇམ་དབྱངས་དང༌། མ་བསོད་ནམས་གཡུ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། གོང་གསལ་བཞིན་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད་འདུག་ཅིང༌། མེས་རྒྱལ་གཏོར་བཤིག་གཏོང་མཁན་དང་ཁ་བྲལ་རིང་ལུགས་ཀྱི་རྗེས་འབྲངས་སོགས་ཀྱི་མིང་བསྙད་དེ། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་ནས་ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་ཉེ་འགྲམ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག། ༨༽ བཙུན་མ་སྒྲོན་དབྱངས་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་པད་མ་དང༌། མ་ཡ་ཐར་གཉིས་སུ་ཕྱི་ལོ་ ༡༩༦༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༣ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད་འདུག་ཅིང༌། མེས་རྒྱལ་གཏོར་བཤིག་གཏོང་མཁན་དང་ཁ་བྲལ་རིང་ལུགས་ཀྱི་རྗེས་འབྲངས་སོགས་ཀྱི་མིང་བསྙད་དེ། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཉེ་འགྲམ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་འདུག་པ་དང༌། མོ་བཙོན་འོག་ཏུ་བསྡད་རིང་ཉེས་བརྡུང་སོགས་ཀྱི་རྐྱེན་པས་ན་ཚ་ཇེ་སྡུག་ཏུ་ཕྱིན་སྟབས། རྒྱ་གཞུང་ནས་སྲོག་ཉེན་ལ་འགན་ལེན་མ་ཐུབ་པར་འདི་ལོའི་ཕྱི་ཟླ་ ༤ པའི་ནང་གློད་གྲོལ་ཐོབ་ཡོད་འདུག། དེ་རྗེས་གཉེན་ཉེ་དང་ནང་མི་རྣམས་ཀྱིས་རྫོང་སྲན་ཀུང་ཅུས་སྨན་ཁང་དུ་བསྐྱལ་ཏེ་ཟླ་བ་གཅིག་ཙམ་གྱི་རིང་སྨན་བཅོས་བྱས་འདུག་ནའང༌། མཐར་སྨན་རིན་སོགས་ཧ་ཅང་གི་འགྲོ་གྲོན་ཆེ་སྟབས་ཁྱིམ་དུ་མ་ལོག་མཐུ་མེད་བྱུང་འདུག་པ་དང༌། རྗེས་སུ་སླར་ཡང་ཉིན་རེར་བཞིན་ཇེ་སྡུག་ཕྱིན་ཏེ་ད་ལྟའི་ཆར་རིམ་གྲོ་བྱས་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་པ་ཆགས་ཡོད་འདུག ༩༽ བཙུན་མ་ཡེ་ཤེས་མཁའ་འགྲོ་ནི། ཏྲེ་བོ་ཤང༌། སྒོག་རྭ་གྲོང་ཚོ་ནས་ཕ་བསོད་ནམས་བློ་གྲོས་དང༌། མཚེ་ལས་འདས་པ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༠༽ བཙུན་མ་ཆོས་སྒྲོན་ནི། ཏྲེ་བོ་ཤང༌། དེའུ་འགོ་གྲོང་ཚོ་ནས་དེའུ་འགོ་ཚང་གི་ཕ་ལུ་འབུང་དང༌། མ་བློ་བཟང་སྒྲོན་གཉིས་སུ་ཕྱི་ལོ ༡༩༧༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས། ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༡༽ བཙུན་མ་གཞིས་མཚོ་ནི། ཏྲེ་བོ་ཆུས་འདའ་མདོ་ཤང༌། དྲྀ་སྤྲང་གྲོང་ཚོ་ནས་དྲི་སྤྲང་འོག་མ་ཚང་གི་ཕ་སྒྲོལ་མ་སྐྱབས་དང༌། མ་བསྟན་འཛིན་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ ༣༤ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས། ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༢༽ བཙུན་མ་སྒྲོན་དབྱངས་ནི། ཏྲེ་བོ་མཚོ་འགོ་ཤང༌། མཁར་གསུམ་གྲོང་ཚོ་ནས་ཕ་ཚེ་འདས་བྱམས་དགའ་མཐའ་ཕྱིན་ལགས་སུ་ཕྱི་ལོ་ ༡༩༧༠ སྐྱེས་ཤིང་ད་སྐབས་རང་ལོ་ ༣༩ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༣༽ བཙུན་མ་རིག་འཛིན་ནི། ཏྲེ་བོ་མཚོ་འགོ་ཤང༌། ལྟག་མཁར་གྲོང་ཚོ་ནས་ཕ་རིན་ཆེན་ཚེ་རིང་དང༌། མ་ལྷ་མོ་དགའ་གཉིས་སུ་ཕྱི་ལོ་ ༡༩༨༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༢ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༤༽ བཙུན་མ་ཚེ་དབྱངས་ནི། ཏྲེ་བོ་ལྕོག་རི་མཚོ་མགོ་ཤང༌། ལྟག་མཁར་གྲོང་ཚོ་ནས་ཚེ་འདས་ཕ་ཨོ་རྒྱན་སྐྱབས་དང༌། མ་ཚེ་འདས་ལྷ་དབྱངས་གཉིས་སུ་ཕྱི་ལོ་ ༡༩༧༠ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༩ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༥༽ བཙུན་མ་ཆོས་ཉིད་སྒྲོལ་མ་ནི། ཏྲེ་བོ་མཚོ་འགོ་ཤང༌། ལྟག་མཁར་གྲོང་ཚོ་ནས་ཕ་ཚེ་འདསཨུ་རྒྱན་སྐྱབས་དང༌། མ་ཚེ་འདས་ལྷ་དབྱངས་གཉིས་སུ་ཕྱི་ལོ་ ༡༩༧༣ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༦༽ བཙུན་མ་དཔལ་སྐྱིད་སྒྲོལ་མ་ནི། ཏྲེ་བོ་ཤང༌། རྫོང་འདའ་གྲོང་ཚོ་ནས་རྫོང་འདའ་གཉའ་ཚང་གི་ཕ་རིག་འཛིན་རྡོ་རྗེ་དང༌། མ་ཡ་འབུང་གཉིས་སུ་ཕྱི་ལོ་ ༡༩༦༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༧༽ བཙུན་མ་བརྩོན་འགྲུས་དབང་མོ་ནི། ཏྲེ་བོ་ཤང༌། དེའུ་འགོ་གྲོང་ཚོ་ནས་དེའུ་འགོ་ཚང་གི་ཕ་བྱམས་པ་རྒྱལ་མཚན་དང༌། མ་མཁའ་གཡང་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༨༽ བཙུན་མ་ཡེ་ཤེས་མཚོ་ནི། ཏྲེ་བོ་ཤང༌། སྒོག་རྭ་གྲོང་ཚོ་ནས་ཕ་ཡ་མ་བློ་བཟང་དང༌། མ་བདེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་ལ། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༩༽ བཙུན་མ་དཔའ་དགའ་ནི། ཏྲེ་བོ་ཤང༌། སྒོག་རྭ་གྲོང་ཚོ་ནས་ཕ་ཡ་མ་རྣམ་སྲས་དང༌། མ་ཤེས་རབ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༠༽ བཙུན་མ་བློ་བཟང་སྐྱིད་ལི་སྐྱིད་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཚེ་འདས་བློ་དགའ་དང༌། མ་ཚེ་འདས་དཔལ་ལྡན་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༦༧ སྐྱེས་ཤིང་ད་སྐབས་རང་ལོ་ ༤༢ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༡༽ བཙུན་མ་བརྩོན་དབྱངས་ནི། ཏྲེ་བོ་ཤང༌། ཏྲེ་བོ་གྲོང་ཚོ་ནས་ཕ་ཚེ་འངས་ཚུལ་ཁྲིམས་དང༌། མ་ཚེ་འདས་ཀུན་དགའ་ལྷ་འཛོམས་གཉིས་སུ་ཕྱི་ལོ་ ༡༩༦༦ ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༤༣ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༢༽ བཙུན་མ་གཡུ་དྲུང་མཚོ་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ལམ་འཕེལ་དང༌། མ་བསོད་ནམས་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༣༽ བཙུན་མ་རྣམ་རྒྱལ་ལྷ་མོ་ནི ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཚེ་འདས་སྦྱིན་པ་དང༌། མ་ལྷ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༦༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༢ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༤༽ བཙུན་མ་བུ་མོ་འམ་བུ་མི་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཚེ་རིང་ནོར་བུ་ལགས་ཀྱི་བུ་མོ་ཡིན་འདུག། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༥༽ བཙུན་མ་དབང་ལུ་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཚེ་འདས་རྟ་དགའ་དང༌། མ་ལེགས་འཁྲུངས་སྒྲོལ་མ་གཉིས་སུ་ཕྱི་ལོ ༡༩༧༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༨ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༦༽ བཙུན་མ་ཚེ་དབྱངས་ལྷ་མོ་ནི། ཏྲེ་བོ་མཚོ་འགོ་ཤང༌། སྒང་རོང་གྲོང་ཚོ་ནས་ཕ་མགོན་པོ་ཚེ་རིང་དང༌། མ་ཚེ་འདས་ལམ་རིང་གཉིས་སུ་ཕྱི་ལོ་ ༡༩༦༤ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༤༥ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག་པ་དང༌། མ་ཚད་གཤམ་གསལ་བཞིན་མོའི་ཕ་མ་གཅིག་པའི་གཅུང་མོ་ཕུར་བུ་སྒྲོལ་མ་ཡང་འཛིན་བཟུང་དང་གློད་གྲོལ་ཡང་མཉམ་དུ་ཐོབ་ཡོད་འདུག། ༢༧༽ བཙུན་མ་ཕུར་བུ་སྒྲོལ་མ་ནི། ཏྲེ་བོ་མཚོ་འགོ་ཤང༌། སྒང་རོང་གྲོང་ཚོ་ནས་ཕ་མགོན་པོ་ཚེ་རིང་དང༌། མ་ཚེ་འདས་ལམ་རིང་གཉིས་སུ་ཕྱི་ལོ་ ༡༩༦༠ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༤༠ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༨༽ བཙུན་མ་བྱང་ཆུབ་ནི། ཏྲེ་བོ་ཤང༌། སྟག་འགོ་གྲོང་ཚོ་ནས་ཕ་ལམ་སེལ་དང༌། མ་ཇོ་བོ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༩༽ བཙུན་མ་དབྱངས་སྐྱིད་ནི། ཏྲེ་བོ་ཤང༌། རྫོང་འགོ་གྲོང་ཚོ་ནས་རྫོང་འགོ་ཚང་གི་ཕ་ཚུལ་ཁྲིམས་དང༌། མ་ཚེ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༠༽ བཙུན་མ་མིན་མིན་ནི། ཏྲེ་བོ་ཤང༌། མཁར་ལེན་གྲོང་ཚོ་ནས་ཕ་ཚེ་འདས་བསྟན་འཕེལ་དང༌། མ་ཨུ་རྒྱན་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༡༽ བཙུན་མ་རིག་འཛིན་སྨན་མཚོ་༼སྨན་གཡང་༽ནི། ཏྲེ་བོ་མཚོ་འགོ་ཤང༌། ལྟག་མཁར་གྲོང་ཚོ་ནས་ལྟག་མཁར་ཚང་གི་ཕ་སྦྱིན་པ་དང༌། མ་ཚེ་འདས་བསོད་ནམས་དཔལ་མོ་གཉིས་སུ་ཕྱི་ལོ་ ༡༩༧༤ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༢༽ བཙུན་མ་བློ་བུང་ནི། ཏྲེ་བོ་ཤང༌། གནས་རྩ་གྲོང་ཚོ་ནས་ཕ་གནས་རྩ་འཇམ་དབྱངས་སམ་༼ཏྲེ་ཧོར་འཇམ་དབྱངས་༽དང༌། མ་རིག་འཛིན་སྒྲོལ་མ་་གཉིས་སུ་ཕྱི་ལོ་ ༡༩༧༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༣༽ བཙུན་མ་ཆོས་དགའ་ནི། ཏྲེ་བོ་འདའ་མདོ་ཤང༌། བྱང་ཆུབ་གླིང་གྲོང་ཚོ་ནས་ཕ་ཚེ་ལས་འདས་པ་ཞིག་དང༌། མ་ནོར་བུ་ཚེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་འདུག་ལ། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༤༽ བཙུན་མ་ཚེ་ལྷ་ནི། ཏྲེ་བོ་ཤང། རྫོང་འགོ་གྲོང་ཚོ་ནས་རིའུ་འདབས་ཚང་གི་ཕ་ཐུབ་བསྟན་དང༌། མ་ཚེ་འདས་དབྱངས་དགའ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་འདུག་ལ། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༥༽ བཙུན་མ་དབྱངས་དགའ་ནི། ཏྲེ་བོ་མཚོ་འགོ་ཤང༌། གྱེན་འདའ་གྲོང་ཚོ་ནས་ཕ་ཚེ་འདས་དབང་པོ་དང༌། མ་ཚེ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༦ ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༦༽ བཙུན་མ་བློ་བཟང་ཆོས་མཚོ་ནི། ཏྲེ་བོ་ཤང༌། སྟག་འགོ་གྲོང་ཚོ་ནས་ཕ་མཐར་ཕྱིན་དང༌། མ་ཚེ་རིང་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༦༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༢ ཡིན་འདུག་པ་དང༌། མོ་བཙུན་མ་གཞན་རྣམས་དང་ལྷན་དུ་འཛིན་བཟུང་བྱས་རྗེས་ཉེན་རྟོག་པས་གང་བྱུང་འདྲི་རྩད་བྱས་སྐབས། མོས་རྣམ་འགྱུར་ཡག་པོ་མེད་པར་བསྙད་དེ་གློག་རྒྱུགས་བཞུས་ནས་མིག་ཡ་གཅིག་འཕྲོ་བརླག་བཏང་ཡོད་འདུག་ལ། གོང་གསལ་བཞིན་ཟླ་བ་གཅིག་ལྷག་ཙམ་གྱི་རིང་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་རྗེས་བྲག་མགོ་རྫོང་གི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༧༽ བཙུན་མ་སྒྲོལ་མ་མཚོ་ནི། ཏྲེ་བོ་མཚོ་འགོ་ཤང༌། བྲག་མཆུ་གྲོང་བྲག་མཆུ་ཚང་གི་ཕ་ཚེ་འདས་སྐལ་ལུ་དང༌། མ་བྱང་དགའ་གཉིས་སུ་ཕྱི་ལོ་ ༡༩༧༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༨ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༨༽ བཙུན་མ་ཆོས་ཀྱི་སྒྲོལ་མ་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕཚེ་འདས་ཐུགས་དགའ་དང༌། མ་བཀྲ་ཤིས་ཚེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༩༽ བཙུན་མ་བྱམས་པ་ཆོས་སྐྱིད་ནི། ཏྲེ་བོ་ཤང༌། དེའུ་འགོ་གྲོང་ཚོ་ནས་ཕ་ཚེ་ལས་འདས་པ་ཞིག་དང༌། མ་ལམ་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༧༧ ལོག་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་ལ། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༠༽ བཙུན་མ་བསོད་ནམས་ནི། ཏྲེ་བོ་མཚོ་འགོ་ཤང༌། མཁར་གསུམ་གྲོང་ཚོ་ནས་ཕ་ཚེ་འདས་ཐབས་མཁས་དང༌། མ་དབྱངས་ཅན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༧ སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་ལ། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༡༽ བཙུན་མ་ཚེ་རིང་དབང་མོ་ནི། ཏྲེ་བོ་ཤང༌། སྟག་འགོ་གྲོང་ཚོ་ནས་ཕ་སངས་རྒྱས་དབང་དགའ་དང༌། མ་ལྷ་མོ་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་འདུག གོང་གསལ་བཞིན་ངོ་རྒོལ་གྱི་སྐབས་སུ་འཛིན་བཟུང་བྱས་རྗེས་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་ཉེས་བརྡུང་ཚད་མེད་བཏང་རྐྱེན་རྩིབ་མ་བཅག་པ་སོགས་ཀྱི་སྨས་སྐྱོན་ཕོག་འདུག་ནའང་སྨན་ཁང་དུ་འགྲོ་བ་སོགས་ཀྱི་གོ་སྐབས་མ་རག་སྟབས། མཐར་རྒྱ་གཞུང་ནས་སྲོག་ཉེན་ལ་འགན་ལེན་མ་ཐུབ་པ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་བཏང་འདུག་ཀྱང་རོགས་ལ་མ་བརྟེན་པ་རང་རྐྱ་མི་འཕེར་བ་ཆགས་ཟིན་ཡོད་འདུག། ༤༢༽ བཙུན་མ་ངག་དབང་ལྷ་མོ་ནི། ཏྲེ་བོ་ཤང༌། མཁའ་ལེན་གྲོང་ཚོ་ནས་ཕ་ཐུགས་དགའ་དང༌། མ་ཚེ་འདས་གཡུ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༦༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༦ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༣༽ བཙུན་མ་བདེ་སྐྱིད་ནི། ཏྲེ་བོ་མཚོ་འགོ་ཤང༌། དེ་ཡིས་གྲོང་ཚོ་ནས་ཕ་མགོན་དགའ་དང༌། མ་ཚེ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༤༽ བཙུན་མ་པདྨ་ཆོས་སྒྲོན་ནི། ཏྲེ་བོ་ཤང༌། གཟུ་ལ་འདའ་གྲོང་ཚོ་ནས་ཕ་ཚེ་འདས་ཡ་ཐར་དང༌། མ་ཚེ་འདས་སྐལ་བཟང་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༨ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༥༽ བཙུན་མ་དགེ་འདུན་ལྷ་མོ་ནི། ཏྲེ་བོ་ཤང༌། མཁའ་ལེན་གྲོང་ཚོ་ནས་མ་གྲོང་གོང་མ་ཚང་གི་ཕ་ཚེ་འདས་བསམ་འདྲེན་དང༌། མ་ཚེ་འདས་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༦༩ སྐྱེས་ཤིང་ད་སྐབས་རང་ལོ་ ༤༠ ཡི་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་ཕྱི་ཉིན་འཛིན་བཟུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༥ ཉིན་གྱི་དགོང་དྲོ་གནས་ཚུལ་འབྱོར་གསལ་ལྟར་ན། ལྕོག་རི་དགོན་གྱི་མཁན་ཟུར་མཁས་བཙུན་མཆོག་དང༌། བྱང་ཆུབ་གླིང་གྲོང་སྡེ་ནས་ཡིན་པ་གྲྭ་ཤེས་རབ། རྫོང་འགོ་ནས་ཡིན་པ་རྫོང་འགོ་ཚང་གི་བུ་ཐུབ་བསྟན་བཅས་ལ་རྒྱ་གཞུང་ནས་ཉེས་འཛུགས་འདྲ་མིན་བྱས་ཏེ་འཇུ་བཟུང་བྱས་ཡོད་འདུག། ༡༽ ཏྲེ་ཧོར་ལྕོག་རི་དགོན་གྱི་མཁན་ཟུར་མཁས་བཙུན་མཆོག་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཚེ་འདས་བློ་བཟང་འཕྲིན་ལས་དང༌། མ་ཚེ་འདས་སྐལ་བཟང་ཚེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༦༠ ལོར་སྐུ་འཁྲུངས་ཤིང་ད་སྐབས་རང་ལོ་ ༤༩ ཡིན་འདུག་པ་དང༌། ཁོང་ལ་རྒྱ་གཞུང་ནས་ཕྱི་ཟླ་ ༣ པའི་ཚེས་ ༢༤ ཉིན་གྱི་ལྕོག་རི་ཁུལ་གྱི་མི་མང་ནས་རྒྱ་གཞུང་ལ་ཞི་རྒོལ་བྱས་པའི་དོན་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད་པ་སོགས་བསྙད་བཏགས་འདྲ་མིན་གྱིས་འཇུ་བཟུང་བྱས་ཏེ་འདྲི་རྩད་འདྲ་མིན་བྱས་པ་དང༌། ཉེས་བརྡུང་ཚད་མེད་བཏང་བའི་རྐྱེན་གྱིས་མཁལ་མའི་ནད་གཞི་ཚབས་ཆེན་བཟོས་སྟབས་མཐར་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢ ཉིན་བཙོན་ནས་གློད་གྲོལ་ཐོབ་འདུག་ཀྱང་ས་ཕྱོགས་གང་དུ་འགྲོ་བསྐྱོད་མི་ཆོག་པ་དང༌། མི་འདྲ་མིན་དང་མཉམ་དུ་ཐུག་འཕྲད་མི་ཆོག་པ། འཇུ་བཟུང་སྐབས་ལག་ཐོག་ཁ་པར་ཞིག་ཡོད་པ་དེའི་ཨང་གྲངས་བརྗེ་མི་ཆོག་ཅེས་སོགས་མང་དག་ཞིག་བཙན་དཀའ་བཏང་ཡོད་འདུག། ༢༽ གྲྭ་ཤེས་རབ་ནི། ཏྲེ་བོ་ཤང༌། བྱང་ཆུབ་གླིང་གྲོང་ནས་ཕ་བསྟན་འཕེལ་ལགས་སུ་ཕྱི་ལོ་ ༡༩༧༨ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཙམ་ཡིན་འདུག་པ་དང༌། ཁོང་ཏྲེ་བོ་ཁྲོམ་གཞུང་དུ་ཡོད་པའི་ལྕོག་རི་དགོན་པའི་ཚོང་གཉེར་ཡིན་ཞིང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༤ ཉིན་རྒྱ་གཞུང་ནས་བསླུ་ཐབས་ཀྱིས་པར་བླངས་བའི་ནང་དུ་ཚུད་ཡོད་པར་བརྟེན། ཕྱི་ཉིན་ཉེན་རྟོག་པས་ཚོང་ཁང་གི་འགྲམ་དུ་ཉེན་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་པ་དང༌། སྐབས་དེར་ཉེ་འཁོར་དུ་ཡོད་པའི་མི་མང་རྣམས་ཀྱིས་རྒྱ་དམར་ནས་ཉེས་བརྡུང་བཏང་སྟངས་སོགས་མཐོང་དུས་རང་དབང་མེད་པ་མིག་ཆུ་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག། ༣༽ ཐུབ་བསྟན་ནི། ལྕོག་རི་ཁུལ་ཏྲེ་བོ་ཤང༌། རྫོང་འགོ་གྲོང་ཚོ་ནས་རྫོང་འགོ་ཚང་གི་ཕ་ཚུལ་ཁྲིམས་དང༌། མ་ཚེ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ལྕོག་རི་ཁུལ་གྱི་ཞི་རྒོལ་ཆེན་པོ་ནང་དུ་མཉམ་ཞུགས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ནས་ཟླ་བ་གཅིག་ལྷག་ཙམ་གྱི་རིང་བརྡུང་བརྡེག་ཚད་མེད་མྱོང་དགོས་བྱུང་མཐར་གློད་གྲོལ་ཐོབ་ཡོད་འདུག། གོང་ཚེས་ཉིན་གྱི་དགོང་མོ་ལྕོག་རི་དགོན་རྒྱ་དམག་གིས་མཐའ་བསྐོར་ཏེ་བསྔོགས་བཤེར་བྱས་པའི་གནས་ཚུལ་ཡུལ་མི་རྣམས་ཀྱིས་ཤེས་རྟོགས་བྱུང་སྐབས། ཨ་གདུགས་གྲོང་གིས་སྣེ་ཁྲིད་དེ་ཡུལ་མི་མང་པོ་ཞིག་གིས་གྲོས་བྱས་ཏེ། རྒྱ་དམར་ནས་མི་སེར་ཐོག་གང་བྱུང་གི་མེ་མདའ་རྒྱག་པ་དང༌། དགོན་པ་ཡོངས་རྫོགས་དམག་མིས་བསྐོར་ཏེ་བསྔོགས་བཤེར་བྱེད་ཀྱིན་འདུག་ན་ང་ཚོ་ཏྲེ་བོ་ལུང་པ་ས་ཤུལ་ཆུ་ཤུལ་ཆགས་ནའང་འགྱོད་པ་མེད་ཟེར་ཏེ་དགོན་པའི་རྒྱབ་ལོག་སླེབས་མཚམས་སུ། ཉེན་རྟོག་པས་ཤེས་རྟོག་བྱུང་སྟེ་མི་སེར་གྱི་དཀྱིལ་དུ་གང་བྱུང་གི་མེ་མདའ་མཚམས་མ་ཆད་པ་བརྒྱབ་རྐྱེན་ཀྱིས་མི་མང་རྣམས་ཁ་འཐོར་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༥ ཉིན་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་སྦྱིན་པ་ཚེ་རིང་མཆོག་དང༌། རྒན་ཐུབ་བསྟན་ཆོས་འཕེལ་རྣམ་གཉིས་གཙོས་གྲྭ་པ་ ༣༠༠ ལྷག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཆོས་གོས་མནབས་ཤིང་དགོན་པ་ནས་ཐོན་ཏེ། རྫོང་དང་དགོན་པའི་བར་གྱི་ཟམ་ཆེན་བརྒྱུད་ཞི་རྒོལ་གྱི་འབོད་ཚིག་ནི། བྱབྱ ྋརྒྱལ་བ་ཡིད་བཞིན་ནོར་བུ་མྱུར་དུ་བོད་ལ་གདན་ཞུ་བྱེད་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་དབུས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས། ད་ལྟའི་བོད་ནང་གི་རྒྱ་དམར་གྱིས་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས། བོད་མི་རྣམས་ལ་རང་དབང་དང་དམངས་གཙོ་དགོས། བྱབྱ ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྫོང་ཐོག་ཏུ་ཤར་བསྐྱོད་ཀྱིས་ཟམ་ཆེན་མཚམས་སླེབས་སྐབས་སུ། ཉེན་རྟོག་པ་དང་དམག་མི་ཉུང་ཤས་ཤིག་གིས་འགོག་ཐབས་བྱས་ཀྱང་བཀག་མ་ཐུབ་པ་སྔར་བཞིན་སྐད་འབོད་བྱས་ཏེ་རྫོང་མི་དམངས་སྲིད་གཞུང་གི་བར་ཕྱིན་པ་ན། དྲག་ཆས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་སླེབས་ཏེ་བཀག་སྡོམ་གྱིས་གང་བྱུང་མེ་མདའ་བརྒྱབ་སྟེ་བགྲོད་ལམ་བཀག་སྐབས་ བྱབྱ ཚང་མས་ང་ཚོ་ཤི་ན་ཤི་མཉམ་དང༌། གསོན་ན་མཉམ་གསོན་ཡིན་པས་གསོད་ན་ཚང་མ་མཉམ་གསོད་གྱིས་ ཞེས་སྐད་འབོད་ཤུགས་ཆེར་བྱས་ཏེ་དུས་གཅིག་ཏུ་ཁྲོམ་སྲང་གི་ལམ་དཀྱིལ་དུ་ཉལ་ནས་བསྡད་སྐབས། དམག་མི་དང་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བྱེད་རྩིས་བྱས་འདུག་ཀྱང༌། ཚང་མས་མཉམ་རུབ་ཀྱིས་རྒྱ་དམག་གི་ལག་ཏུ་མ་ཤོར་ཙམ་བྱུང་འདུག་པ་དང༌། སྐབས་དེར་རྒྱ་དམར་ཉེན་རྟོག་པའི་གྲས་སུ་བོད་པ་རེ་ཟུང་ཡོད་པ་རྣམས་ལ་མི་མང་ཚོས་ཁྱོད་ཚོ་ཞབས་འདྲེན་མ་རེད་དམ། ཁྱོད་ཚོ་བོད་པ་མ་རེད་པས་ཞེས་སོགས་ཁ་བརྡུང་གཏོང་སྐབས་འགའ་ཞིག་ཕྱིར་ནུབ་བྱས་པ་དང༌། ཡང་གྲྭ་པ་འགའ་ཞིག་གིས་དམག་མིའི་རླངས་འཁོར་ཞིག་གཅོག་རྩིས་བྱེད་སྐབས་གྲྭ་པ་བགྲེས་སོང་འགས་དེ་འདྲ་མ་བྱེད་མ་གཏོགས་རྒྱ་གཞུང་གིས་དྲག་སྤྱོད་པའི་ཉེས་མིང་འདོགས་ཀྱི་རེད་ཅེས་བརྗོད་ནས་བཀག་འགོག་བྱས་འདུག། སླར་ཡང་མུ་མཐུད་དུ་ཞི་རྒོལ་གྱི་སྐད་འབོད་ཕྱག་ཚོད་གཉིས་ལྷག་ཙམ་རིང་བྱས་མཐར་དྲག་ཆས་ཉེན་རྟོག་པ་དང་དམག་མི་ཚང་མས་སླར་ཡང་མཉམ་རུབ་ཐོག་གང་བྱུང་མེ་མདའ་བཞུས་ནས་བཀག་འགོག་ནན་པོ་བྱས་འདུག་པ་མ་ཟད། ཚང་མ་དགོན་པར་དེད་དེ་སུ་ཡང་ཕྱིར་ཐོན་མི་ཆོག་པའི་བཙན་བཀའ་བཏང་འདུག། གོང་གསལ་བྲག་མགོ་དགོན་པའི་སྣེ་ཁྲིད་པའི་ཞི་རྒོལ་བའི་ཁྲོད་དུ་མི་སྐྱ་སེམས་འཛིན་དང༌། གངས་ཅན་མཚོ། ཨུ་རྒྱན་བསོད་ནམས། ཟླ་བ། ནོར་སྟོབས། བསྟན་པ། རིན་ཆེན་བཟང་པོ་སོགས་དང༌། མིང་ཤེས་རྟོགས་མ་བྱུང་བ་མང་དག་ཞིག་མཉམ་ཞུགས་བྱས་ཡོད་པ་ཁོང་རྣམ་པས་ བྱབྱ ཁྱོད་ཚོས་གྲྭ་པ་ཚོ་མ་བསད་སྔོན་དུ་ང་ཚོ་གསོད་རོགས་གྱིས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་འདུག་པ་མ་ཚད། ཞི་རྒོལ་ནང་དུ་མ་ཞུགས་པའི་གྲོང་མི་མང་པོ་ཞིག་གིས་ཀྱང་གལ་ཏེ་རྒྱ་དམར་ནས་དགེ་འདུན་པ་སོགས་འཛིན་བཟུང་བྱས་ཚེ་རང་སྲོག་བློས་བཏང་གིས་ངོ་རྒོལ་བྱེད་རྒྱུའི་སྐད་ཆ་བྱས་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཞོགས་པ་ནས་རྒྱ་དམར་ཉེན་རྟོག་པས་ལྕོག་རི་ཁུལ་གྱི་ལམ་དུ་འགྲུལ་བ་སུ་ཐུག་ཀྱང་ཉེས་པ་ཡོད་མེད་ལ་མ་ལྟོས་པར་བརྡུང་བརྡེག་གཏོང་རྐྱང་བྱས་པ་དང༌། ཞི་རྒོལ་བ་རྣམས་བྲོས་འགྲོ་བར་དོགས་ཏེ་གྲོང་སྡེ་སོ་སོར་བསྔོགས་བཤེར་གྱིས་སྦག་སྦག་བརྒྱ་ཕྲག་ལྷག་འཕྲོག་ཏེ་རླངས་འཁོར་ཆེན་པོ་གསུམ་གྱི་ནང་དུ་བླུགས་ནས་བྲག་མགོ་རྫོང་དུ་དབོར་འདྲེན་བྱས་ཡོད་འདུག་ལ། སྦག་སྦག་རིན་གོང་མཐོ་ཤོས་ལ་རྒྱ་སྒོར་ཁྲི་ཚོ་གཅིག་ལྷག་ཙམ་གྱི་སྦག་སྦག་མང་པོ་ཡོད་འདུག་པ་མ་ཚད་ད་བར་དུ་དོ་བདག་ལ་ཕྱིར་སྤྲོད་བྱས་མི་འདུག། ངང་སྒང་བཙུན་དགོན་དུ་བཙུན་མ་ཁ་ཤས་ཤིག་ལྷག་པ་དེ་ཚོ་དང་ས་གནས་ཀྱི་ཡུལ་མི་སོགས་སེར་སྐྱ་མང་པོ་ཞིག་སྐབས་དེར་བྲོས་བྱོལ་དུ་ཕྱིན་སྟབས། ངང་སྒང་བཙུན་དགོན་སྟོང་པར་ཆགས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག ཡང་ཉིན་དེའི་དགོང་མོ་ལྕོག་རི་དགོན་གྱི་མཁན་ཟུར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམ་རྒྱལ་ཚེ་རིང་མཆོག་དང༌། ལྕོག་རི་དགོན་པའི་མཁན་ཟུར་སེར་བྱེས་མཁན་སྙན་གྲྭ་ཚང་གི་དགེ་བཤེས་བསོད་ནམས་འགྱུར་མེད་རྣམ་གཉིས་འཇུ་བཟུང་བྱེད་དུས་མི་དམངས་ཚོས་ཟིང་ཆ་སློང་བར་དོགས་ཏེ། ཉེན་རྟོག་པས་ཡུལ་མི་ཚོའི་མདུན་དུ་དགེ་བཤེས་རྣམ་གཉིས་རྫོང་ཐོག་ཏུ་ཚོགས་འདུ་ལ་ཁྱུག་ཙམ་ཕེབས་རོགས། ཁྱོད་གཉིས་ལ་ཉེན་ཁ་གང་ཡང་མེད་ཅེས་རྫུན་གཏམ་སྣ་ཚོགས་བཤད་ནས་རྫོང་གི་ཉེན་རྟོག་ལས་ཁུངས་སུ་ཁྲིད་དེ་ཉེ་ལམ་བྱུང་བའི་དོན་སྐྱེན་འདི་རྣམས་སུས་བརྒྱུད་བསྐུལ་བྱས་པ་དང༌། འདི་སྤེལ་མཁན་ཁྱོད་གཉིས་ཀྱིས་ངོས་ལེན་བྱས་ན་འཛིན་བཟུང་བྱས་པའི་སེར་སྐྱ་རྣམས་དེ་རིང་ནས་གློད་གྲོལ་གཏོང་ཆོག་ཅེས་བསླུ་ཐབས་དང་བསྡིགས་ར་སྐུལ་བ་སོགས་བྱས་སྐབས་ཡར་ལན་གང་ཡང་མ་བྱས་པར་བརྟེན། མཐར་ཉེན་རྟོག་པས་དོན་རྐྱེན་འདི་ཁྱོད་གཉིས་དང་འབྲེལ་བ་ཡོད་རེད། ཁྱོད་གཉིས་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་རིང་རྒྱ་གར་ལུང་པར་བསྡད་པ་དང་གནས་དོན་གཅིག་མཚུངས་རེད་ཅེས་བསྙད་འདོགས་མང་པོ་བྱས་ཡོད་འདུག ༡༽ མཁན་ཟུར་དགེ་བཤེས་རྣམ་རྒྱལ་ཚེ་རིང་མཆོག་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཚེ་འདས་ལམ་དགའ་དང༌། མ་ཚེ་འདས་དཔལ་ལྡན་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༦༢ ལོ་སྐུ་འཁྲུངས་ཤིང་ད་སྐབས་རང་ལོ་ ༤༧ ཡིན་འདུག་པ་དང༌། གོང་ཚེས་ཉིན་རྒྱ་གཞུང་ནས་མགོ་བསྐོར་བསླུ་ཁྲིད་ཀྱིས་རླངས་འཁོར་ནང་བླུགས་ནས་བྲག་མགོ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་འདྲ་མིན་བྱས་སྐབས་ཁོང་གིས་ བྱབྱ ལས་དོན་འདི་མི་གཅིག་གཉིས་ཀྱི་འགན་འཁྲི་ཞིག་གཏན་ནས་མ་རེད། བྱབྱ ཅེས་བཤད་འདུག་པ་དང༌། དེ་རྗེས་ཕྱི་ཟླ་ ༡༡ པའི་ཚེས་ ༡༣ དང་ ༡༤ ཉིན་བཅས་སུ་ཞིང་ཆེན་རིམ་པའི་མགོ་ཁྲིད་ནས་མངགས་གཏོང་བྱས་པའི་ཉམས་ཞིབ་སྡེ་ཚན་ཞིག་དཔལ་ལྡན་ལྕོག་རི་དགོན་དུ་འབྱོར་ཏེ་མི་དམངས་ཚོས་མངོན་འདོད་ངོ་མ་དང༌། འདི་ལོའི་བོད་ནང་གི་དོན་རྐྱེན་འདི་དག་ཞི་འཇམ་ཡོང་རྒྱུའི་ཐད་སོ་སོའི་བསམ་ཚུལ་གསལ་བརྗོད་བྱས་ན་དེ་ལ་ཉེན་ཁ་གང་ཡང་མེད་ཅེས་བཤད་སྐབས། ཁོང་གིས་གསུང་དོན་ བྱབྱ ད་ལོའི་དོན་རྐྱེན་འདི་དག་ཕྱིན་ཆད་ཞི་འཇམ་ཡོང་ཐབས་ལ་ཐབས་ཤེས་ཉག་གཅིག་མ་གཏོགས་ཡོད་མ་རེད། དེ་གང་ཡིན་ཟེར་ན་གཞུང་ངོས་ནས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་མཚམས་འཇོག་པ་དང༌། བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་ཐོག་ནས་དཀའ་ངལ་སེམས་ཐུབ་པ་ཞིག་བྱུང་ན་དེ་ནི་བོད་མི་རེ་རེའི་ངོས་ནས་བསམ་ཚུལ་བཤད་མ་དགོས་པར་ལས་དོན་ལག་འཁྱོངས་ཡོང་བའི་ཐབས་ལམ་ཡག་ཤོས་ཤིག་རེད་སྙམ་ བྱབྱ ཞེས་བཤད་ཡོད་འདུག། ༢༽ མཁན་ཟུར་དགེ་བཤེས་བསོད་ནམས་འགྱུར་མེད་མཆོག་ནི། ཏྲེ་བོ་ཤང༌། སྐུ་འདབས་གྲོང་ཚོ་ནས་ཕ་བུ་བུ་དང༌། མ་ཡར་བློ་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༦༤ ལོར་འཁྲུངས་ཤིང་ད་སྐབས་རང་ལོ་ ༤༥ ཡིན་འདུག་ལ། གོང་ཚེས་ཉིན་རྒྱ་གཞུང་ནས་མགོ་བསྐོར་བསླུ་ཁྲིད་ཀྱིས་རླངས་འཁོར་ནང་བླུགས་ཏེ་བྲག་མགོ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་འདྲི་རྩད་འདྲ་མིན་བྱས་སྐབས་ཁོང་གིས་གོང་མཚུངས་བཞིན་ བྱབྱ ལས་དོན་འདི་མི་གཅིག་གཉིས་ཙམ་གྱི་འགན་འཁྲི་ཞིག་གཏན་ནས་མ་རེད། བྱབྱ ཅེས་བཤད་འདུག། བཙོན་ནས་གློད་གྲོལ་སྐབས་དགེ་བཤེས་རྣམ་གཉིས་ནས་མི་དམངས་ཚོས་རྒྱ་གཞུང་ལ་བློ་གཏད་ཡིད་ཆེས་ཡོང་ཐབས་བཀའ་སློབ་གནང་དགོས་ཚུལ་དང༌། ད་དུང་གྲོང་སྡེ་ཁག་གི་མི་དམངས་ཚོ་ལ་ཉེ་ཆར་མདོ་དབུས་ཁམས་གསུམ་ལ་བྱུང་བའི་དོན་རྐྱེན་རྣམས་ཁ་བྲལ་རིང་ལུགས་པ་ཆེས་ཉུང་ཤས་ཤིག་གིས་བརྒྱུད་སྐུལ་བྱས་པ་རེད། ཅེས་སོགས་ཀྱི་ནང་དོན་འཁོད་བའི་ཤོག་ལྷེ་སྟེང་ས་རྟགས་འགོད་ཚེ་དགེ་བཤེས་ལགས་ཁོང་གཉིས་གཏོང་རྒྱུ་ཡིན་པ་དང༌། གལ་ཏེ་དེ་དག་མ་བྱས་ཚེ་ཁོང་གཉིས་ལ་ཉེས་པ་ལྕི་མོ་གཏང་སྟེ་ལོ་མང་པོའི་རིང་དུས་བཀག་བཙོན་འཇུག་བྱ་རྒྱུ་ཡིན་ཅེས་བསྡིགས་ར་སྐུལ་བ་སོགས་བྱས་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་བྲག་མགོ་དགོན་རྒྱ་དམག་གིས་མཐའ་བསྐོར་ཏེ་དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱས་ཏེ་ཚེས་ ༢༥ ཉིན་བྱུང་བའི་ཞི་རྒོལ་གྱི་ལས་འགུལ་སྣེ་ཁྲིད་མཁན་སུ་ཡིན་མིན་བརྩད་ཞིབ་དང༌། ལམ་འགྲུལ་པར་ཡང་བསྔོགས་བཤེར་དང་བཀག་འགོག་བྱས་པའི་གནས་ཚུལ་རྣམས་༼བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་༽གི་དེབ་དུ་བཀོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཉིན་གུང་བོད་ནས་གནས་ཚུལ་འབྱོར་གསལ་ལ། རྒྱ་དམར་གྱི་དེ་སྔ་དུས་འགྱུར་སྐབས་གཏོར་བཤིག་བཏང་བའི་ལྕོག་རི་དགོན་གྱི་དགོན་གཤམ་དུ་ཡོད་པའི་དགོན་འཛུལ་འབྲོག་སྡེ་རུ། ྋགོང་ས་མཆོག་ལ་མཚན་དམོད་དང༌། ཁ་བྲལ་རིང་ལུགས་པ་ལ་ངོ་རྒོལ་བྱ་དགོས་པའི་གཏམ་བཤད་སྤེལ་སྐབས། ཨ་མ་ཚེ་བློས་རྣམ་འགྱུར་ཡག་པོ་མ་བསྟན་པ་དང་མི་དམངས་ཚོས་གཏམ་བཤད་ཉན་འཇོག་མ་བྱས་པར་བརྟེན། ཨ་མ་ཚེ་བློ་ལ་ཁྱེད་རང་ཡར་ལངས་ཏེ་འདི་ཡི་སྟེང་ས་ཡིག་རྒྱོབ་ཤོག་ཅེས་ཡི་གེ་དམར་པོ་ཞིག་བྲིས་ཡོད་པའི་ཤོག་ལྷེབ་ཞིག་གི་ཐོག་ཡི་གེ་ཤེས་ན་སོ་སོའི་མིང་དང༌། གལ་ཏེ་ཡི་གེ་མ་ཤེས་ཚེ་སོ་སོའི་མཛུབ་ཐེལ་རྒྱབ་དགོས་ཞེས་བཙན་བཀའ་བཏང་སྐབས། ཨ་མ་ཚེ་བློས་ བྱབྱ ཁྱེད་ཚོས་བྱས་སྟངས་ལ་ལྟོས་དང༌། ཁ་སང་ང་ཚོའི་དགོན་པའི་གྲྭ་པ་དམར་གསོད་དང་མི་དམངས་ཚོ་ལ་སེམས་ཅན་དུད་འགྲོ་ཙམ་གྱི་འདུ་ཤེས་མེད་པར་མེ་མདའ་རྒྱག་པ་སོགས་བྱས། དེ་རིང་ཡང་ང་ཚོའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ྋརྒྱལ་བ་རིན་པོ་ཆེ་ལ་མཚན་དམོད་ཞུ་བཅུག་པ་སོགས་བྱས་ན་ངས་དུས་ནམ་ཡང་དེ་ལྟར་བྱེད་མི་ཐུབ། ཁྱེད་ཚོས་བྱས་སྟངས་འདི་འཛམ་བུ་གླིང་གིས་མཐོང་གི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱ་དགོས་ བྱབྱ ཅེས་བཤད་སྐབས། དགོན་རྩེ་ཤང་གི་ཧྲུའུ་ཅིས་ཁྱོད་ལ་འདི་འདྲ་ཞིག་དགོས་ཀྱི་ཡོད་ས་རེད། ཁྱོད་ཚོ་ལ་བརྒྱུད་བསྐུལ་བྱེད་མཁན་སུ་རེད་ཞེས་བཤད་དེ་ཉེས་བརྡུང་གཏོང་སྐབས། ཨ་མ་ཚེ་བློས་ངུ་སྐད་ཐོག་ བྱབྱ ང་བསད་ཀྱང་འགྱོད་པ་མེད། ྋརྒྱལ་བ་རིན་པོ་ཆེ་ང་ཚོའི་བླ་མ་ཡིན། དུས་ནམ་ཡང་ངོ་རྒོལ་བྱེད་མི་ཐུབ་ བྱབྱ ཅེས་བརྗོད་སྐབས་ཧྲུའུ་ཅིས་སླར་ཡང་ཉེས་བརྡུང་ཚད་མེད་བཏང་འདུག་པ་དང༌། སྐབས་དེར་ཨ་མ་ཚེ་བློའི་བུ་ཡེ་ཤེས་ཀྱི་སེམས་ཀྱིས་མ་བཟོད་པ་ཡར་ལངས་ཏེ་ཧྲུའུ་ཅི་ལ་ཐུགས་རྗེའི་གཟིགས། ཨ་མ་རྒས་འཁོག་རེད། ཉེས་བརྡུང་མ་གཏོང་རོགས་ཅེས་ཞུ་བ་བྱས་ཀྱང་ཁོང་གིས་ཉན་འཇོག་མ་བྱས་སྟབས། ཡེ་ཤེས་ཁོང་ཁྲོ་ལངས་ཏེ་ཧྲུའུ་ཅི་ལ་ད་ཁྱེད་ལ་འདི་སྦྱིན་ཞེས་གྲིས་བཙུགས་ཏེ་བྲོས་བྱོལ་དུ་ཕྱིན་འདུག་པ་དང༌། ཨ་མ་ཚེ་བློ་ཡང་ཉེན་རྟོག་པས་འཇུ་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༧ ཉིན་ཉག་རོང་རྫོང་ཁོངས་སུ་གཞུང་གི་ལས་ཁུངས་གཉིས་ལ་མེ་སྐྱོན་བྱུང་རྗེས་ཚེས་ ༢༨ ཉིན་ཉེ་འཁོར་གྱི་མི་སེར་ཁག་ཅིག་བསྐོང་སྟེ་ཚ་འདྲི་བྱས་པའི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཚེས་ ༢༨ ཉིན་གནས་ཚུལ་འབྱོར་གསལ་ལ། བོད་ནས་ཕྱག་ཚོད་ ༡༡ ཐོག་རྒྱ་དམར་གྱི་དྲག་སྤྱོད་ཉེན་རྟོག་པ་རླངས་འཁོར་དྲུག་ལྕོག་རི་ཁུལ་གྱི་ཤུག་ཡུལ་ཞེས་པའི་གྲོང་སྡེ་རུ་འབྱོར་ནས་ཁྱིམ་ཚང་རེར་བཞིན་བསྔོགས་བཤེར་བྱས་ཏེ། ྋགོང་ས་མཆོག་གི་སྐུ་པར་རྣམས་འཕྲོག་བཅོམ་བྱས་ཏེ་རྡོག་བརྫིས་བཏང་བ་མ་ཟད་མི་མང་པོ་ཞིག་ལ་ཉེས་མེད་ཉེས་འཛུགས་ཀྱིས་བརྡུང་བརྡེགས་བཏང་བ་དང་འཇུ་བཟུང་བྱས་པ་སོགས་བྱས་འདུག་ལ། དེ་རྗེས་སྒང་རོང་གྲོང་དུའང་བསྔོགས་བཤེར་བྱས་ནས་འཇམ་དགའ་ཟེར་བ་ཞིག་དེ་སྔ་རྒྱ་གར་ལ་ཐེངས་གཅིག་འགྲོ་མྱོང་ཡོད་པ་དང༌། ྋགོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པའི་ཉེས་འཛུགས་འོག་འཇུ་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌། ༡༽ འཇམ་དགའ་ནི། ཏྲེ་བོ་མཚོ་འགོ་ཤང༌། སྒང་རོང་གྲོང་སྡེ་ནས་ཕ་གཟའ་བོ་དང༌། མ་ཚེ་སྐྱིད་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༦༦ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༤༣ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཉེས་འཛུགས་འདྲ་མིན་འོག་འཛིན་བཟུང་བྱས་ཏེ་ཟླ་ ༩ ཙམ་གྱི་རིང་བཙོན་འོག་ཏུ་བསམ་ཡུལ་ལས་འདས་པའི་སྡུག་སྦྱོར་གཉའ་གནོན་ཚད་མེད་མྱོང་དགོས་བྱུང་མཐར་ཕྱི་ཟླ་ ༡༢ པའི་ནང་བྲག་མགོ་རྫོང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ཉག་རོང་རྫོང་ཁུལ་གྱི་ཤང་ཁག་གཅིག་ནང་ བྱབྱ བོད་ལ་རང་དབང་རང་བཙན་དགོས། ྋརྒྱལ་བ་ཡིད་གཞིན་ནོར་བུ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བྱབྱ ཅེས་སོགས་ཀྱི་ནང་དོན་འཁོད་བའི་ཡིག་ཆ་མང་པོ་སྦྱར་འགྲེམས་བྱས་པ་དང༌། དེ་བཞིན་རྡོ་ལེབ་སྟེང་དུའང་གོང་གསལ་ལྟར་བྲིས་པ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་དཀར་མཛེས་གུ་རུ་རྡོ་རྗེ་ལ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོ་བར་བོད་དོན་སྐོར་ཀྱི་ཡིག་ཆ་འབྲི་རོགས་བྱས་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་རང་ཁྱིམ་ནས་འཛིན་བཟུང་བྱས་པ་དང༌། སྐབས་དེར་ཁོང་གི་གཟའ་ཟླ་ཤེས་རབ་དབྱངས་མཚོ་ནས་སེམས་ཀྱིས་མ་བཟོད་པར་ཅི་བྱ་ལྟོས་མེད་ཀྱིས་དྲན་པ་འཐོར་ཏེ་ཟླ་ ༤ ཚེས་ ༡༩ ཉིན་འདས་གྲོངས་སུ་ཕྱིན་འདུག་པ་དང༌། དེ་རྗེས་ཞིབ་ཕྲའི་དུས་ཚོད་སོགས་གསལ་པོ་མ་བྱུང་ཡང་གུ་རུ་རྡོ་རྗེ་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་འདུག་ནའང། ཁོང་འཛིན་བཟུང་དང་བཀག་ཉར་གྱི་རིང་དུ་ཉེས་བརྡུང་སོགས་ཀྱིས་རྐྱེན་ལས་ལུས་པོ་ནད་གཅོང་ཆགས་པར་བརྟེན། ཕྱི་ཟླ་ ༡༢ པའི་ནང་དུ་དཀར་མཛེས་ཉེན་རྟོག་པས་ཁོང་གི་གྲོང་པ་ལ་གུ་རུ་རྡོ་རྗེ་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་འདུག་པས་དར་རྩེ་མདོ་ལ་ལེན་མཁན་ཤོག་ཅེས་ལན་སྐྱེལ་འདུག། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢ ཉིན་གོ་ཐོས་བྱུང་བར་གཞིགས་ན། ཕྱི་ཟླ་ ༡ ཚེས་ ༣༠ ཡས་མས་ཤིག་ལ་གུ་རུ་རྡོ་རྗེའི་ནད་གཞི་ཛ་དྲག་ཆེར་ཕྱིན་པར་བརྟེན་འབྲེལ་ཡོད་རྣམས་རྫོང་སྲིད་གཞུང་ལ་རྒྱ་ནག་ཕྱོགས་སུ་སྨན་ཁང་ནང་ཁྲིད་ཆོག་པའི་ཆོག་མཆན་ཞུས་ནའང་ཆོག་མཆན་མ་ཐོབ་སྟབས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣༡ ཉིན་སླར་ཡང་གྲོང་པའི་འགོ་ཁྲིད་དང་མི་རྒན་སོགས་མང་དག་ཞིག་གིས་རྫོང་སྲིད་གཞུང་ལ་ཆོག་མཆན་ཞུས་ནས་ཉིན་ ༡༠ རིང་རག་ཙམ་བྱུང་སྟེ་ཉིན་དེའི་ཕྱི་དྲོ་ཕྱག་ཚོད་ ༢ པ་ཙམ་ལ་དར་རྩེ་མདོར་སྨན་བསྟེན་པར་ཕྱིན་འདུག་པ་དང༌། སྨན་བཅོས་སོགས་ཀྱི་འགྲོ་གྲོན་ཀྱང་དཀར་མཛེས་ཚོང་པ་ཁག་གི་བསྡུ་རུབ་ཀྱིས་ཞལ་འདེབས་ཕུལ་ཡོད་འདུག། དེ་རྗེས་ཁྱིམ་དུ་ལོག་ནས་སྨན་བཅོས་བྱ་བཞིན་ཡོད་འདུག་ནའང༌། ཁྱིམ་དུ་ཕྲུ་གུ་ཆུང་ཆུང་གཉིས་མ་གཏོགས་མེད་སྟབས་འགྲོ་གྲོན་སོགས་གང་གི་ཐད་ལའང་དཀའ་ངལ་གྱི་གནས་སུ་གྱུར་ཡོད་ཅིང༌། ད་དུང་ཡང་ཤི་གསོན་ཅི་ཆགས་བཤད་མ་ཐུབ་པར་ཆགས་ཡོད་འདུག། ཁོང་ནི་དཀར་མཛེས་ཀཿབྲག་ཤང༌། གྲུ་ཁང་སྟེང་གྲོང་དུ་ཕ་ཚེ་རིང་ནོར་བུ་དང༌། མ་ཨ་ལྡན་གཉིས་སུ་ཕྱི་ལོ་ ༡༩༦༠ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༤༩ ཙམ་སོན་གྱི་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་དཀར་མཛེས་རིན་ཆེན་རྒྱ་མཚོ་ལ། སྔ་ལོ་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོ་ནང་དུ་མཉམ་ཞུགས་བྱས་རྗེས་བྲོས་བྱོལ་དུ་ཕྱིན་རྐྱེན་རང་ཁྱིམ་དུ་དྲག་ཆས་ཉེན་རྟོག་པ་སོགས་མང་པོ་ཞིག་ཡོང་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ། ཟླ་ཤས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་ཡང་ཁྲིམས་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་དང་ཁྲིམས་ཐག་བཅད་ཡུལ་སོགས་གསལ་པོ་མ་བྱུང༌། ཁོང་ནི་དཀར་མཛེས་ཀཿབྲག་ཤང༌། ཞིམ་མངར་གྲོང་སྡེ་ནས་ཕ་བརྩོན་འགྲུས་དང༌། མ་བློ་བཟང་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་དཀར་མཛེས་རྡོག་ཐོག་དགོན་གྱི་གྲྭ་ཤེས་རབ་བཟང་པོ་ཡིས་ཕྱི་ཟླ་ ༣ ཟླ་དཀྱིལ་ཙམ་ལ་རོགས་ཤིག་དང་མཉམ་དུ་མི་ཉག་ལྷ་སྒང་དུ་ཡོད་པའི་ས་སྐྱའི་མཐོ་སློབ་ཐང་ག་ནང་བསྟན་སློབ་གླིང་གི་སྒོ་རྟགས་ཨང་ ༢༩ ནང་དུ་བོད་ཀྱི་རྒྱལ་དར་ཆེ་ཚད་༡༠༤cmx༩༤cmཅན་ཞིག་བྲིས་ཏེ་མི་ཉག་ལྷ་སྒང་ནས་ལམ་ཐག་ལེ་བར་ ༡༤༠ ཙམ་གྱི་སར་དཀར་མཛེས་ཁུལ་རྫོང་ཁག་བཅོ་བརྒྱད་ཀྱི་ལས་ཁུངས་ཨ་མ་ཡོད་སའི་ས་གནས་དར་རྩེ་མདོར་ཕྱིན་ནས་སྔ་དྲོ་ཕྱག་ཚོད་ ༡༡ ཙམ་ལ་རྫོང་ཆགས་ཡུལ་ཞིན་ཧྲི་ཆན་སྲང་ལམ་ཁོང་ལཱང་རྒྱ་ཁོག་ནས་ཞཱ་ཆའོ་ལམ་བར་མི་ཊར་ ༢༨༠ ཙམ་གྱི་སར་བོད་ཀྱི་རྒྱལ་དར་གནམ་ལ་འཕྱར་ཏེ་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་དམག་མིས་མི་སྤྱོད་ལས་འདས་པའི་བཅར་བརྡུང་འོག་འཛིན་བཟུང་གིས་དར་རྩེ་མདོའི་བཙོན་ཁང་སོགས་སུ་དུས་ཡུན་ཟླ་བ་བདུན་ཙམ་གྱི་རིང་བཀག་ཉར་བྱས་མཐར། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་གྱི་ཞོགས་པ་ཚོུད་ ༩ ཙམ་ལ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁྲིམས་ར་ཁྲིད་ཡོང་སྟེ་ཁོང་ལ་ད་ལྟ་ག་རེ་བསམ་གྱི་ཡོད་མེད་སོགས་ཀྱི་སྐོར་སྐད་ཆ་དྲིས་སྐབས་ཁོང་ནས། བྱབྱ ང་གྲྭ་པ་གྲྭ་རྐྱང་ཞིག་ཡིན། ཆུང་དུས་ནས་བཟུང་རྒྱལ་བ་རིན་པོ་ཆེ་མ་གཏོགས་བསམ་རྒྱུ་མེད་ལ། ད་ལྟ་དང་མ་འོངས་པ་སོགས་དུས་ནམ་ཡང་འགྱུར་བ་མེད་ ཅེས་སོགས་བཤད་འདུག་པ་དང༌། དེ་རྗེས་ཕྱག་ཚོད་ ༡༢ ཐོག་ཏུ་ཁོང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དོན་ཚན་ ༡༠༣ ནང་གསེས་ ༢ དང༌། དོན་ཚན་ ༥༦ ནང་ཚན་ ༡ ། དོན་ཚན་ ༥༥ ནང་ཚན་ ༡ བཅས་དང་འགལ་བའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༦ དང༌། ཆབ་སྲིད་ཁེ་དབང་ལོ་ ༣ འཕྲོག་རྒྱུའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ་བཙོན་འོག་ཏུ་གནས་མུས་ཡིན་འདུག། ཁོང་ནི་དཀར་མཛེས་ཀཿབྲག་ཤང༌། ཁུ་ཡུག་ནང་གྲོང་སྡེ་ནས་ཕ་ཚེ་འདས་བཀྲིས་ཚེ་རིང་དང༌། མ་བུ་མོ་ཕུན་ཚོགས་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་མ་ངེས་པ་ཞིག་ལ་དཀར་མཛེས་རྡོག་ཐོག་དགོན་གྱི་གྲྭ་འཆི་མེད་མགོན་པོ་ལ། ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཟླ་དཀྱིལ་ཙམ་ལ་མི་ཉག་ལྷ་སྒང་དུ་རྡོག་ཐོག་དགོན་གྱི་གྲྭ་ཤེས་རབ་བཟང་པོ་དང་མཉམ་དུ་བོད་ཀྱི་རྒྱལ་དར་བྲིས་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་དྲུག་ཙམ་གྱི་རིང་དར་རྩེ་མདོར་བཙོན་ཁང་དུ་བཀག་ཉར་གྱི་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་རྗེས་ཕྱི་ཟླ་ ༩ པ་ནང་གློད་གྲོལ་ཐོབ་ཡོད་འདུག། ཁོང་ནི་དཀར་མཛེས་ཀཿབྲག་ཤང༌། རྡོག་ཐོག་གྲོང་དུ་ཕ་ནོར་བཟང་དང༌། མ་སྤེན་ཕྲུག་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༨༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༢ ཙམ་ཡིན་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༩ ཉིན་ཉག་རོང་རྫོང་ར་ལུང་ཤང་ཁོངས་སུ་ཡོད་པའི་ཞི་བ་ལྷ་ཐིམ་དགོན་གྱི་ཡན་ལག་ཉག་སྟོད་ཟླ་འོད་ཞི་བ་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་སྐབས་དགེ་འདུན་པ་ཚོས་ བྱབྱ བོད་རང་བཙན་ཡིན། ྋགོང་ས་མཆོག་བོད་དུ་ཕེབས་དགོས་ཀྱིན་ཡོད། བྱབྱ ཅེས་སོགས་ཀྱི་སྐད་འབོད་བྱས་སྐབས། འཕྲལ་དུ་དམག་མི་ ༢༠༠ ཙམ་དགོན་པའི་ནང་ཡོང་སྟེ་དམ་བསྒྲགས་ཤུགས་ཆེར་བྱས་འདུག་ཀྱང་སྐབས་དེར་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མི་འདུག། དགོན་དེར་ཁྱོན་དགེ་འདུན་ཞལ་གྲངས་ ༡༦༠། ཙམ་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༣༠ ཉིན་ཉག་རོང་རྫོང་ཁོངས་ར་ལུང་ཤང་ཁོངས་སུ་ཡོད་པའི་ཞི་བ་ལྷ་ཐིམ་དགོན་པའི་དགེ་འདུན་པ་ཚོས་ངོ་རྒོལ་བྱེད་བཞིན་རྫོང་ཕྱོགས་སུ་བསྐྱོད་སྐབས་དམག་མིས་བཀག་འགོག་བྱས་ཏེ་དགེ་འདུན་པ་ཚོ་དགོན་པར་ཕྱིར་ལོག་བཏང་འདུག་ལ། དགོན་པའི་མཐའ་ཡོངས་སུ་དམག་མིས་བསྐོར་བར་ཡུལ་མི་ཚོས་གནས་སྟངས་དེ་མུར་གནས་ཚེ་རྫོང་ཐོག་ཏུ་སྐད་འབོད་ཤུགས་ཆེ་བྱེད་རྒྱུའི་ཞུ་ཡིག་ཞིག་རྫོང་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༣༡ ཉིན་ལྕོག་རི་ཁུལ་དུ་གྲོང་སྡེ་ཁ་ཤས་ནང་ཁ་བྲལ་རིང་ལུགས་པར་ངོ་རྒོལ་དང་ཀྲུང་གོ་རྒྱལ་ཁབ་ལ་ཡིད་ཆེས་ཡོད་ཅེས་འཁོད་ཡོད་པའི་ཤོག་ལྷེབ་ཀྱི་སྟེང་དུ་ས་རྟགས་བསྡུ་རུག་གི་ལས་འགུལ་སྤེལ་བ་དང༌། བཙོན་འོག་ཏུ་ཡོད་པའི་བཙུན་མ་དང༌། གྲྭ་པ། མི་སྐྱ། བཅས་ཀྱི་ཁྱིམ་མི་ཚོས་ཟིང་ཆ་མི་སློང་བའི་འགན་ལེན་བྱ་དགོས། དགེ་བཤེས་རྣམ་པ་གཉིས་བཙོན་ནས་གློད་གྲོལ་ཐོབ་པ་དེ་མི་སེར་ནས་རྒྱལ་ཁབ་ལ་ཡིད་ཆེས་ཡོང་བའི་ཆེད་དུ་རེད། གལ་ཏེ་མི་མང་ནས་ས་རྟགས་མ་འགོད་ཚེ་བཙོན་འོག་ཏུ་གནས་པའི་་བཙོན་པ་རྣམས་གློད་གྲོལ་ཐོབ་རྒྱུ་ཕར་ཞོག་དགེ་བཤེས་གཉིས་ལའང་ལོ་མང་གི་བཙོན་འཇུག་ཕོག་རྒྱུ་རེད་ཅེས་སོགས་བཤད་འདུག་པ་བཅས་ལ་བརྟེན། སོག་རྒས་གྲོང་པ་དང༌། བྱང་གྲོང་གྲོང་སྡེ། གཟིག་འགོ་གྲོང་སྡེ་བཅས་ཀྱི་མི་སེར་ཁ་ཤས་ནས་མིག་ཆུ་བཞུར་ཞོར་མི་འདོད་བཞིན་དུ་ས་རྟགས་འགོད་དགོས་བྱུང་འདུག་ནའང༌། དེ་རྗེས་མི་སེར་རྣམས་ཀྱིས་གོང་གསལ་གནས་ཚུལ་རྣམས་ཤེས་རྟོགས་བྱུང་སྟེ་ཕྱིན་ཆད་འདི་འདྲའི་རིགས་བྱུང་ཚེ་ཚང་མའི་རྡོག་རྩ་གཅིག་སྒྲིལ་གྱིས་ཉེས་ཡོལ་གྱིས་གྲོང་སྡེ་ཕན་ཚུན་ཤེས་རྟོགས་ཐུབ་པ་བྱ་དགོས་པའི་གྲོས་འཆམས་བྱུང་འདུག་ལ། དེ་རྗེས་རྒྱ་གཞུང་ནས་གྲོང་སྡེ་ཁ་ཤས་ནང་དུ་གློག་བརྙན་གལ་ཆེ་ཞིག་སྟོན་རྒྱུ་ཡོད་པས་གྲོང་མི་ཡོངས་རྫོགས་འཛོམས་དགོས་ཀྱི་ཡོད། ཅེས་རྫུན་གཏམ་བཤད་དེ་ཐེལ་ཙེ་ཙམ་ལས་ཡི་གེ་སོགས་གང་མེད་པའི་ཤོག་ལྷེབ་གཅིག་གི་སྟེང་ས་རྟགས་བགོད་བཅུག་སྟེ་ཁྱེར་ཕྱིན་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་འདུག།


དྲག་སྤྱོད་མེ་སྤུངས་འབར་བའི་མཚོན་རྩེ་ནས༎ བདེན་པའི་གཅེས་སྲོག་ཁྲག་གིས་སྦག་པ་ལ༎ འཛམ་གླིང་ཕྱོགས་མཐའི་བོད་རིགས་སྤུན་ཟླ་ཚོའི༎ གསལ་རིག་སེམས་ཀྱི་སྐྱོ་སྣང་སུ་ཡིས་འགོག།


སྤྱི་ཟླ་བཞི་པའི་ཞི་རྒོལ་ཆེན་མོ།

 ཞག་གྲངས་སུམ་ཅུའི་མུན་པའི་དོ་ར་ནས༎

ཉི་ཤུ་རྩ་དགུའི་མེ་ལྕེ་དགུང་ལ་སྦར༎

ཕྱི་ལོ་ ༢༠༠༨ ཟླ་བ་ ༤ པའི་ནང་ཟླ་བ་གཅིག་གི་རིང་ཞི་རྒོལ་ཐེངས་ ༢༩ བྱས་པ།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡ ཉིན་སྟོང་འཁོར་དགོན་གྱི་ཕྱག་མཛོད་ཁང་དུ་རྒྱ་མིའི་ལས་བྱེད་འགའ་ཞིག་སླེབས་ནས་གྲྭ་མང་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་དགོས་པ་དང༌། བྱབྱ ྋགོང་ས་མཆོག་གིས་དབུས་བཙན་བྱོལ་གཞུང་ལ་མི་རིགས་ཁ་བྲལ་རིང་ལུགས་པ་སོགས་ཀྱི་བསྙད་འདོགས་དང༌། ཉེ་སྔོན་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་རྣམས། ྋགོང་ས་མཆོག་དང་རང་གཞུང་གིས་བརྒྱུད་བསྐུལ་བྱས་པ་རེད། ཅེས་སོགས་ཀྱི་ནང་དོན་འཁོད་བའི་ཤོག་ལྷེབ་སྟེང་དུ་ས་རྟགས་འགོད་དགོས་པ་མ་ཚད། སྟོང་འཁོར་དགོན་དུ་དགེ་འདུན་པ་ཞལ་གྲངས་སུམ་བརྒྱ་ལས་ལྷག་སྡོད་མི་ཆོག་པ་དང༌། གྲྭ་གཞོན་རང་ལོ་བཅོ་བརྒྱད་མ་ཟིན་པའི་དགེ་འདུན་པ་ཡོད་ཚད་དགོན་པ་ནས་ཕྱིར་འབུད་གཏང་དགོས་པ་སོགས་དོན་ཚན་མང་དག་ཞིག་བགྲང་འདུག་མོད། དྭང་ལེན་མ་བྱས་པར་བརྟེན་ཅི་བྱ་གཏོལ་མེད་ཀྱིས་ཕྱིར་ལོག་བྱ་དགོས་བྱུང་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༨ ཐོག་རྟའུ་ར་ཁྲོད་བཙུན་དགོན་གྱི་བཙུན་མ་ཉིས་བརྒྱ་ཙམ་གྱིས་ར་ཁྲོད་བཙུན་དགོན་ནས་ཞི་བའི་གོམ་བགྲོད་ཀྱིས་རྫོང་གི་མཐར་འབྱོར་སྐབས་སུ། དྲག་སྤྱོད་ཉེན་རྟོག་པས་བཀག་འགོག་བྱས་འདུག་པ་དང༌། སྐབས་དེར་བཙུན་མ་རྣམས་ནས་ང་ཚོ་འདས་གྲོངས་སུ་ཕྱིན་པའི་བོད་མི་རྣམས་ཀྱི་ཆེད་དུ། དུར་ཁྲོད་དུ་སྨོན་ལམ་འདོན་པར་འགྲོ་རྒྱུ་ཡིན། ཞེས་བཤད་པར་བརྟེན་དེ་ནས་ཐར་ཙམ་བྱུང་འདུག་རུང༌། རྫོང་གི་འབྲིང་རིམ་སློབ་གྲྭའི་ཉེ་འགྲམ་དུ་སླེབས་སྐབས་སླར་ཡང་རྫོང་དཔོན་དང་ཉེན་རྟོག་མི་སྣས་བཀག་སྡོམ་ཤུགས་ཆེན་བྱས་སྟབས། ཁོང་ཚོའི་བར་ཕན་ཚུན་ལབ་གླེང་གང་མང་ཞིག་བྱུང་བར་བརྟེན། དམག་མི་མང་པོ་སླེབས་ཏེ་བཀག་འགོག་བྱས་པ་དང་བསྟུན་ཉེ་འགྲམ་གྱི་འབྲིང་རིམ་སློབ་གྲྭའི་སློབ་མ་སུམ་ཅུ་ཙམ་གྱིས། བྱབྱ ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བྱབྱ ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་བྱས་པ་དང༌། རིམ་བཞིན་སེར་སྐྱ་མི་མང་འདུ་འཛོམས་ཇེ་ཆེར་ཕྱིན་ཏེ་ཚང་མས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན། ཉེན་རྟོག་པས་བཙུན་མ་དེ་ཚོ་དུར་ཁྲོད་དུ་འགྲོ་འཇུག་དགོས་བྱུང་འདུག་ལ། བཙུན་མ་ཚོར་དུར་ཁྲོད་དུ་འབྱོར་ཏེ་ྋགོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་དང༌། སྒྲོལ་མ། སྨོན་ལམ་སོགས་གསུངས་གྲུབ་རྗེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་ཕྱིར་ལོག་བྱས་འདུག སྐབས་དེར་ཞི་རྒོལ་བའི་ཁོངས་ནས་འཛིན་བཟུང་བྱས་པ་སོགས་གང་ཡང་བྱུང་མི་འདུག་ཀྱང་གནས་དོན་དེའི་རྐྱེན་གྱིས་རྗེས་སུ་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢ ཉིན་སླར་ཡང་སྟོང་འཁོར་དགོན་གྱི་ཕྱག་མཛོད་ཁང་དུ་རྒྱ་དམར་ཉེན་རྟོག་པ་དང་ཤང་གི་ཧྲུའུ་ཅི་སོགས་ལས་བྱེད་མང་པོ་ཞིག་སླེབས་ཏེ་སྔར་བཞིན། བྱབྱ ཉེ་ཆར་མདོ་དབུས་ཁམས་གསུམ་གང་སར་རྒྱ་གཞུང་ལ་ཞི་རྒོལ་བྱས་པ་རྣམས། ྋགོང་ས་མཆོག་གིས་དབུས་རང་གཞུང་གིས་བརྒྱུད་བསྐུལ་བྱས་པ་རེད། ཅེས་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆར་ས་རྟགས་འགོད་དགོས་པའི་བཙན་བཀའ་བཏང་འདུག་པ་དང༌། སྐབས་དེར་དགོན་པའི་དབུ་འཛིན་གྱིས། བྱབྱ ངས་རང་སྲོག་འདོར་དགོས་བྱུང་ནའང་སྐད་ཆ་དེ་དུས་ནམ་ཡང་ཁས་ལེན་བྱེད་མི་ཐུབ། ྋརྒྱལ་བ་རིན་པོ་ཆེ་བོད་མི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་རྩ་བའི་བླ་མ་དང་ཁོག་པའི་སྙིང་རེད། དེ་ལས་ཁྱོད་རང་ཚོས་ལས་འགུལ་འདྲ་མིན་སྤེལ་མཚམས་འཇོག་ན། ངས་ཀྱང་མི་མང་ནས་ངོ་རྒོལ་ཤུགས་ཆེན་མི་ཡོང་བའི་ཐབས་ཤེས་གང་ཐུབ་བྱེད་ཆོག་ ཅེས་ལན་འདེབས་བྱེད་སྐབས། རྒྱ་དམག་དཔོན་རིགས་ཤིག་གིས་ཁྲོ་ཉམས་ཀྱིས། བྱབྱ ཁྱོད་ཚོ་སྟོང་འཁོར་བ་རྣམས་ལ་ཡག་པོ་བཤད་ན་ཉན་འཇོག་བྱེད་ཤེས་ཀྱི་མི་འདུག མི་ཁ་ཤས་ཤིག་གསོད་ན་མ་གཏོགས་གླགས་འཁེལ་གྱི་མ་རེད། ང་ཚོར་ཁ་གཏད་དགོས་ཀྱིན་ཡོད། ཅེས་སོགས་བཤད་འདུག་པ་སོགས་ལ་བརྟེན། མཐར་ཁོང་ཚོའི་བར་ཁ་རྩོད་ཤོར་ཏེ་ལས་འགུལ་ལམ་ལྷོང་བྱུང་མི་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢ ཉིན་གྱི་ཉིན་གུང་དཀར་མཛེས་རྫོང་ཐོག་ཏུ་ཡོད་པའི་ལྕོག་རི་ཚོང་པ་བསོད་ནམས་ཡར་འཕེལ་ལ་རྒྱ་གཞུང་ནས་ཁ་བྲལ་རིང་ལུགས་པའི་རྗེས་འབྲངས་པ་དང༌། ངན་པ་ལག་སྦྲེལ་གྱིས་ཕྱི་རྒྱལ་ཁག་ལ་ཁ་པར་ཐོག་ཏུ་གནས་ཚུལ་འདྲ་མིན་མཁོ་གཏོང་བྱེད་བཞིན་ཡོད་པའི་ནག་ཉེས་བཙུགས་ཏེ་འཇུ་བཟུང་བྱས་ཡོད་འདུག ཁོང་འཇུ་བཟུང་སྐབས་སུ་འཆར་གཞི་ལྡན་པའི་ཐོག་ནས་མགྲོན་ཁང་ཕྱི་ནང་ཡོངས་སུ་དམག་གིས་བསྐོར་ཏེ་ཉེན་རྟོག་པས་མགྲོན་ཁང་ནས་འཇུ་བཟུང་གིས་མི་སྤྱོད་ལས་འདས་པའི་ཉེས་རྡུང་གཏོང་བཞིན་བཙན་ཁྲིད་ཀྱི་བཀག་ཉར་བྱས་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ པའི་ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ལྕོག་རི་ཁུལ་གྱི་ཞི་རྒོལ་གྱི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་དུས་བཀག་བཙོན་འཇུག་ལོ་ ༡༢ ཀྱི་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ལ་རྒྱ་གཞུང་ནས་ཏྲེ་ཧོར་ཁུལ་གྱི་ཆབ་སྲིད་བཙོན་པ་ཡོངས་ལས་ནག་ཉེས་ཆེ་ཤོས་ཤིག་ལ་རྩིས་ཡོད་འདུག ཁོང་ནི་ཏྲེ་བོ་མཚོ་འགོ་ཤང༌། དེ་ཡེས་གྲོང་ཚོ་ནས་ཕ་བློ་དགའ་དང༌། མ་ཆོས་དགའ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་འདུག་ལ། འཛིན་བཟུང་སྐབས་སུ་ཁོང་གིས་དཀར་མཛེས་རྫོང་ཐོག་ཏུ་མགྲོན་ཁང་ཞིག་གི་རྩིས་གཉེར་གྱི་ལས་ཀ་བྱེད་བཞིན་ཡོད་འདུག ཉིན་དེར་ལྕོག་རི་དགོན་དུའང་རྒྱ་དམག་རླངས་འཁོར་ཆེན་པོ་ ༡༢ དང་ཆུང་བ་ ༣༦ འགྲིམ་འགྲུལ་རླངས་འཁོར་ ༢ བཅས་འབྱོར་ཏེ། དགོན་པའི་མཐའ་ཡོངས་རྫོགས་དམག་གིས་བསྐོར་བར་མ་ཟད་དགོན་པའི་ཕྱོགས་བཞིའི་རི་རྩེ་ནས་མེ་སྒྱོགས་ཀྱི་ཁ་དགོན་པར་གཏད་དེ་འཇིགས་སྐུལ་འོག་དགོན་པའི་གཙུག་ལག་ཁང་དང་གྲྭ་ཤག་ཡོངས་རྫོགས་བསྔོག་བཤེར་བྱས་པ་ཙམ་གྱིས་མ་ཚིམས་པར་མཆོད་བཤམས་ནང་གི་གསེར་སྐུའི་དབུ་དང་ཕྱག་སོགས་བཀོག་སྟེ་ས་ཐོག་ཏུ་གཡུགས་པ། ྋགོང་ས་མཆོག་གི་སྐུ་པར་རལ་བ། པར་སྒྲོམ་བཅག་པ། དངུལ་དང་རིན་ཐང་ཅན་གྱི་ཅ་དངོས་ཁྱེར་ཕྱིན་པ་སོགས་བྱས་ནས་ས་རུབ་ཁར་རྫོང་ཐོག་ཏུ་ཕྱིར་ལོག་བྱས་འདུག་ལ། དེ་ཁུལ་དུ་ཕྱི་ཟླ་བཞི་པའི་ཚེས་བཅུ་བདུན་ཙམ་ནས་བཟུང་གཡོ་ཐབས་ཀྱི་མི་སེར་རྣམས་ལ་ཏཱ་ལའི་རུ་ཚོགས་ལ་ཁ་བྲལ་རིང་ལུགས་པའི་ངོས་འཛིན་གྱི་ས་རྟགས་མ་རྒྱབ་ཚེ། རྩྭ་ཤིང་བཏབ་པའི་དངུལ་འབབས་སྤྲད་རྒྱུ་མིན་ཞེས་དབང་ཡོད་བཤད་འདུག། དེ་ཡང་ལོ་ཤས་སྔོན་ནས་རྒྱ་ནག་ནང་དུ་ཆུ་ལོག་གི་རྐྱེན་གྱིས་བོད་ཁུལ་དུ་ཤིང་ནགས་གསར་འཛུགས་དང༌། ཞིང་ཁ་ནང་དུ་ཚེར་མ་དང་རྩྭ་བཏབ་བཅུག་སྟེ་ལོ་ལྟར་དུད་ཚང་ཆེ་ཤོས་རེ་ལ་རྒྱ་སྒོར་སྟོང་ནས་ཁྲི་བར་ལེན་རྒྱུ་ཡོད་པ་དང༌། དུད་ཚང་དཀྱུས་མ་རྣམས་ལ་དངུལ་སྟོང་ཕྲག་ཁ་ཤས་ལེན་རྒྱུ་ཡོད་ཀྱང་ལོ་ཤས་ནས་ཉུང་དུ་ཕྱིན་འདུག་ལ། ད་ལྟའི་ཆར་མི་ཚང་སོ་སོར་ནས་གོང་གསལ་གྱི་ས་ཡིག་མ་བརྒྱབ་ཚེ་རྩྭ་ཤིང་བཏབ་པའི་འབབས་སྤྲོད་རྒྱུ་མིན་ཞེས་དབང་བཤད་བྱས་འདུག ཡང་གནས་ཚུལ་གཞན་ཞིག་ལ། དུད་ཚང་དཀའ་ངལ་ཅན་རྣམས་ལ་བུ་ཕྲུག་སློབ་གྲྭར་གཏོང་རྒྱུའི་དཀའ་ངལ་ཡོད་པར་བརྟེན། དེ་ལ་གཡོ་ཐབས་ཀྱིས་ས་རྟགས་བརྒྱབ་ཚེ་སློབ་ཡོན་རྒྱ་གཞུང་ནས་གཏོང་རྒྱུ་ཡིན་ཞེས་སོགས་འདྲ་མིན་བཤད་དང་བཤད་མུས་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ ཉིན་གྱི་ཞོགས་པ་ཕྱག་ཚོད་བཞི་པ་ཙམ་ནས་སྟོང་འཁོར་དགོན་དུ་སྔར་ལས་ལྷག་པའི་དྲག་ཆས་དམག་མི་དང་ཉེན་རྟོག་པ་སོགས་རླངས་འཁོར་ཆེ་ཆུང་ཁྱོན་བསྡོམས་ ༩༨ ཙམ་ནང་དམག་མི་ཚོད་རྩིས་བྱས་ན་གྲངས་ ༤༠༠༠། ཙམ་འབྱོར་ཏེ་དགོན་པའི་རྒྱབ་རི་དང་མདུན་རི་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་མཐའ་བསྐོར་གྱིས་མེ་སྒྱོགས་སྦག་སྦག་སོགས་ཁ་དགོན་པར་གཏད་ནས་བཞག་པ་དང༌། རྒྱང་གྲགས་ནས་མི་སུ་ཡིན་རུང་ཕྱིར་ཐོན་ན་མེ་མདའ་རྒྱག་རྐྱང་ཡིན་ཟེར་བ་སོགས་ཀྱི་སྐད་འབོད་བྱས་ཡོད་འདུག་ཅིང༌། ཕྱག་ཚོད་བརྒྱད་པ་ཙམ་ནས་མགོ་འཛུགས་ཏེ་གྲྭ་ཤག་རེ་རེ་བཞིན་དྲག་ཆས་དམག་མི་ལྔ་དྲུག་རེ་བཙན་འཛུལ་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་ཡོད་ཚད་ས་ལ་བརྡབས་ནས་རྡོག་རྫིས་གཏོང་བ་དང༌། ལག་འཁྱེར་ཁ་པར་དང་ཨམ་ཕྲག་ནང་གི་དངུལ་འཕྲོག་པ་སོགས་བྱེད་སྐབས། རྣམ་འགྱུར་ཡག་མིན་ལ་བསྙད་དེ་དགེ་འདུན་པ་མང་པོ་ཞིག་ལ་རྡུང་རྡེག་ཚད་མེད་བཏང་འདུག་པ་དང༌། དགུང་ལོ་ ༧༤ ལ་སོན་པའི་སྟོང་འཁོར་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་མཆོག་དང་། བསོ་ཐོག་མདའ་གྲོང་ནས་ཡིན་པ་མི་སྐྱ་ཚུལ་ཁྲིམས་ཕུན་ཚོགས་གཉིས་ལ་ཉེས་འཛུགས་འདྲ་མིན་གྱིས་བཙན་ཁྲིད་བྱས་འདུག་ལ། དགོན་པའི་འདུ་ཁང་ནང་དུ་ཡོད་པའི་སྟོང་འཁོར་ཞབས་དྲུང་རིམ་བྱོན་གྱི་ཞལ་ཐང་ཆེན་པོ་སྟེང་གཉིས་སུ་ྋརྒྱལ་བ་ྋཔཎ་ཆེན་རྣམ་གཉིས་ཡོད་པ་དེ་བཙན་འཕྲོག་བྱས་པར་མ་ཟད། ད་དུང་ཞལ་ཐང་དེ་ནས་འདྲ་བཤུས་བྱས་པའི་ཐང་ཀ་འབོར་ཆེན་གྲྭ་ཤག་ཁག་ནས་བཙན་འཕྲོག་གིས་སྐུ་པར་སོགས་ཁྱོན་བསྡོམས་རྩ་རས་ ༢༢ ཙམ་ལོངས་འདུག་ལ། སྐབས་དེར་གནམ་གཤིས་གྲང་མོ་ཡོད་སྟབས་དགོན་པའི་ཕ་རོལ་བུད་ཐོག་ཐང་ཟེར་བའི་ཞིང་ཁ་ནང་མེ་བསྲེག་བཏང་སྟེ་དམག་མི་རྣམས་ཀྱིས་ལག་པ་བསྲོ་ས་བྱས་ཡོད་འདུག ཉིན་རྒྱབ་ཕྱག་ཚོད་བཞི་པ་ཡས་མས་ཤིག་ལ་ཆོས་རྭ་ཚོགས་བརྡ་བརྒྱབ་སྟེ་གྲྭ་མང་འདུ་འཛོམས་སར་དགོན་པའི་དབུ་འཛིན་ནས་གསུང་དོན་ལ། ཚེས་ ༡ དང་ ༢ བཅས་ལ་རྒྱ་མིའི་ལས་བྱེད་མང་དག་ཅིག་ཕྱག་མཛོད་ཁང་དུ་ཡོང་ནས། ྋགོང་ས་མཆོག་དང་ཁ་བྲལ་རིང་ལུགས་པ་ལ་ངོ་རྒོལ་བྱེད་དགོས་ཚུལ་བཤད་ཀྱིན་འདུག་མོད། ངས་རང་སྲོག་འདོར་དགོས་བྱུང་ཡང་རྩ་བའི་བླ་མར་ངོ་རྒོལ་བྱེད་ཐུབ་པ་མི་འདུག ཁྱེད་རང་རྣམས་ཀྱིས་གང་འདྲ་བྱེད་དགོས་མིན་སོ་སོའི་བསམ་བློ་གཏོང་དགོས་པ་རེད། ཅེས་སོགས་གསུངས་སྐབས་དགེ་འདུན་པའི་ཁོངས་ནས་གྲྭ་འགའ་རེ་ཡར་ལངས་ཏེ་ང་ཚོ་གྲྭ་པ་གྲྭ་རྐྱང་ཚོ་ཉམ་ཆུང་བསྡད་སར་སྡོད་མི་བཅུག་པར་བཙན་ཤེད་འདི་འདྲ་བྱས་ན་ད་ནི་ཤི་དགོས་བྱུང་ཡང་འགྱོད་པ་མེད་ཅེས་གསུངས་པ་བཞིན། དགེ་འདུན་པ་ཡོངས་ནས་ཀྱང་ཁ་གཅིག་གྲག་དང་བསམ་པ་གཅིག་མཐུན་གྱིས་མང་ཆེ་བ་ངུ་ངག་གི་ངང་ཆོས་རྭ་མ་ཚོགས་པར་དགོན་པའི་ཕ་རོལ་རྒྱ་མིའི་ལས་ཁུངས་ཡོད་སར་ཞི་རྒོལ་བྱེད་པར་ཕྱིན་ཏེ་འབོད་ཚིག་ནི། བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག། རང་ཡུལ་གངས་ཅན་ལྗོངས་སུ་མགྱོགས་ནས་མྱུར་དུ་བཞུགས་གདན་འཇགས་དགོས། དགེ་བཤེས་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། བྱབྱ ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དགོན་པ་ནས་རྒྱ་གཞུང་ལས་ཁུངས་ཡོད་ས་བར་ལེ་དབར་གཉིས་ཙམ་གྱི་སར་ཕྱིན་ཏེ་ཞི་རྒོལ་བྱས་པ་དང༌། རིམ་བཞིན་ཡུལ་མི་རྣམས་ཀྱང་ཇེ་མང་དུ་སོང་ནས་ཁྱོན་སེར་སྐྱ་མི་གྲངས་ ༧༠༠ ལྷག་གི་ངོ་རྒོལ་ཤུགས་ཆེན་བྱེད་སྐབས་སུ། རྒྱ་དམར་ནས་ཁྱོད་ཚོ་ཕར་ལོག་ན་དགེ་བཤེས་ཁོང་གཉིས་ལ་སྐད་ཆ་ཁ་ཤས་དྲིས་ནས་གློད་གྲོལ་གཏོང་ཆོག་ཅེས་བཤད་པར་བརྟེན། རྒྱ་གཞུང་ལས་ཁུངས་ཡོད་ས་ནས་ཚུར་ཏོག་ཙམ་ཡོང་སྟེ་ཟམ་པའི་འགྲམ་ལ་ཕྱག་ཚོད་གསུམ་ཙམ་གྱི་རིང་ཞི་རྒོལ་རྒྱུན་མ་ཆད་པར་མུ་མཐུད་དེ་འབོད་ཚིག་འདྲ་མིན་སྒྲོག་བཞིན་བསྡད་ཀྱང་དགེ་བཤེས་ལགས་དང་ཁོང་གཉིས་གློད་གྲོལ་མ་བཏང་སྟབས། སླར་ཡང་ཕྱག་ཚོད་ ༨ ཡས་མས་ལ་རྒྱ་མིའི་ལས་ཁུངས་ཡོད་སར་འགྲོ་དུས་ཕྱོགས་གསུམ་ནས་དྲག་ཆས་དམག་མིས་མཐའ་བསྐོར་ཏེ་མེ་མདའ་སྦག་སྦག་སོགས་མི་མང་ལ་ཁ་གཏད་ནས་རྒྱག་པ་དང༌། སྐབས་དེར་མེ་མདའི་འོག་རྨས་སྐྱོན་ཕོག་པ་མི་གྲངས་ ༨༣ ཙམ་དང༌། ས་གནས་དེར་དམར་གསོད་བཏང་བ་དང་སྐབས་དེར་རྨས་སྐྱོན་ཕོག་པ་རྣམས་དབོར་འདྲེན་གྱི་ཁྱེར་ཕྱིན་པ་ནས་ད་བར་བཙོན་ཁང་སོགས་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་སྟབས། ཡུལ་མི་སོགས་ནས་འདས་གྲོངས་སུ་ཕྱིན་ཚར་བའི་ཁོངས་བརྩི་བཞིན་ཡོད་པ་༼རྒྱ་ནག་ནས་འོད་ཟེར་ལགས་ཀྱིས་བརྩམས་གནང་བའི་ བྱབྱ གངས་སེང་གི་ངར་སྒྲ བྱབྱ ཟེར་བའི་དེབ་ཀྱི་ནང་དུ་མི་གྲངས་ ༡༩ ཙམ་གྱི་མིང་བྲིས་འདུག་རུང་༽འདི་ནས་ད་ཆ་ཤེས་རྟོགས་བྱུང་བ། ༡༽ སྟོང་འཁོར་དགོན་གྱི་དགེ་སྐོས་ལས་ཐོག་པ་ཚེ་དབང་རིག་འཛིན་དང༌། ༢༽ རྦ་ལ་མདའ་གྲོང་ཚོ་ནས་ཡིན་པ་སྟོང་འཁོར་དགོན་གྱི་གྲྭ་ལྷུན་གོ། ༣༽ ཙེ་ར་གྲོང་ཚོ་ནས་ཡིན་པ་སྟོང་འཁོར་དགོན་གྱི་དབུ་ཟུར་ཐུབ་བསྟན་བཟང་ལྡན། ༤༽ མཁར་སྲུང་གྲོང་ཚོ་ནས་ཡིན་པ་སྟོང་འཁོར་དགོན་གྱི་གྲྭ་དཀོན་མཆོག་ཤེས་རབ། ༥༽ ཉ་ཁྲི་གྲོང་ཚོ་ནས་ཡིན་པ་སྟོང་འཁོར་དགོན་གྱི་གྲྭ་བློ་བཟང་རིན་ཆེན། ༦༽ རྦ་མདའ་གྲོང་ཚོ་ནས་ཡིན་པ་སྟོང་འཁོར་དགོན་གྱི་གྲྭ་ཚེ་རིང་སྐལ་ལྡན། ༧༽ བསོ་ཐོག་མདའ་གྲོང་ཚོ་ནས་ཡིན་པ་སྟོང་འཁོར་དགོན་གྱི་གྲྭ་ཆོས་འཛིན་བཅས་དགེ་འདུན་པ་བདུན་དང༌། ༨༽ བསོ་ཐོག་མདའ་གྲོང་ཚོ་ནས་ཡིན་པ་བུ་བུ་བདེ་ལེགས་དང༌། ༩༽ མཁར་སྲུང་གྲོང་ཚོ་ནས་ཡིན་པ་ཚེ་རིང་དོན་འགྲུབ་ཆེ་བ། ༡༠༽ འབྲུ་ཡག་གྲོང་ཚོ་ནས་ཡིན་པ་ཚེ་རིང་དོན་འགྲུབ་ཆུང་བ། ༡༡༽ ཀུག་ར་གྲོང་ཚོ་ནས་ཡིན་པ་འབྲུག་ལོ་མཚོ། ༡༢༽ ཙེ་ངོས་གྲོང་ཚོ་ནས་ཡིན་པ་ཙེ་ངོས་ཚང་གི་ཚེ་དབྱངས་སྐྱིད། ༡༣༽ ཉ་ཁྲི་གྲོང་ཚོ་ནས་ཡིན་པ་བསོད་ནམས་ཚུལ་ཁྲིམས། ༡༤༽ རྨོག་རན་གྲོང་ཚོ་ནས་ཡིན་པ་ཀུན་བཟང་ཆོས་སྒྲོན་བཅས་ཁྱོན་སེར་སྐྱ་མི་གྲངས་ ༡༤ ཙམ་ཡོད་པ་དང༌། དེ་མིན་གྲངས་ལས་འདས་པ་ཞིག་ལ་རྨས་སྐྱོན་ཕོག་འདུག་པ་ནས་འདིར་ཤེས་རྟོགས་བྱུང་བ། ༡༽ བྱུ་རུ་མདའ་གྲོང་ཚོ་ནས་ཡིན་པ་གྲྭ་ཐུབ་བསྟན་དགེ་ལེགས་དང༌། ༢༽ བྱུ་རུ་མདའ་གྲོང་ཚོ་ཡིན་པ་གྲྭ་སྐལ་འབུང༌། ༣༽ སྒོ་མོ་གྲོང་ཚོ་ནས་ཡིན་པ་གྲྭ་ཉི་མ། ༤༽ ཙེ་ར་གྲོང་ཚོ་ནས་ཡིན་པ་གྲྭ་རྡོ་རྗེ་རིན་ཆེན། ༥༽ ཙེ་ངོས་གྲོང་ཚོ་ནས་ཡིན་པ་མི་སྐྱ་ཚེ་བརྟན་ཕུན་ཚོགས། ༦༽ ཙེ་ངོས་གྲོང་ཚོ་ནས་ཡིན་པ་མི་སྐྱ་ངག་དབང་ཚེ་རིང༌། ༧༽ ཉ་ཁྲི་གྲོང་ཚོ་ནས་ཡིན་པ་བསྟན་འཛིན་མཁས་མཆོག ༨༽ བསོ་ཐོག་མདའ་གྲོང་ཚོ་ནས་ཡིན་པ་བུད་མེད་ཚུལ་ཁྲིམས་མཚོ་བཅས་དང༌། དེ་མིན་ཤེས་རྟོགས་བྱུང་བ་མང་དག་ཅིག་ཡོད་རུང་ཁོང་རྣམས་བདེ་འཇགས་ཀྱི་ཆེད་འདིར་མ་བཀོད། སྐབས་དེར་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་རིམ་པས་འཛིན་བཟུང་བྱས་པ་ནི། ༡༽ ཀུག་ར་གྲོང་ཚོ་ནས་ཡིན་པ་བུད་མེད་བསྟན་ལམ་དང༌། ༢༽ འབྲུ་ཡག་གྲོང་ཚོ་ནས་ཡིན་པ་ཐུགས་རྗེ་མཚོ། ༣༽ འབྲུ་ཡག་གྲོང་ཚོ་ནས་ཡིན་པ་ཚེ་རིང་སྒྲོལ་དཀར། ༤༽ འབྲུ་ཡག་གྲོང་ཚོ་ནས་ཡིན་པ་རྡོ་རྗེ་རྒྱལ་མཚན། ༥༽ འབྲུ་ཡག་གྲོང་ཚོ་ནས་ཡིན་པ་ཡོན་ཏན་ནོར་བུ། ༦༽ འབྲུ་ཡག་གྲོང་ཚོ་ནས་ཡིན་པ་བློ་བཟང་འབྱུང་གནས། ༧༽ ཉ་ཁྲི་གྲོང་ཚོ་ནས་ཡིན་པ་ཉ་ཁྲི་ཚང་གི་ཡོན་ཏན་ལྷུན་གྲུབ། ༨༽ ཉ་ཁྲི་གྲོང་ཚོ་ནས་ཡིན་པ་ཉ་ཁྲི་ཚང་གི་མག་པ་པདྨ་མ་རྣམ་རྒྱལ། ༩༽ རྨོག་རན་གྲོང་ཚོ་ནས་ཡིན་པ་ཐུབ་བསྟན་ཤེས་རབ། ༡༠༽ ཙེ་ར་གྲོང་ཚོ་ནས་ཡིན་པ་བླ་མ་དོན་འགྲུབ་བཅས། རིམ་པས་འཛིན་བཟུང་གིས་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཞིང༌། ཞི་རྒོལ་སྐབས་སུ་རྐྱེན་འདས་སུ་བཏང་བའི་ཁོངས་ནས། ༡༽ སྟོང་འཁོར་དགོན་གྱི་དགེ་སྐོས་ཚེ་དབང་རིག་འཛིན་ནི། སྟོང་འཁོར་ཟླ་ཁོག་སྒོ་མོ་ཤང༌། བྱུ་རུ་མདའ་གྲོང་ཚོ་ནས་ཕ་ཚེ་འདས་ངང་ཕྲུག་དང༌། མ་ཚེ་དབང་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༠ ལོར་སྐྱེས་ཤིང་རྐྱེན་འདས་སུ་གཏོང་སྐབས་རང་ལོ་ ༣༨ ཡིན་འདུག་པ་དང༌། ཁོང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཞི་རྒོལ་བར་རྒྱ་གཞུང་ནས་དྲག་གནོན་བྱེད་སྐབས་སྟོང་འཁོར་དགོན་གྱི་ཚོགས་དབུས་སུ་གོང་གསལ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་ལ་བསྔགས་བརྗོད་དང་འབྲེལ་ཐུགས་སྨོན་སྐྱབས་འཇུག་དང༌། དུས་དེ་ནས་བཟུང་བོད་བསྟན་པ་ཆབ་སྲིད་དང་ྋགོང་ས་མཆོག་གི་ཞབས་བརྟན་སོགས་འབད་སྒྲུབ་ཞུ་དགོས་པའི་བསྐུལ་མ་གནང་འདུག་ཅིང༌། དེ་རྗེས་གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་རྒྱ་དམར་ནས་མེ་མདའ་བརྒྱབས་ནས་དམར་གསོད་བཏང་སྟེ་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་ཁྱེར་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང༌། ༢༽ གྲྭ་ལྷུན་གོ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། རྦ་ལ་མདའ་གྲོང་དུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ཁོང་རྐྱེན་འདས་སུ་གཏོང་སྐབས་རང་ལོ་ ༣༥ ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་ནས་ད་བར་གང་སར་རྩད་ཞིབ་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། ཞི་རྒོལ་སྐབས་མེ་མདའི་འོག་རྐྱེན་འདས་སུ་བཏང་བའི་ཁོངས་སུ་བརྩིས་ཏེ་ནང་མི་ནས་འདས་མཆོད་སོགས་བྱས་ཟིན་ཡོད་འདུག ༣༽ སྟོང་འཁོར་དགོན་གྱི་དབུ་ཟུར་ཐུབ་བསྟན་བཟང་ལྡན་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཙེ་ར་གྲོང་ཚོ་ནས་མ་བློ་བཟང་སྐྱིད་ལགས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་རང་ལོ་ ༢༧ ཡིན་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་ནས་ད་བར་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། སྐབས་དེར་རྐྱེན་འདས་སུ་བཏང་བའི་ཁོངས་སུ་བརྩིས་བཞིན་ཡོད་འདུག ༤༽ གྲྭ་དཀོན་མཆོག་ཤེས་རབ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། མཁར་སྲུང་གྲོང་ཚོ་ནས་ཕ་ཚེ་འདས་བློ་བཟང་ཚེ་ཐར་དང༌། མ་ཕུན་ཚོགས་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་རྐྱེན་འདས་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་ནས་ད་བར་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་དང༌། ཁོང་ཞི་རྒོལ་ལ་མ་འགྲོ་སྔོན་དུ་རོགས་ཁ་ཤས་ལ་བཤད་དོན། བྱབྱ ད་ནི་རྒྱ་དེ་ཚོ་ལ་ངོ་རྒོལ་ཞིག་བྱེད་མཁན་འགྲོ་ཡ་ཡིན། གལ་ཏེ་འཛིན་བཟུང་བྱས་ནས་བཙོན་འོག་ཏུ་སྡོད་དགོས་བྱུང་ཚེ་གོས་དོར་ཞིག་དགོས་ཀྱིན་འདུག ཅེས་བཤད་དེ་ཚོང་ཁང་ནས་ནང་འཇམ་གོས་དོར་ཞིག་ཉོས་ནས་ཕྱིན་པས། དེ་འདྲ་ཞིག་གཤམ་གསལ་བཞིན་ཆུ་ལ་ཁྱེར་བའི་དགེ་འདུན་པ་ཞིག་གི་སྐུ་ཕུང་ཕྱི་ཉིན་རྒྱ་དམག་གི་ལག་ཏུ་ཐེབས་ནས་ཁྱེར་ཕྱིན་པ་དེས་གོན་ཡོད་པ་ཡུལ་མི་རྣམས་ཀྱིས་མཐོང་ཐོས་བྱུང་ཡོད་པ་སོགས་ལ་བརྟེན། ནང་མི་དང་ཡུལ་མི་ཀུན་གྱིས་འདས་གྲོངས་སུ་ཕྱིན་ཚར་བའི་ཁོངས་སུ་བརྩིས་ཏེ་མཆོད་འབུལ་སོགས་བྱེད་བཞིན་ཡོད་འདུག ༥༽ གྲྭ་བློ་བཟང་རིན་ཆེན་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཉ་ཁྲི་གྲོང་ཚོ་ནས་ཕ་བློ་བཟང་སྐྱབས་དང༌། མ་མེན་མེན་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་རང་ལོ་ ༢༧ ཡིན་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་པ་ནས་ད་བར་ས་གནས་གང་སར་བཙོན་ཁང་སོགས་སུ་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། སྐབས་དེར་རྐྱེན་འདས་སུ་བཏང་བའི་ཁོངས་སུ་བརྩིས་ཏེ་ནང་མི་ནས་འདས་མཆོད་སོགས་བྱས་ཟིན་ཡོད་འདུག ༦༽ གྲྭ་ཚེ་རིང་སྐལ་ལྡན་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། རྦ་མདའ་གྲོང་ཚོ་ནས་ཕ་བློ་བསམ་འགྲུབ་དང༌། མ་ནོར་འཛིན་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་སུ་རང་ལོ་ ༢༢ ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་ཀྱིས་ཞི་རྒོལ་བྱེད་སྐབས་ཁོང་ལ་མདེའུ་ཕོག་སྟེ་ས་ལ་རིལ་བ་བསོ་ཐོག་མདའ་གྲོང་ཚོ་ནས་ཡིན་པའི་བུད་མེད་གཅིག་གིས་མཐོང་འདུག་པ་དང༌། དུས་དེ་ནས་བཟུང་ད་བར་བཙོན་ཁང་སོགས་གང་སར་རྩད་ཞིབ་བྱས་ཀྱང་རྙེད་སོན་མ་བྱུང་བར་བརྟེན། རྐྱེན་འདས་སུ་བཏང་བའི་ཁོངས་སུ་བརྩིས་ཏེ་ནང་མི་ནས་འདས་མཆོད་སོགས་བྱས་ཟིན་ཡོད་འདུག ༧༽ གྲྭ་ཆོས་འཛིན་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། བསོ་ཐོག་མདའ་གྲོང་ཚོ་ནས་ཕ་བཀྲིས་དང༌། མ་སྙིང་རྗེ་གཉིས་སུ་ཕྱི་ལོ་ ༡༩༩༤ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ཞི་རྒོལ་སྐབས་སུ་རང་ལོ་ ༡༥ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་པ་ནས་ད་བར་ས་གནས་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། ཞི་རྒོལ་སྐབས་རྐྱེན་འདས་སུ་བཏང་བའི་ཁོངས་སུ་བརྩིས་ཏེ་འདས་མཆོད་སོགས་བྱས་ཟིན་ཡོད་འདུག། ༨༽ མི་སྐྱ་བུ་བུ་བདེ་ལེགས་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། བསོ་ཐོག་མདའ་གྲོང་ཚོ་ནས་ཙ་དོ་ཚང་གི་ཕ་ནོར་བུ་དོན་འགྲུབ་དང༌། མ་དབང་དགའ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་རྒྱ་དམར་ནས་རྐྱེན་འདས་སུ་གཏོང་སྐབས་སུ་རང་ལོ་ ༣༠ ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱེད་སྐབས་སུ་མེ་མདའི་མདེའུ་གཉིས་གསུམ་ཞིག་ཐེབས་ནས་ས་ལ་རིལ་བ་དང༌། སྐབས་དེར་གཉེན་ཉེ་ཞིག་ནས་སྒལ་པར་ཁུར་ཏེ་ཚུར་ཏོག་ཙམ་ཡོང་སྐབས་ཁོང་གི་སྒལ་པའི་སྟེང་འདས་གྲོངས་སུ་ཕྱིན་འདུག་པ་དང་རྒྱ་དམག་ནས་ད་དུང་མེ་མདའ་སྦག་སྦག་སོགས་མུ་མཐུད་རྒྱག་བཞིན་ཡོད་སྟབས། ཅི་བྱ་གཏོལ་མེད་ཀྱིས་ཕུང་པོ་ས་གནས་དེར་བཞག་ནས་བྲོས་ཡོང་དགོས་བྱུང་ཡོད་འདུག ཁོང་ནི་ནམ་རྒྱུན་ནས་བོད་བསྟན་སྲིད་དང་ྋགོང་ས་མཆོག་ལ་ཧ་ཅང་གི་དད་གུས་ཆེན་པོ་ཞུ་མཁན་ཞིག་ཡིན་པ་དཔེར་ན། ཕྱི་ལོ་ ༢༠༠༦ ལོར་སྟོང་འཁོར་བསོ་ཐོག་གནས་ནང་དུ་ས་ཕྱོགས་གང་སའི་མི་མང་སྟོང་ཚོ་ལྷག་འདུ་འཛོམས་སར་ཁོང་གིས། བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་བཞུགས་གདན་འཇགས་དགོས། རྒྱལ་བ་ཡབ་སྲས་གཉིས་གངས་ཅན་ཞིང་དུ་མེད་ན་གནམ་ལ་ཉི་ཟླ་མེད་པ་དང་གཅིག་མཚུངས་རེད། ཅེས་སོགས་ཀྱི་ནང་དོན་འཁོད་པའི་རྐྱང་གཞས་བཏང་བ་སོགས་ཀྱང་བྱས་ཡོད་འདུག ༩༽ མི་སྐྱ་ཚེ་རིང་དོན་འགྲུབ་ཆེ་བ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། མཁར་སྲུང་གྲོང་ཚོ་ནས་ཕ་རྡོ་དཀར་སྐྱབས་དང༌། མ་ཡོངས་དགའ་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༦༥ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་སུ་རང་ལོ་ ༤༣ ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་པ་ནས་ད་བར་ས་གནས་གང་སར་བཙོན་ཁང་སོགས་སུ་རྩད་ཞིབ་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། སྐབས་དེར་ཞི་རྒོལ་ནང་མེ་མདའི་འོག་རྐྱེན་འདས་སུ་བཏང་བའི་ཁོངས་སུ་བརྩིས་ཏེ་ནང་མི་ཉེ་འབྲེལ་བཅས་ནས་འདས་མཆོད་སོགས་བྱས་ཟིན་ཡོད་འདུག ༡༠༽ ཚེ་རིང་དོན་འགྲུབ་ཆུང་བ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། འབྲུ་ཡག་གྲོང་ཚོ་ནས་ཕ་ཚེ་རིང་ཕུན་ཚོགས་དང༌། མ་དཔལ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་སུ་རང་ལོ་ ༢༨ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་པ་ནས་ད་བར་གང་སར་བཙོན་ཁང་སོགས་སུ་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། ད་སྐབས་འདས་གྲོངས་སུ་ཕྱིན་ཚར་བའི་ཁོངས་སུ་བརྩིས་ཏེ་ནང་མི་ནས་འདས་མཆོད་སོགས་ཀྱང་བྱས་ཟིན་ཡོད་འདུག། ༡༡༽ བུད་མེད་འབྲུག་ལོ་མཚོ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཀུག་ར་གྲོང་ཚོ་ནས་ཕ་ཚེ་རྒྱལ་དང༌། མ་བློ་བཟང་ཆོས་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་སུ་རང་ལོ་ ༣༤ ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་པ་ནས་ད་བར་ས་གནས་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། ད་སྐབས་མེ་མདའ་འོག་རྐྱེན་འདས་སུ་བཏང་ཚར་བའི་ཁོངས་སུ་བརྩིས་ཏེ་ནང་མི་ནས་འདས་མཆོད་སོགས་བྱས་ཟིན་ཡོད་འདུག ༡༢༽ ཚེ་དབྱངས་སྐྱིད་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཙེ་ངོས་གྲོང་ཚོ་ནས་ཙེ་ངོས་ཚང་གི་ཕ་ཚེ་འདས་བསོད་ནམས་རྒྱ་མཚོ་དང༌། མ་དཀོན་མཆོག་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་དམར་གསོད་སྐབས་སུ་རང་ལོ་ ༢༣ ཡིན་འདུག་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་སྐབས་རྒྱ་དམར་ནས་མེ་མདའ་བརྒྱབས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་ནས་དབུགས་འགྲོ་ལ་ཉེ་སྐབས་སྤུན་མཆེད་ཅིག་གིས་སྒལ་བར་ཁུར་ནས་ཚུར་ཏོག་ཙམ་སླེབས་འདུག་ནའང་ཁོང་གི་སྒལ་པའི་སྟེང་འདས་གྲོངས་སུ་ཕྱིན་འདུག་པ་མ་ཚད། ཁོ་རང་ཡང་རྒྱ་དམག་གི་ལག་ཏུ་ཐེབས་གྲབས་བྱས་སྟབས་ཕུང་པོ་བཞག་ནས་བྲོས་དགོས་བྱུང་འདུག ༡༣༽ མི་སྐྱ་བསོད་ནམས་ཚུལ་ཁྲིམས་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཉ་ཁྲི་གྲོང་ཚོ་ནས་ཕ་ཚེ་འདས་ཆོས་འཕེལ་དང༌། མ་ངང་བུ་གཉིས་སུ་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་སུ་རང་ལོ་ ༢༢ ཡིན་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་ནས་ད་བར་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། ནང་མི་དང་གཉེན་ཉེ་བཅས་ནས་ཞི་རྒོལ་སྐབས་སུ་རྐྱེན་འདས་སུ་བཏང་བའི་ཁོངས་སུ་བརྩིས་ཏེ་འདས་མཆོད་སོགས་བྱས་ཟིན་ཡོད་འདུག ༡༤༽ ཀུན་བཟང་ཆོས་སྒྲོན་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། རྨོག་རན་གྲོང་ཚོ་ནས་ཕ་ཚེ་འདས་ཚངས་མགོན་དང༌། མ་བསོད་ནམས་དབྱངས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ཞི་རྒོལ་སྐབས་སུ་རང་ལོ་ ༣༥ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ད་བར་གང་སར་རྩད་གཅོད་བྱས་ཀྱང་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། ནང་མི་ཉེ་འབྲེལ་བཅས་ནས་ཞི་རྒོལ་སྐབས་འདས་གྲོངས་སུ་ཕྱིན་པའི་ཁོངས་སུ་བརྩིས་ཏེ་འདས་མཆོད་སོགས་ཀྱང་བྱས་ཟིན་འདུག་པ་མ་ཚད། མོའི་ཕ་ཚངས་མགོན་ནི་བུ་མོ་འདས་གྲོངས་སུ་ཕྱིན་པའི་སེམས་སྡུག་གིས་སྨྱོན་པ་ལྟ་བུར་གྱུར་ཏེ་བུ་མོའི་མིང་ནས་འབོད་བཞིན་ས་ཕྱོགས་གང་ས་རྒྱུག་པ་སོགས་བྱས་མཐར་ཟླ་ཤས་རྗེས་འདས་གྲོངས་སུ་ཕྱིན་ཡོད་འདུག ཞི་རྒོལ་ཉིན་གྱི་དགོང་མོར་ཞི་རྒོལ་པ་ཁ་ཤས་ཆུ་ལ་ཁྱེར་ཏེ་དགེ་འདུན་པ་ཞིག་གི་སྐུ་ཕུང་ཕྱི་ཉིན་རྒྱ་དམག་གི་ལག་ཏུ་ཐེབས་ནས་ཁྱེར་ཕྱིན་པ་ཡུལ་མི་རྣམས་ཀྱིས་མཐོང་གསལ་བྱུང་འདུག་པ་དང༌། མ་ཚད་ཉིན་དེའི་དགོང་མོར་དགེ་འདུན་པ་ཞིག་གིས་རྒྱ་དཔོན་ཞིག་ལ་ཡར་ལན་བྱས་པའི་རྐྱེན་གྱིས་རྒྱ་དཔོན་དེའི་རླངས་འཁོར་ཁ་ལམ་པས་དགེ་འདུན་པའི་མགོ་ལ་ལྕགས་མདའ་བཞུས་ཏེ་དམར་གསོད་བཏང་བ་སོགས་ཀྱི་གནས་ཚུལ་མང་དག་ཅིག་འདུག་རུང་དགེ་འདུན་པ་དེ་དག་སུ་ཡིན་མིན་ཤེས་རྟོགས་ཐུབ་མི་འདུག རྒྱུ་མཚན་གང་ལགས་ཤེ་ན། སྐབས་དེར་རང་སྲོག་ཤོར་བའི་དགེ་འདུན་པའི་གྲངས་འབོར་མང་ཞིང་རྒྱ་དམག་ནས་སྐུ་ཕུང་ཕྱིར་མི་སྤྲོད་སྟབས། དུས་ད་ལྟ་ལ་ཡང་དུད་ཚང་སུའི་མི་ཡིན་མིན་ཤེས་གསལ་མ་བྱུང་བའི་གནས་སུ་གྱར་ཡོད་འདུག རྗེས་སུ་གོ་ཐོས་བྱུང་བར་གཞིགས་ན། གོང་གསལ་ཁོང་རྣམ་པའི་སྐུ་ཕུང་རྣམས་དབོར་འདྲེན་གྱིས་དྲག་ཆས་དམག་མི་རླངས་འཁོར་ཆེ་བ་ ༡༢ ཙམ་གྱི་ནང་དམག་མི་འབོར་ཆེན་ཞིག་རྫ་ཁོག་ཏུ་སླེབས་ནས་ཤིང་ནགས་བར་འགྲོ་སའི་ལམ་ཡོད་ཚད་བཀག་སྡོམ་གྱིས། ཞོགས་པ་ནས་ཉིན་གུང་ཙམ་གྱི་བར་ཤིང་ནགས་གསེབ་ཏུ་མེར་བསྲེག་བཏང་སྟེ་དུ་བ་ཤུགས་ཆེར་བཏང་བ་སོགས་ཀྱི་གནས་ཚུལ་འདུག་པ་དེར་བལྟས་ན་ཞི་རྒོལ་སྐབས་དམར་གསོད་བཏང་བའི་གྲངས་འབོར་ཧ་ཅང་མང་པོ་ཡོད་པ་གསལ་པོ་ཆགས་ཀྱིན་ཡོད་འདུག ཞི་རྒོལ་སྐབས་མེ་མདའི་འོག་རྨས་སྐྱོན་ཕོག་པ། ༡༽ གྲྭ་ཐུབ་བསྟན་དགེ་ལེགས་ནི། སྟོང་འཁོར་ཟླ་ཁོག་སྒོ་མོ་ཤང༌། བྱུ་རུ་མདའ་གྲོང་ཚོ་ནས་ཕ་བློ་ཡང༌། མ་ངང་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༥ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཙམ་ཡིན་པ་དང༌། གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་སྐབས་སུ་ཁོང་གི་རྐང་པར་མེ་མདའི་མདེའུ་ཕོག་སྟེ་དུས་ཡུན་གང་འཚམ་རིང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་འདུག ༢༽ གྲྭ་སྐལ་འབུང་ནི། སྟོང་འཁོར་ཟླ་ཁོག་སྒོ་མོ་ཤང༌། བྱུ་རུ་མདའ་གྲོང་ཚོ་ནས་ཕ་བློ་དབྱངས་ལགས་སུ་ཕྱི་ལོ་ ༡༩༧༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་སྐབས་སུ་ཁོང་གི་གཟན་ལ་མདེའུ་བཤུལ་ཨི་ཁུང་ ༡༦ ཕུག་འདུག་པ་དང༌། གདོང་གི་མཁུར་ཚོས་ལ་མེ་མདའི་མདེའུ་གཅིག་ཕོག་པ་ལས་སྲོག་ལ་ཉེན་ཁ་ཚབས་ཆེན་ཕོག་མི་འདུག་རུང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་བྱུང་སྟབས། དུས་ཡུན་ཙམ་གྱི་རིང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་འདུག ༣༽ གྲྭ་ཉི་མ་ནི། སྟོང་འཁོར་ཟླ་ཁོག་སྒོ་མོ་ཤང༌། སྒོ་མོ་གྲོང་ཚོ་ནས་ཕ་བསྟན་འཛིན་དང༌། མ་ཇོ་བོ་སྒྲོན་མ་གཉིས་སུ་སྐྱེས་ཤིང༌། གོང་གསལ་བཞིན་ཞི་རྒོལ་སྐབས་སུ་ཁོང་ལ་རྨས་སྐྱོན་ཕོག་སྟེ་ཟླ་ཤས་རིང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་འདུག ༤༽ གྲྭ་རྡོ་རྗེ་རིན་ཆེན་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཙེ་ར་གྲོང་ཚོ་ནས་ཕ་དོན་གྲུབ་དཔལ་ལྡན་དང༌། མ་འཇམ་དབྱངས་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༢ ལོར་སྐྱེས་ཤིང་ད་ལྟར་རང་ལོ་ ༡༧ ཡིན་འདུག་པ་དང༌། ཁོང་གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱེད་སྐབས་སུ་རྒྱ་དམར་ནས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་དྲག་གནོན་བྱས་ཏེ་མེ་མདའི་མདེའུ་ཕྲག་པ་ལ་ཕོག་ནས་ཤ་རྡོག་རྡོག་ཅིག་བཀོག་འདུག་ནའང༌། སྐབས་དེར་རྒྱ་གཞུང་གིས་དམག་མི་ས་ཕྱོགས་གང་སར་བཀྲམ་ནས་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་རག་པ་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་འདུག ༥༽ མི་སྐྱ་ཚེ་བརྟན་ཕུན་ཚོགས་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཙེ་ངོས་གྲོང་ཚོ་ནས་ཕ་བློ་བཟང་དཔལ་ལྡན་དང༌། མ་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༧༡ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༨ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་སྐབས་སུ་ཁོང་གི་མཚན་མ་ལ་མདེའུ་གཅིག་ཕོག་འདུག་ནའང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་བྱུང་སྟབས། ད་སྐབས་གཟུགས་པོ་ཐང་པོ་མེད་པ་ཆགས་ཡོད་འདུག ༦༽ མི་སྐྱ་ངག་དབང་ཚེ་རིང་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཙེ་ངོས་གྲོང་ཚོ་ནས་ཕ་ཐུབ་བསྟན་རྒྱ་མཚོ་དང༌། མ་དབྱངས་ཅན་གཉིས་སུ་ཕྱི་ལོ་ ༡༩༨༩ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༠ ཙམ་ཡིན་འདུག་པ་དང༌། ཁོང་གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱེད་སྐབས་སུ་ཁོང་གི་རྐང་པ་ལ་མེ་མདའ་ཕོག་ནས་མདེའུ་ནང་དུ་ལྷག་ནའང་རྒྱ་དམག་ནས་དམ་བསྒྲགས་སོགས་ཀྱི་རྐྱེན་པས་སྨན་ཁང་དུ་འགྲོ་རྒྱུའི་གོ་སྐབས་མ་བྱུང་སྟབས། རྐང་པ་གྲིས་གཤག་སྟེ་མདེའུ་ཕྱིར་བཏོན་དགོས་བྱུང་བ་སོགས་ཀྱི་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་འདུག ༧༽ བསྟན་འཛིན་མཁས་མཆོག་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཉ་ཁྲི་གྲོང་ཚོ་ནས་ཕ་ཚེ་འདས་ཤེས་རབ་འོད་ཟེར་དང༌། མ་གཡུ་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༢༦ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱེད་སྐབས་སུ་ཁོང་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཁར་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་རག་སྟབས་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་འདུག ༨༽ བུད་མེད་ཚུལ་ཁྲིམས་མཚོ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། བསོ་ཐོག་མདའ་གྲོང་དུ་མ་ཚེ་འདས་དབང་ཕྱུག་མཚོ་ལགས་སུ་ཕྱི་ལོ་ ༡༩༨༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༢ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་སྐབས་རྒྱ་དམར་ནས་མེ་མདའ་བརྒྱབས་ཏེ་མོའི་རྒྱབ་ནས་མདུན་དུ་ཕུག་འདུག་ནའང༌། རྒྱ་གཞུང་གིས་དམ་བསྒྲགས་འོག་སྨན་ཁང་དུ་བསྟེན་ས་མ་རག་པ་བཅས་ལ་བརྟེན། དེང་སྐབས་མོའི་གཟུགས་པོ་སྐྱོན་ཅན་དུ་ཆགས་ཟིན་ཡོད་འདུག དེ་མིན་འཛིན་བཟུང་བྱས་པ་ཁག་ནས། ༡༽ ཀུག་ར་གྲོང་ཚོ་ནས་བུད་མེད་བསྟན་ལམ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། བསོ་ཐོག་མདའ་གྲོང་ཚོ་ནས་ཕ་སྐལ་བཟང་དགེ་ལེགས་དང༌། མ་ཆོས་ཉིད་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་པ་དང་རྗེས་སུ་ཀུག་ར་གྲོང་དུ་མནའ་མ་སོང་བ་ཞིག་ཡིན་འདུག་ལ། མོ་གོང་གསལ་བཞིན་སྟོང་འཁོར་ཞི་རྒོལ་ནང་དུ་མཉམ་ཞུགས་བྱེད་སྐབས་སུ་ས་གནས་དེར་འཛིན་བཟུང་བྱས་ཏེ་ལོ་འཁོར་གཅིག་ལྷག་ཙམ་གྱི་རིང་གར་སོང་ཆ་མེད་གྱུར་འདུག་ནའང་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༢༣ ཉིན་གོ་ཐོས་བྱུང་བར་གཞིགས་ན་རྒྱ་ནག་ཕྱོགས་ཀྱི་བཙོན་ཁང་ཞིག་གི་ནང་དུ་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་བཀག་ཉར་བྱས་ཡོད་པ་རྩད་ཞིབ་ཐུབ་ཡོད་འདུག ༢༽ ཐུགས་རྗེ་མཚོ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། འབྲུ་ཡག་གྲོང་ཚོ་ནས་ཕ་ཚེ་འདས་མགོན་པོ་དགྲ་འདུལ་དང༌། མ་ཐུབ་བསྟན་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༨ ཡིན་འདུག་པ་དང༌། ༣༽ ཚེ་རིང་སྒྲོལ་དཀར་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། འབྲུ་ཡག་གྲོང་ཚོ་ནས་ཕ་༼ཉཱ་ཞན་ཅིའང༽ཟེར་བའི་རྒྱ་མི་ཞིག་ལ་ཕྱི་ལོ་ ༡༩༦༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༤ ཙམ་ཡིན་འདུག་པ་དང༌། མོ་གཉིས་གོང་གསལ་བཞིན་ཉིན་དེའི་དགོང་མོར་དྲག་ཆས་དམག་མིས་འཛིན་བཟུང་གིས་དང་པོ་དམག་མི་བཅོ་ལྔ་ཙམ་གྱི་མཐར་སྐོར་ཏེ་ཉེས་རྡུང་ཕྱག་ཚོད་གཅིག་ཙམ་གྱི་རིང་བཏང་སྟེ་དམག་མི་བརྗེ་ལེན་གྱི་སླར་ཡང་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་མཐར། སྐབས་དེར་དམར་གསོད་བཏང་བའི་ཕུང་པོ་མང་དག་ཅིག་དང་མཉམ་དུ་རླངས་འཁོར་ནང་བླུགས་ནས་དཀར་མཛེས་ཕྱོགས་སུ་དབོར་ཕྱིན་འདུག་ནའང་ཉེས་རྡུང་སོགས་ཀྱི་རྐྱེན་པས། གཅིག་ནས་སྐད་ཆ་ཡང་བཤད་མ་ཐུབ་པ་ཆགས་པ་དང༌། གཉིས་ནས་མགོ་ལ་རྩ་རས་གཡོག་ནས་ཁྲིད་ཕྱིན་སྟབས་ཕུང་པོ་དེ་དག་སུ་ཡིན་མིན་དང༌། རོགས་རྣམས་སུ་ཡིན་མིན་སོགས་ཤེས་ཐབས་གང་ཡང་མེད་པ་ཆགས་ཡོད་འདུག་ཅིང༌། དེ་རྗེས་ཉིན་རེ་བཞིན་ནད་གཞི་ཇེ་སྡུག་ཏུ་ཕྱིན་སྟབས་རྒྱ་གཞུང་ནས་འཆི་ཉེན་ལ་འགན་ལེན་མ་ཐུབ་པར་ཟླ་བ་གཅིག་ཙམ་གྱི་རྗེས་གློད་གྲོལ་བཏང་ཡོད་འདུག འོན་ཀྱང་ཉེས་རྡུང་སོགས་ཀྱི་རྐྱེན་ལས་ཁོང་གཉིས་ཀྱི་མགོའི་སྟེང་དུ་སྐྲ་ལག་མཐིལ་ཙམ་ལག་མཐིལ་ཙམ་བཀོག་འདུག་པ་དང་གཟུགས་པོ་ཡོངས་རྫོགས་རྨས་གང་ཡོད་འདུག་པར་མ་ཟད། སྐད་ཆ་ཡང་རྡབ་རྡིབ་ཙམ་ལས་བཤད་མི་ཐུབ་པར་ཆགས་པ་ནས་དུས་ད་ལྟ་ཡང་མོ་གཉིས་རང་སྐྱ་མི་ཐུབ་པ་ཆགས་ཟིན་ཡོད་འདུག གོང་གསལ་མཚན་ཐོ་ཁོངས་ནས་ལྷག་མ་གཞན་རྣམས་འཛིན་བཟུང་བྱས་དུས་དང་བསྟུན་ནས་ལོ་རྒྱུས་ཟུར་དུ་འགོད་རྒྱུ་ཡིན། རྒྱ་གཞུང་ནས་རྒྱལ་སྤྱིའི་ཐོག་བོད་ལ་བདེ་སྐྱིད་དང་འཚོ་བ་ཡར་རྒྱས་འགྲོ་བཞིན་ཡོད་པ་སོགས་ཀྱི་གཏམ་བཤད་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་ནའང་དོན་དངོས་སུ། དཔེར་ན། རྒྱ་ནག་ནས་འོད་ཟེར་ལགས་ཀྱི་ བྱབྱ གངས་སེང་གི་ངར་སྒྲ་ ཞེས་པའི་དེབ་ནང་དུ་གསལ་བ་བཞིན། དཀར་མཛེས་ཁུལ་གྱི་དམར་ཤོག་སྤྱི་ཁྱབ་ལོའུ་ཏའོ་ཕུན་ཟེར་བས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ རྗེས་ཀྱི་ཚོགས་འདུ་ཞིག་གི་སྟེང་རྫོང་ཁག་བཅོ་བརྒྱད་ཀྱི་དམར་ཤོག་སྤྱི་ཁྱབ་རྣམས་ལ་༼བྱེད་མི་དགོས་པ་གསུམ་༽ ཞེས་ ༼བོད་རང་བཙན་པ་བསད་ན། རྩད་ཞིབ་བྱེད་མི་དགོས་པ། ཚབ་འཇལ་མི་དགོས་པ། དགོངས་དག་ཞུ་མི་དགོས་༽ ཞེས་པའི་འགན་དབང་སྤྲད་དེ་རྫོང་རིམ་པ་དང་པོའི་ལས་བྱེད་རྣམས་ལ་མེ་མདའ་ཆུང་ཆུང་རེ་སྤྲད་ཡོད་པ་དང༌། དེ་རྗེས་དཀར་མཛེས་རྫོང་གི་དམར་ཤོག་སྤྱི་ཁྱབ་ལའོ་ཚེ་ཁོན་ཟེར་བ་དེས་སྟོང་འཁོར་སོགས་ཏྲེ་ཧོར་ཁུལ་དུ་བོད་མིར་དྲག་གནོན་བྱས་པར་བརྟེན། ཟླ་བ་གཉིས་ལས་མ་འགོར་བར་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ལས་ཁུངས་ཞེས་པའི་ལས་ཁུངས་ཕྱུག་ཤོས་དེའི་འགན་འཛིན་དུ་གནས་སྤར་བྱས་པ་སོགས་ཀྱི་བྱེད་སྟངས་དེར་བལྟས་ནའང་རྒྱ་གཞུང་ནས་བོད་ལ་འཛིན་པའི་སྲིད་ཇུས་གང་འདྲ་ཞིག་ཡིན་མིན་གསལ་པོར་ཆགས་ཀྱིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་ ༢ ཡས་མས་ལ་རྒྱ་དམར་གྱི་སྟོང་འཁོར་དགོན་ནས་འཛིན་བཟུང་བྱས་པའི་སྟོང་འཁོར་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་དང༌། མི་སྐྱ་ཚུལ་ཁྲིམས་ཕུན་ཚོགས་གཉིས་དཀར་མཛེས་རྫོང་དུ་ཁྲིད་སྐབས། རྦ་ལ་མདའ་གྲོང་ཚོ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་སྟབས། གྲོང་མི་རྒན་གཞོན་ཚང་མ་ལམ་དཀྱུས་ཉར་ནས་བགྲོད་ལམ་བཀག་སྟེ་ཞི་རྒོལ་བྱས་རྐྱེན་གྱིས་དཀར་མཛེས་བཙོན་ཁང་དུ་འགྲོ་མ་ཐུབ་པ་ཤང་དུ་རང་འཇགས་ལོག་དགོས་བྱུང་ནས་བསོ་ཐོག་མདའ་ཤང་རང་དུ་ཉིན་ ༡༥ ཙམ་གྱི་རིང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་འདུག ༡༽ དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་ནི། སྟོང་འཁོར་བསོ་ཐོག་མདའ་ཤང༌། རྦ་ལ་མདའ་གྲོང་ཚོ་ནས་རྨོ་བ་ཚང་དུ་ཕྱི་ལོ་ ༡༩༣༤ ལོ་སྐུ་འཁྲུངས་ཤིང་ད་སྐབས་རང་ལོ་ ༧༥ ཡིན་འདུག་པ་དང༌། ཁོང་གིས་རྒྱ་དམར་ནས་གྲྭ་ཤག་སོགས་བསྔོག་བཤེར་གྱིས་ྋགོང་ས་མཆོག་གི་སྐུ་པར་སོགས་མར་ཕབ་སྐབས་བཀག་སྡོམ་བྱས་པར་བརྟེན། འཛིན་བཟུང་བྱས་ནས་ཉིན་ ༡༥ ཙམ་གྱི་རིང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་འདུག ༢༽ ཚུལ་ཁྲིམས་ཕུན་ཚོགས་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། བསོ་ཐོག་མདའ་གྲོང་དུ་ཕ་ཚེ་ལས་འདས་པ་ཞིག་དང༌། མ་ཚེ་འདས་ཡེ་ཤེས་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་པ་དང༌། གོང་གསལ་བཞིན་བསྔོག་བཤེར་སྐབས་བསྙད་འདོགས་འདྲ་མིན་གྱིས་འཛིན་བཟུང་བྱས་རྗེས་དུས་ཡུན་གང་ཙམ་རིང་བཙོན་དུ་བཀག་ཉར་བྱས་ནས་གློད་གྲོལ་ཐོབ་ཡོད་ཚོད་འདུག་ཀྱང་ཞིབ་ཕྲའི་གློད་གྲོལ་ཐོབ་དུས་སོགས་གསལ་པོར་མ་བྱུང༌། སྟོང་འཁོར་ཞི་རྒོལ་ཆེན་མོ་ནས་བཟུང་སྟོང་འཁོར་ཁུལ་དུ་གཤམ་གསལ་དམག་སྒར་ཆེ་ཆུང་ཁག་བདུན་ཙམ་བརྒྱབས་ནས་ཟླ་བ་ལྔ་དྲུག་ཙམ་གྱི་རིང་དུ་ཡུལ་མི་རྣམས་རང་དབང་གི་ཕར་ཚུར་འགྲོ་བསྐྱོད་བྱེད་མ་བཅུག་པར་བཀག་སྡོམ་ཤུགས་ཆེར་བྱས་པ་དང༌། གལ་ཏེ་འགྲོ་དགོས་བྱུང་ཚེ་གྲོང་པའི་འགོ་འཛིན་བརྒྱུད་དེ་རྒྱ་གཞུང་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་པ་སོགས་ཧ་ཅང་གི་དམ་བསྒྲགས་ཆེན་པོ་བྱས་ཡོད་འདུག་ལ། ཉེ་བའི་ཆར་ཡང་སློབ་གྲྭའི་ནང་གི་དམག་སྒར་དང༌། འབྲུ་རིགས་ཁང་ནང་དུ་ཡོད་པའི་དམག་སྒར་གཉིས་སུ་དམག་མི་ཕོན་ཆེན་གཏན་སྡོད་བྱེད་ཀྱིན་ཡོད་པར་མ་ཚད་ཤང་ནང་དུའང་དམག་མི་མང་པོ་གཏན་སྡོད་བྱས་ཏེ་ཉིན་ལྟར་དགོན་པའི་ནང་རྒྱང་ཤེལ་བརྒྱབས་ཏེ་བྱ་ར་བྱེད་བཞིན་ཡོད་པ་དང༌། དགོན་པའི་ཉེ་འགྲམ་དང་ལས་ཁུངས་ཕྱོགས་ཀྱི་བགྲོད་ལམ་གྱི་ཟུར་སོགས་ལ་གསང་བའི་པར་ལེན་འཕྲུལ་ཆས་གཉིས་གསུམ་ཞིག་བཙུགས་ནས་རྟོག་ཞིབ་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༥ ཉིན་སྟོང་འཁོར་དགོན་དུ་སླར་ཡང་རྒྱ་དམག་གིས་བསྔོགས་བཤེར་བྱས་པ་དང༌། སྟོང་འཁོར་ཞབས་དྲུང་རིན་པོ་ཆེའི་གཟིམ་ཆུང་གི་ཤེལ་ཁྲ་རྣམས་གཏོར་སྐྱོན་བཏང་བར་མ་ཚད། དགོན་པའི་འདུ་ཁང་ནང་དུ་གང་བྱུང་གིས་བསྔོགས་བཤེར་བྱས་ནས་ཅ་དངོས་རྣམས་བཅག་གཏོར་གྱིས་རིག་གནས་གསར་བརྗེ་བསྐྱར་དུ་ཚུགས་པ་ལྟར་བྱས་འདུག་ཅིང༌། འཆར་ཅན་སྟོང་འཁོར་དགོན་དུ་དགེ་འདུན་པ་ ༣༠༠ ལྷག་ཡོད་ནའང་ཞི་རྒོལ་སྐབས་སུ་དགེ་འདུན་པ་མང་པོ་དམར་གསོད་བཏང་བ་དང༌། འཛིན་བཟུང་བྱས་པ། རི་ལ་བྲོས་བྱོལ་དུ་ཕྱིན་པའི་ལྷག་འཕྲོ་དགོན་པའི་དཀོན་གཉེར་དང་བགྲེས་གྲས་ཁ་ཤས་མ་གཏོགས་དགོན་པར་ལྷག་ཡོད་མི་འདུག དབང་འཛིན་དཔོན་རིགས་ཀྱིས་གསལ་བསྒྲགས་བྱས་དོན། ས་གནས་དེར་བྱུང་བའི་ཁྲག་དྲི་བྲོ་བའི་དོན་རྐྱེན་རྣམས་ཕྱི་ཕྱོགས་དང་གསར་ལམ་ཁག་ལ་ཕྱི་བསྒྲགས་བྱེད་མི་ཆོག་པ་དང༌། གནས་ཚུལ་ཅི་ཡིན་གཞུང་ཕྱོགས་ཤིན་ཧྭ་གསར་ལམ་ཁག་གི་གསར་འགྱུར་ལ་གཞི་འཛིན་བྱེད་དགོས། གལ་ཏེ་མི་སུ་རུང་གོང་གསལ་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་ཚེ་ཁྲིམས་འགལ་དུ་བརྩིས་ཏེ་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་པའི་སྡིག་ར་སྐུལ་འདུག་པ་དང༌། རྒྱ་ནག་ཤིན་ཧྭ་གསར་ལམ་གྱིས་བརྒྱུད་བསྒྲགས་བྱས་པས་མེ་མདའ་བརྒྱབ་པ་ཁས་མ་ལེན་རང་ལེན་ཆགས་ཡོད་ཀྱང༌། བྱབྱ རྒྱ་མི་དཔོན་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་སྟབས་དམག་མི་ཉེན་རྟོག་པས་མེ་མདའ་མི་རྒྱག་ཐབས་མེད་ཆགས་ཡོད། ཅེས་འཛམ་གླིང་མི་མང་ལ་རྫུན་གཏམ་འདྲ་མིན་བཤད་འདུག་ནའང་དོན་དངོས་སུ་རྒྱ་དཔོན་ཞིག་ལ་རྨས་སྐྱོན་ཕོག་པ་ལྟ་ཞོག ཞི་རྒོལ་སྐབས་སུ་རྒྱ་དམར་ནས་ཤང་གི་ལས་ཁུངས་ཀྱི་ཉེ་འགྲམ་དུ་ཐིག་ཅིག་འཐེན་ནས་དེའི་ནང་སླེབས་ན་མེ་མདའ་རྒྱག་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པའི་ཐིག་གི་ཉེ་འགྲམ་དུ་མ་སླེབས་གོང་ནས་མེ་མདའ་རྒྱག་སྟབས། ཕྱི་ཉིན་གྱི་ཞོགས་པ་ནས་ཐིག་མདུན་དུ་ཡར་གནས་སྤོ་བྱས་པ་དང༌། ཞི་རྒོལ་པ་ཚོ་དམར་བསད་བཏང་སའི་ས་གནས་དེར་རྒྱ་དམག་གིས་ཁྲག་འགོས་པའི་ས་རྡོ་དང་ཁྲག་དམར་བཞུར་ཤུལ་རྣམས་གཙང་བཟོ་བྱས་ཏེ་རྩྭ་རས་ནང་བླུགས་ཏེ་ཆུ་ལ་བསྐྱུར་བ་དང༌། ཤིང་སྡོང་ལ་མེ་མདའ་ཕོག་པ་རྣམས་ལྤགས་པ་བཤུས་ཏེ་གཙང་བཟོ་བྱས་པ་སོགས་བྱས་ཏེ་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱས་པ་རྣམས་སྦས་གསང་གི་ཐབས་ཤེས་འདྲ་མིན་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ཟླ་ ༤ ཚེས་ ༥ ཉིན་རྟའུ་ཉ་འཚོ་དགོན་གྱི་གཏོར་རྒྱག་སྐབས་རྟའུ་མི་མང་ཡོངས་རྫོགས་འདུ་འཛོམས་བྱ་རྒྱུ་ཡིན་པ་ཤེས་ཏེ། སང་ཉིན་མི་སུ་ཡིན་ཡང་ཕྱི་ལོགས་སུ་འགྲོ་མི་ཆོག གལ་སྲིད་འགྲོ་ཚེ་གསོད་རྒྱུ་ངེས་གཏན་ཡིན་པའི་གསལ་བསྒྲགས་ཤིག་བྱས་འདུག་ཅིང༌། ད་དུང་གཏོར་རྒྱག་སྐབས་དགེ་འདུན་པ་རྣམས་རྒྱ་གཞུང་གིས་རླངས་འཁོར་ནང་སྐྱེལ་འདྲེན་བྱ་རྒྱུ་ཡིན་ཞེས་བཤད་པར། དགེ་འདུན་པས་ད་བར་གཏོར་རྒྱག་བ་རླངས་འཁོར་ནང་སྐྱེལ་འདྲེན་བྱས་པའི་ལུགས་སྲོལ་གཏན་ནས་མེད་ཅེས་བཤད་དེ་ཁས་ལེན་མ་བྱས་སྟབས། ཉིན་དེར་གཞུང་ལམ་གཡས་གཡོན་གང་སར་དམག་གིས་བསྐོར་ཏེ་བཀག་སྡོམ་ཤུགས་ཆེན་བྱས་འདུག་པ་དང༌། མི་མང་ནས་དེ་འདྲའི་དམ་བསྒྲགས་ཆེ་ཆུང་ལ་མ་ལྟོས་པར་ཞོགས་པ་ནས་རི་མགོ་བསྐོར་ཏེ་དགོན་པར་སླེབས་འདུག་ལ། དེ་རྗེས་ཉིན་གུང་ཕྱག་ཚོད་ ༡༢ ཐོག་སེར་སྐྱ་ཡོངས་ཀྱིས་དགོན་པའི་རྒྱབ་ཕྱོགས་ནས་འགོ་བཙུགས་ཏེ། བྱབྱ སོ་སོའི་ལུང་པ་སོ་སོར་ལ་རང་དབང་མི་འདུག ང་ཚོ་ལ་རང་དབང་དགོས། ྋརྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་ཞུ་དགོས་ཀྱིན་ཡོད། རྒྱ་དམར་བོད་ནས་ཕྱིར་ལོག་བྱ་དགོས། བྱབྱ ཞེས་སོགས་ཀྱི་སྐད་འབོད་བྱས་པས། དྲག་སྤྱོད་ཉེན་རྟོག་པས་དྲག་གནོན་གྱིས་མི་མང་དཀྱིལ་དུ་མེ་མདའ་བརྒྱབས་ཏེ་མི་གྲངས་བཅུ་ལ་མེ་མདའ་ཚབས་ཆེན་ཕོག་འདུག་ཅིང༌། དེའི་ནང་ནས་བཙུན་མ་གཅིག་དང་མི་སྐྱ་བཞི་བཅས་མི་གྲངས་ལྔ་རྒྱ་དམག་གི་ལག་ཏུ་ཤོར་འདུག་པར་བརྟེན། སེར་སྐྱ་ཡོངས་རྫོགས་དགོན་པར་འཛོམས་ནས་རྫོང་དཔོན་ལ་ཁ་པར་ཐོག་ནས་རྨས་རྐྱེན་ཕོག་པའི་མི་ལྔ་པོ་དེ་ཕྱིར་སྤྲོད་མ་བྱས་ཚེ་མི་མང་ནས་ངོ་རྒོལ་མཚམས་འཇོག་ནམ་ཡང་བྱེད་མི་ཐུབ་ཅེས་སོགས་བཤད་སྟབས། གློད་གྲོལ་ཐོབ་ཙམ་བྱུང་འདུག་ནའང རྫོང་གི་སྨན་ཁང་ནས་སྨན་བཅོས་བྱ་མ་ཐུབ་པར་བརྟེན་དགོང་དྲོའི་ཕྱག་ཚོད་ ༥ ཙམ་ལ་རྒྱ་ནག་སྨན་ཁང་ནང་དུ་འགྲོ་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་འདུག་ཅིང༌། ཞི་རྒོལ་བའི་གྲས་ནས་ཁ་ཤས་ལ་བསྙད་བཏགས་འདྲ་མིན་བྱས་ཏེ་འཛིན་བཟུང་བྱས་པ་དང༌། གཞན་རྣམས་ཀྱང་རྒྱ་གཞུང་གི་བཀོད་ཁྱབ་འོག་རང་དབང་ཐོག་རྫོང་བརྒལ་ནས་འགྲོ་བསྐྱོད་བྱ་མི་ཆོག་པ་བཟོས་ཡོད་འདུག་ཅིང༌། རྒྱ་ནག་ཉེན་རྟོག་པས་དབང་ཤེད་ལ་མ་བཟོད་ནས་ཉིན་དེའི་དགོང་མོ་རྟའུ་ཡུལ་མི་རླངས་འཁོར་ཆེ་བ་གསུམ་ཙམ་ཞིག་གིས་སྤོ་བོ་ཤང་དུ་ཡོད་པའི་ཉེན་རྟོག་ལས་ཁུངས་ཀྱི་ཁང་པ་རྩ་གཏོར་བཟོས་པ་བཅས་ཀྱི་གནས་ཚུལ་ཀྱང་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༦ ཉིན་སླར་ཡང་སྟོང་འཁོར་ཟླ་ཉི་གཉིས་ཀྱི་གྲོང་སྡེ་གང་སར་རྒྱ་དམར་ནས་ཏཱ་ལའི་རུ་ཚོགས་སོགས་ཕྱི་རྒྱལ་ཁག་ཏུ་ཁ་པར་སོགས་བརྒྱུད་ལམ་འདྲ་མིན་གྱིས་འབྲེལ་བ་བྱེད་མཁན་སུ་ཡིས་ཤེས་རྟོགས་བྱུང་ཚེ་རྒྱ་གཞུང་ལ་རྩིས་སྤྲོད་ན་རྒྱ་སྒོར་ཁྲི་ ༢ ནས་ ༨ བར་གྱི་བྱ་དགའ་སྟེར་རྒྱུ་ཡིན་པའི་ཡིག་ཆ་སྦྱར་འགྲེམས་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༧ ཡས་མས་ཤིག་ལ་སྟོང་འཁོར་ལུ་གུ་དགོན་དུ་རྒྱ་དམར་ལས་དོན་རུ་ཁག་སླེབས་ཏེ་ཉེ་སྔོན་སྟོང་འཁོར་དགོན་གྱི་ཕྱག་མཛོད་ཁང་དུ་ཡོང་བ་བཞིན་ཡིག་ཆའི་ནང་དུ་ བྱབྱ ཉེ་སྔོན་མདོ་དབུས་ཁམས་གསུམ་གང་སར་བོད་མི་རྣམས་ཀྱིས་ཞི་རྒོལ་བྱས་པ་རྣམས་ྋགོང་ས་མཆོག་དང་རང་གཞུང་གིས་བརྒྱུད་སྐུལ་བྱས་པ་དང༌། བོད་རྒྱ་མི་རིགས་གཉིས་ནམ་ཡང་ཁ་བྲལ་ཐབས་མེད་པའི་མི་རིགས་གཅིག་ཡིན། བྱབྱ ཞེས་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆའི་སྟེང་དུ་ས་རྟགས་འགོད་དགོས་ཞེས་བཤད་འདུག་པར་བརྟེན། དང་ལེན་མ་བྱས་པས་དགོན་དེའི་མཁན་པོ་མཁས་དགའ་དང༌། དགོན་པའི་དབུ་འཛིན་དཀོན་མཆོག་རྒྱལ་མཚན། དགེ་སྐོས་བསོད་ནམས་བཀྲིས་བཅས་དགོན་པར་སྡོད་མ་ནུས་པར་བྲོས་བྱོལ་དུ་ཕྱིན་པ་ནས་ད་བར་དགོན་པར་ཕྱིར་ལོག་བྱ་མ་ཐུབ་པར་གང་སར་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག མ་ཚད་དགོན་དེར་ལོ་ཤས་སྔོན་ནས་ལས་འགུལ་འདྲ་མིན་སྤེལ་བར་ཐེངས་མང་སླེབས་རྐྱེན་གྱིས་དགེ་འདུན་པ་མང་ཆེ་ཤོས་དགོན་པར་སྡོད་མ་ནུས་པ་འབྲོག་སྡེ་ཁག་སོགས་གང་སར་ཕྱིན་སྟབས། དགོན་པའི་ཚོགས་ཆོས་སོགས་བྱེད་སྒོ་ཁག་ཚོགས་མ་ཐུབ་པ་དང་ཚོགས་མཁན་མེད་པའི་རྐྱེན་གྱིས་ད་བར་དགོན་པ་སྒོ་བརྒྱབས་ནས་བཞག་ཡོད་འདུག ༡༽ ལུ་གུ་དགོན་གྱི་མཁན་པོ་མཁས་དགའ་ནི། སྟོང་འཁོར་ཟླ་སྟོད་སྒོ་མོ་ཤང༌། རྡོ་ཐོ་གྲོང་ཚོ་ནས་ཡབ་ཚུལ་ཁྲིམས་བསྟན་འཛིན་དང༌། ཡུམ་ཨ་དགའ་གཉིས་སུ་སྐུ་འཁྲུངས་ཤིང༌། གོང་གསལ་བཞིན་བྲོས་བྱོལ་དུ་ཕྱིན་པ་ནས་ད་བར་དགོན་པར་ལོག་མ་ཐུབ་པ་གང་སར་ཡིབ་ནས་ཕེབས་དགོས་བྱུང་ཡོད་འདུག ༢༽ ལུ་གུ་དགོན་གྱི་འགན་འཛིན་དཀོན་མཆོག་རྒྱལ་མཚན་ནི། སྟོང་འཁོར་ཟླ་སྟོད་སྒོ་མོ་ཤང༌། འོ་ཟླ་གྲོང་ཚོ་ནས་ཕ་དབང་རྒྱལ་དང༌། མ་པདྨ་མཚོ་གཉིས་སུ་སྐུ་འཁྲུངས་ཤིང་གོང་གསལ་བཞིན་ད་བར་དགོན་པར་ཕྱིར་ལོག་བྱ་ཐུབ་མེད། ༣༽ དགེ་སྐོས་བསོད་ནམས་བཀྲིས་ནི། སྟོང་འཁོར་ཟླ་སྟོད་སྒོ་མོ་ཤང༌། རྡོ་ཐོ་གྲོང་ཚོ་ནས་མ་བདེ་ཆེན་སྒྲོན་མ་ལགས་སུ་སྐུ་འཁྲུངས་ཤིང་གོང་གསལ་བཞིན་ད་བར་དགོན་པར་ཕྱིར་ལོག་བྱ་ཐུབ་མེད།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༧ ཉིན་རྫ་དགོན་གསར་དགོན་གྱི་གཡས་གཡོན་དུ་བོད་རང་བཙན་ཡིན་ཞེས་སོགས་འཁོད་པའི་ཡི་གེ་མང་པོ་སྦྱར་བ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༠ ཉིན་བྲག་མགོ་རྫོང་དུ་རྒྱལ་གཅེས་ཆོས་གཅེས་སོགས་དོན་ཚན་ལྔ་དང་དོན་ཚན་གསུམ་གྱི་སློབ་གསོ་ཞེས་པའི་ཚོགས་འདུ་ཞིག་བསྐོང་འཚོགས་བྱས་འདུག། ཚོགས་འདུ་དེར་བྲག་མགོ་རྫོང་མངའ་ཁོངས་ཀྱི་དགོན་སྡེ་ཁག་ ༢༢ ཀྱི་འཐུས་མི་ཡོད་པ་དང༌། དེ་ཡང་དོན་ཚན་གསུམ་གྱི་གཏམ་བཤད་བྱས་པའི་དོན་ཚན་གསུམ་ནི། བྱབྱ ༡༽ ཁ་བྲལ་རིང་ལུགས་ལ་ངོ་རྒོལ་དགོས། ༢༽ གྲྭ་པ་གྲངས་ཚད་ངེས་ཅན་ལས་དགོན་པའི་ནང་སྡོད་མི་ཆོག་པར་ཕྱིར་ཕུད་དགོས། ༣༽ བསླབ་ཁྲིམས་ཀྱི་སྡོམ་པ་མི་སྲུང་མཁན་གྱི་གྲྭ་པའི་རིགས་ཡོད་ཚེ་དགོན་པའི་ནང་སྡོད་མི་ཆོག་པར་ཕྱིར་ཕུད་དགོས། ཞེས་སོགས་བཤད་འདུག་པ་དང༌། དེའི་ལན་དུ་བྲག་མགོ་དགོན་གྱི་འཐུས་མི་ནས་བཤད་དོན། བྱབྱ དོན་ཚན་གསུམ་པ་དེ་ཆོས་འདུལ་བའི་བཅའ་ཁྲིམས་དང་མཐུན་པས་ངས་ཀྱང་དང་ལེན་བྱེད་རྒྱུ་ཡིན། འོན་ཀྱང་དོན་ཚན་དང་པོ་གཉིས་ནམ་ཡང་ཁས་ལེན་བྱེད་མི་ཐུབ། གང་ཡིན་ཟེར་ན། ང་ཚོའི་ལག་ཏུ་སྤྲད་ཡོད་པའི་ཡིག་ཆ་འདིར་འཁོད་པ་ལྟར་ན་གྲྭ་པའི་གྲངས་ཚད་ཅེས་པ་བྲག་མགོ་དགོན་པ་ལྟ་བུ་ལ་ ༢༤༠ དང༌། བཙུན་དགོན་བསམ་གཏན་གླིང་ལ་ ༡༤༠ ཡིན་འདུག་པས། ང་ཚོ་བྲག་མགོ་དགོན་གྱི་གྲྭ་ ༢༤༠ ལས་གཞན་རྣམས་དགོན་པ་ནས་ཕྱིར་འབུུད་བྱ་དགོས་པའི་དོན་ཚན་དེ། གྲྭ་པ་སུས་ཀྱང་འདོད་བློ་དང་མི་མཐུན་པ་ཞིག་ཡིན་པར་མ་ཟད་ཕྱིར་འབུད་ཤེས་ཐབས་མེད། དཔེར་ན། དེང་སང་རྒྱལ་ཁབ་ལ་གཞུང་ཞབས་ལས་བྱེད་གྲངས་འབོར་མང་བ་ལས་ཉུང་མི་འདུག་པས་ལས་མི་ ༥༠ ཅན་གྱི་ལས་ཁུངས་རྣམས་ལ་ལས་མི་ ༣༠ ལས་གཞན་རྣམས་ལས་ཁུངས་ནས་ཕྱིར་འབུད་གཏོང་དགོས་བརྗོད་ན་ཁྱོད་ཚོས་དང་ལེན་བྱེད་ཐུབ་བམ། དཔེ་དེ་བཞིན་དུ་དགོན་པའི་གྲྭ་བཙུན་རྣམས་ཀྱིས་རང་གི་མངོན་འདོད་ཀྱི་ནང་ཆོས་སྒྲུབ་སའི་རྟེན་གཞི་ཡིན་པས། ཉེས་པ་གང་ཡང་མེད་བཞིན་དུ་འདི་ནས་ཕྱིར་འབུད་བྱ་དགོས་ཞེས་པ་དེ་བཙན་དབང་མིན་ན་ཅི་རེད། དེའི་ཕྱིར་ངས་ནམ་ཡང་ཁས་ལེན་ཐུབ་རྒྱུ་མེད་ལ་ཁས་ལེན་ཀྱང་མི་འོས། ཞེས་བཤད་འདུག་པ་དང༌། གཞན་ཡང་ བྱབྱ ངས་བསམ་ཚུལ་ལ་ཁྱོད་ཚོས་དགོན་པ་ནས་གྲྭ་བཙུན་ཕྱིར་འབུད་བྱེད་པ་དང༌། སློབ་གྲྭ་ཁག་ནང་བོད་ཡིག་གི་ཡིག་ཚད་ལོན་ཀྱང་གོང་རིམ་སློབ་གྲྭར་མི་བཏང་བ། བོད་ཡིག་ཤེས་ཚད་ཅན་ལ་ཚད་ལྡན་གྱི་ལས་བྱེད་མི་སྤྲོད་པ་སོགས་ལ་བལྟས་ན། བོད་ཡིག་ལ་མཐོང་ཆུང་དང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་བཀོད་ཇུས་ནག་པོ་གཏོང་གིན་འདུག་བསམ་པའི་ཚོར་སྣང་ཡོད་པར་མ་ཟད། འདི་བོད་མི་ཡོངས་རྫོགས་ཀྱི་སེམས་ནང་བཟོད་མི་ཐུབ་པའི་ན་ཟུག་ཅིག་ཀྱང་ཡིན་པས། ཁྱོད་ཚོས་དོན་ཚན་གསུམ་གྱི་ནང་དུ་ཡོད་པའི་ཁ་བྲལ་རིང་ལུགས་ཞེས་པ་དེ་ཁྱོད་རང་ཚོས་བཟོས་པ་མ་རེད་དམ། ཞེས་སོགས་བཤད་དེ་རྒྱ་གཞུང་ནས་བཏོན་པའི་དོན་ཚན་གཉིས་ཁས་ལེན་བྱས་མི་འདུག། དེ་བཞིན་རྦ་དག་བཙུན་དགོན་གྱི་འཐུས་མི་དང་དགོན་ཁག་གཞན་གྱི་འཐུས་མི་བཅས་ནས་ཀྱང་དེ་བཞིན་བཤད་དེ་ཁས་ལེན་བྱས་མི་འདུག་ནའང༌། བྲག་མགོ་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་དུ་སྐར་ལྔའི་དར་ཆ་བསྒྲེང་དགོས་པའི་བཀོད་ཇུས་རབས་དང་རིམ་པ་བཏང་ཡོད་འདུག ཡིན་ན་ཡང་འབྲེལ་ཡོད་རྣམ་པས་གལ་ཏེ་རྒྱ་དམར་ནས་དགོན་པའི་ཐོག་ཏུ་དར་ཆ་བཙུགས་ན་གྲྭ་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་ངེས་ཡིན་པར་མ་ཟད། མི་མང་གི་སེམས་ལ་ཕོག་ཐུག་ཆེན་པོར་གཏོང་ངེས་ཡིན་པས་ལུང་པ་ཁྲག་གིས་སྐྱོམ་པའི་གནས་ཚུལ་ཛ་དྲག་ཅན་དུ་འགྱུར་ན་དེའི་འགན་ཁྱོད་རང་ཚོས་ལེན་དགོས་པ་ལས་ང་ཚོས་རྩ་བ་ནས་འགན་ལེན་མི་ཐུབ་ཅེས་བཤད་པ་དང༌། གྲྭ་པ་ཚོས་ཀྱང་དེ་བཞིན་གལ་སྲིད་དར་ཆ་དེ་དགོན་པའི་ཐོག་ཏུ་བསྒྲེང་འཛུགས་བྱེད་དགོས་ཚེ་ང་ཚོས་སྲོག་བློས་གཏོང་དགོས་ཀྱང་དར་ཆ་མེར་བསྲེགས་གཏོང་ངེས་ཡིན་ལུགས་སོགས་བཤད་པ་བཅས་ལ་བརྟེན། བྲག་མགོ་དགོན་པའི་ནང་དུ་སྐར་ལྔའི་དར་ཆ་བཙུགས་ཐུབ་མེད་པར་མ་ཟད། བྲག་མགོ་རྫོང་གི་མངའ་འོག་གི་དགོན་སྡེ་སུ་ལ་ཡང་དེ་བཞིན་དུ་ལས་འགུལ་དེ་ལམ་ལྷོང་བྱུང་མི་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༢ ཉིན་སི་ཁྲོན་ཞིང་ཆེན་དར་རྩེ་མདོའི་ས་ཁུལ་དུ་དཀར་མཛེས་ཁུལ་རྫོང་ཁག་བཅོ་བརྒྱད་ཀྱི་དགོན་སྡེ་ཁག་གི་འགན་འཛིན་དང༌། ལས་ཁུངས་གནད་ཡོད་འགན་འཛིན་བཅས་ཆེད་བསྐོང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཚོགས་འདུ་ཚོགས་ཏེ། ཏཱ་ལའི་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་གྱི་དམ་འཇོག་དགོས་ལུགས་སོགས་གསལ་བསྒྲགས་དང༌། དཀར་མཛེས་ཁུལ་གྱི་ཐོག་མ་དགོན་ཁག ༤༣ ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་དགོས་པར་མ་ཟད། ད་ལམ་བོད་ནས་བྱུང་རྐྱེན་དེ་ཏྭ་ལའི་རུ་ཚོགས་ཀྱིས་ཇུས་བཀོད་བྱས་པ་ཡིན་པས་ཡིག་ཆའི་སྟེང་དུ་ས་རྟགས་འགོད་དགོས་ལུགས་གསལ་བསྒྲགས་བྱེད་སྐབས་སུ། ཚོགས་མི་རྣམས་ཀྱིས་དང་ལེན་མ་བྱས་པར་བརྟེན་སློབ་གསོའི་ལས་འགུལ་ལེགས་གྲུབ་མ་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༢ ཉིན་སྟོང་འཁོར་དུ་ཕྱི་ཟླ་ ༤ ཚེས་ ༣ ཉིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་སྐབས་དྲག་གནོན་བྱས་རྗེས་རི་སྒང་སོགས་ལ་བྲོས་བྱོལ་དུ་སོང་བའི་སེར་སྐྱ་མང་ཚོགས་མི་གྲངས་ ༣༠༠ ལྷག་ལ་རྒྱ་གཞུང་ནས་གཡོ་ཐབས་འདྲ་མིན་གྱིས་བརྡ་ཁྱབ་བཏང་སྟེ། ཉིན་ལྔའི་ནང་ཚུན་རི་ལས་བབས་ཏེ་འབྲེལ་ཡོད་ལས་ཁུངས་སུ་འབྱོར་ཐོ་འགོད་པར་སླེབས་ཚེ་སྔར་བཞིན་ཉེས་མེད་ཐོག་རང་གནས་སུ་སྡོད་ཆོག་པར་མ་ཟད། རྗེས་སུ་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་མི་སྤེལ་བ་དང༌། གལ་ཏེ་དེ་ལྟར་མ་བྱས་ཚེ་སྟོང་འཁོར་དགོན་པ་གཏོར་བཤིག་གཏོང་རྒྱུ་ཡིན་ཞེས་གང་སར་ཁྱབ་བསྒྲགས་བྱས་པར་བརྟེན། དགེ་འདུན་པ་དང་མི་སྐྱ་བཅས་མི་ཉུང་བ་ཞིག་ཕྱིར་ལོག་བྱས་འདུག་ནའང་རྗེས་སུ་རིམ་པས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་དང༌། རྒྱ་གཞུང་གིས་གཡོ་ཐབས་ཡིན་པ་སོགས་ཤེས་རྟོགས་བྱུང་སྟེ་སེར་སྐྱ་མི་ཉུང་བ་ཞིག་ཕྱིར་ལོག་མ་བྱས་པར་དུས་ད་ལྟར་ཡང་གང་སར་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༤ ཉིན་ལྷ་སར་སེ་རྭའི་དགོན་དུ་སློབ་གཉེར་ལ་གནང་བཞིན་པ་སྟོང་འཁོར་སྙི་ཁོག་འབོལ་ཆེན་དགོན་གྱི་སྤྲུལ་སྐུ་བློ་བཟང་སྐལ་ལྡན་དང༌། སྙི་ཁོག་དར་རྒྱས་གླིང་དགོན་གྱི་གྲྭ་བློ་བཟང་དངོས་གྲུབ། ཐུབ་བསྟན་དངོས་གྲུབ་བཅས་རང་ཤག་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག་པ་དང༌། ཁོང་རྣམས་འཛིན་བཟུང་བྱ་དོན་ནི་ཉེ་སྔོན་ཕྱི་ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་སོགས་སུ་ཞི་རྒོལ་ནང་དུ་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཡིན་འདུག་ཅིང༌། འཛིན་བཟུང་བྱས་པ་ནས་བཟུང་དུས་ཡུན་ཙམ་གྱི་རིང་བཙོན་འོག་ཏུ་ཉེས་རྡུང་སོགས་སྡུག་སྦྱོར་མནར་གཅོད་ཚད་ལས་བརྒལ་བ་མྱོང་དགོས་བྱུང་མཐར། རྒས་འཁོགས་རང་ལོ་ ༧༠ ནས་གྲྭ་ཆུང་རང་ལོ་ ༡༤ བར་གྱི་དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཙམ་དང་མཉམ་དུ་གློད་གྲོལ་ཐོབ་འདུག་ནའང་ཕ་ཡུལ་ཕྱོགས་སུ་ཕྱིར་ལོག་བྱེད་དགོས་པ་ལས། མུ་མཐུད་དེ་སེ་རྭ་དགོན་དུ་སློབ་གཉེར་བྱས་ནས་སྡོད་མི་ཆོག་པ་བཟོས་པར་མ་ཚད་དགོན་པ་གཞན་དུ་ཡང་འཛུལ་ཞུགས་བྱ་མི་ཆོག་པ་བཟོས་ཡོད་འདུག དེ་བཞིན་ཁོང་གཉིས་ཀྱི་གཞི་དགོན་སྟོང་འཁོར་སྙི་ཁོག་དར་རྒྱས་གླིང་དགོན་ལྟ་བུར་ཆ་མཚོན་ན་ཡང༌། ས་གནས་གཞན་དང་གཅིག་མཚུངས་ཀྱི་སུམ་ཅུས་དུས་དྲན་ནས་བཟུང་རྒྱ་དམག་འབོར་ཆེན་སླེབས་ཏེ་དམ་བསྒྲགས་ཤུགས་ཆེར་བྱས་པ་དང༌། རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་མིང་བསྙད་དེ་ལས་འགུལ་འདྲ་མིན་སྤེལ་རྩིས་བྱེད་སྐབས། དགོན་པའི་བླ་གྲྭ་ཡོངས་ནས་བསམ་པ་གཅིག་མཐུན་གྱིས་ངོས་ལེན་བྱ་རྒྱུ་མིན་པའི་དམ་འཇོག་བྱས་པ་མ་ཚད། གལ་ཏེ་རྒྱ་གཞུང་ནས་བཙན་ཤེད་བྱས་ཚེ་བླ་གྲྭ་ཡོངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུའི་གྲ་སྒྲིག་གནང་ཡོད་འདུག་ཅིང༌། དེ་རྗེས་རྒྱ་གཞུང་ནས་ཚོགས་འདུ་ཐེངས་འགའ་ཤས་འཚོགས་ཀྱང་དགོན་པའི་དབུ་འཛིན་དང་ལས་བྱེད་གྲྭ་མང་བཅས་གཅིག་ཀྱང་ཚོགས་འདུ་དེར་མ་སླེབས་པར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག་པ་དང༌། སྐབས་དེར་དགོན་པའི་ལས་བྱེད་འགའ་ཤས་དང་གྲྭ་བ་རེ་ཟུང་གིས་ཚོགས་འདུ་དེར་ྋགོང་ས་མཆོག་ལ་ངོ་རྒོལ་གྱི་ས་རྟགས་རྒྱག་དགོས་པར་དོགས་ནས་ཟླ་ཤས་རིང་ས་ཕྱོགས་གཞན་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་འདུག ༡༽ སྙི་ཁོག་འབོལ་ཆེན་དགོན་གྱི་སྤྲུལ་སྐུ་བློ་བཟང་སྐལ་ལྡན་ནི། སྟོང་འཁོར་སྙི་ཁོག་ཤང༌། ཟིལ་མདའ་གྲོང་ཚོ་ནས་ཡབ་ཚེ་བརྟན་དང༌། ཡུམ་བདེ་རྩི་འབོས་རེས་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐུ་འཁྲུངས་ཤིང་ད་སྐབས་དགུང་ལོ་ ༢༧ ཡིན་པ་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཚེས་ ༡༠ ཡས་མས་སུ་ལྷ་སའི་ཞི་རྒོལ་ཆེན་མོར་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ཏེ། གོང་གསལ་བཞིན་ཟླ་བ་བདུན་མ་ཟིན་ཙམ་གྱི་རིང་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་མཐར་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༡ ཉིན་ལྷ་སའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་ཀྱང་ད་སྐབས་དགོན་པར་སྡོད་མི་ཆོག་པ་བཟོས་ཏེ་ཕྱིར་འབུད་བྱས་ཡོད་འདུག ༢༽ སྙི་ཁོག་དར་རྒྱས་གླིང་དགོན་གྱི་གྲྭ་བློ་བཟང་དངོས་གྲུབ་ནི། སྟོང་འཁོར་སྙི་ཁོག་ཤང༌། སྲམ་ཆེན་གྲོང་ཚོ་ནས་ཕ་དབྱངས་སྐྱབས་དང༌། མ་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་པ་དང༌། གོང་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་མ་ཟིན་ཙམ་གྱི་རིང་བཙོན་དུ་བཀག་ཉར་གྱིས་སྡུག་སྦྱོར་གཉའ་གནོན་ཚད་མེད་མྱོང་དགོས་བྱུང་མཐར། ལྷ་ས་རང་ནས་གློད་གྲོལ་ཐོབ་ནའང་ད་སྐབས་དགོན་པ་ནས་ཕྱིར་འབུད་བྱས་ཏེ་དགོན་པར་སྡོད་མི་ཆོག་པ་བཟོས་ཡོད་འདུག ༣༽ སྙི་ཁོག་དར་རྒྱས་གླིང་དགོན་གྱི་གྲྭ་ཐུབ་བསྟན་དངོས་གྲུབ་ནི། སྟོང་འཁོར་སྙི་ཁོག་ཤང༌། སྲམ་ཆེན་གྲོང་ཚོ་ནས་ཕ་དབང་ཕྱུག་དང༌། མ་ཞེས་གཅེས་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་པ་དང༌། གོང་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་མ་ཟིན་ཙམ་གྱི་རིང་བཙོན་དུ་བཀག་ཉར་གྱིས་སྡུག་སྦྱོར་གཉའ་གནོན་ཚད་མེད་མྱོང་དགོས་བྱུང་མཐར། ལྷ་ས་རང་ནས་གློད་གྲོལ་ཐོབ་ནའང་དགོན་པ་ནས་ཕྱིར་འབུད་བཏང་སྟེ་དགོན་པར་བསྡོད་མི་ཆོག་པ་བཟོས་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༤ ཉིན་སྟོང་འཁོར་ཉ་ཁྲི་ཚང་གི་གྲྭ་ཡོན་ཏན་ལྷུན་འགྲུབ་ཟེར་བ་ཞིག་དཀར་མཛེས་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པ་དང༌། ཁོང་འཛིན་བཟུང་བྱེད་དོན་ནི། ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༣ ཉིན་གྱི་སྟོང་འཁོར་ཞི་རྒོལ་ཆེན་མོའི་གཙོ་གྲས་ཀྱིས་ཞི་རྒོལ་བྱས་རྐྱེན་གྱིས་ཡིན་འདུག འཛིན་བཟུང་བྱས་རྗེས་ཁོང་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་ནས་མུ་མཐུད་བཙོན་འོག་ཏུ་བཀག་ཉར་བྱེད་མུས་ཡིན་འདུག་པ་དང༌། དེ་རྗེས་ནང་མི་ལ་དུས་ཡུན་སྐར་མ་ལྔ་ཙམ་གྱི་རིང་ངོ་ཐུག་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་འདུག ཁོང་ནི་སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཉ་ཁྲི་གྲོང་ཚོ་ནས་ཉ་ཁྲི་ཚང་གི་ཕ་བསོད་ནམས་མཆོག་ལྡན་དང༌། མ་སྒྲོན་མ་ཚེ་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༧ ཉིན་བྲག་མགོ་ནས་མི་སྐྱ་རིན་ཆེན་བཟང་པོ་ཡིས། རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་མཁན་གྱི་མི་སྣ་རྣམས་ལ་ཁ་རྡུང་བཏང་བར་བརྟེན། རྒྱ་དམར་ནས་རྡུང་རྡེག་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་པ་དང༌། མ་ཟད་ཁོང་གིས་བཙོན་ཁང་ནང་དུའང་ བྱབྱ བོད་ལ་རང་དབང་དགོས། བོད་མི་རྣམས་ཀྱི་རང་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པའི་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་གྱི་ངོ་རྒོལ་ནམ་ཡང་བྱ་མི་ཐུབ། ྋརྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཀྱི་ཡོད། བོད་ལ་ཆོས་དད་རང་དབང་དགོས། ཞེས་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་ཚད་ལས་བརྒལ་བའི་གཅར་རྡུང་བཏང་ནས་ཤི་ཉེན་ལ་ཐུག་སྐབས་སྨན་ཁང་དུ་བསྐྱལ་འདུག་པ་དང༌། དེ་རྗེས་སླར་ཡང་བཙོན་ཁང་དུ་ཁྲིད་དེ་བཀག་ཉར་བྱས་ཡོད་འདུག་ལ་ཁོང་ནི་བྲག་མགོ་ལུ་ཁོག་མའི་གྲོང་སྡེ་ནས་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༩ ཉིན་རྟའུ་ཅོང་གཞི་གྲོང་ཚོ་ནས་མི་སྐྱ་ཉི་མ་གྲགས་པ་དང༌། བཀྲིས་དབང་ཕྱུག་གཉིས་ཀྱིས་ཁ་པར་བརྒྱུད་དེ་ཧོང་ཀོང་གསར་འགོད་པ་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ཉི་མ་གྲགས་པ་ཉིན་དེ་རང་ལ་འཛིན་བཟུང་བྱས་པ་དང༌། བཀྲིས་དབང་ཕྱུག་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་བྱུང༌། ༡༽ ཉི་མ་གྲགས་པ་ནི། རྟའུ་མ་ཟུར་ཤང༌། ཅོང་གཞི་གྲོང་ཚོ་ནས་ཕ་ཚེ་འདས་གཟི་པ་དང༌། མ་ཚེ་འདས་ཀུན་བཟང་གཉིས་སུ་སྐྱེས་ཤིང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ད་ལྟའི་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག་པ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༨ ཉིན་གོ་ཐོས་བྱུང་བར་གཞིགས་ན། ཁོང་དང་ཚེ་དབང་རིག་འཛིན། སྦྱིན་པ་ཟེར་བའི་དགེ་འདུན་པ་ཞིག་བཅས་མཉམ་དུ་དར་རྩེ་མདོའི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་འདུག ༢༽ བཀྲིས་དབང་ཕྱུག་ནི། རྟའུ་མ་ཟུར་ཤང་ཅོང་གཞི་གྲོང་ནས་ཕ་ཚེ་འདས་ཉི་ཆེན་དང༌། མ་ནོར་སྲས་གཉིས་སུ་ཕྱི་ལོ་ ༡༩༧༡ ལོར་སྐྱེས་ཤིང་ད་སྐབས་རངལོ་ ༣༨ ཡིན་འདུག་ལ། ཁོང་གོང་གསལ་བཞིན་ཉི་མ་གྲགས་པ་དང་མཉམ་ཕྱི་རྒྱལ་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ཕྱི་ཟླ་ ༤ པའི་ནང་ཉེན་རྟོག་པ་འཛིན་བཟུང་བྱེད་དུ་སླེབས་མཚམས་སུ་རི་ལ་བྲོས་བྱོལ་དུ་ཕྱིན་པ་ནས་ད་བར་གར་སོང་ཆ་མེད་ཆགས་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༩ ཉིན་ཏྲེ་བོ་ལྕོག་རི་ཁུལ་དགོན་འཛུལ་འབྲོག་སྡེ་ནས་མི་སྐྱ་ཡེ་ཤེས་ཟེར་བ་ཞིག་རྒྱ་དམར་ནས་འཛིན་བཟུང་བྱས་འདུག་པ་དང༌། ཁོང་འཛིན་བཟུང་བྱེད་དོན་ནི། ཉེ་སྔོན་དགོན་འཛུལ་འབྲོག་སྡེ་རུ་རྒྱ་གཞུང་ནས་ྋགོང་ས་མཆོག་ལ་མཚན་དམོད་དང༌། ཁ་བྲལ་རིང་ལུགས་པ་ལ་ངོ་རྒོལ་བྱ་དགོས་པའི་གཏམ་བཤད་སྤེལ་སྐབས། ཁོང་གི་ཨ་མ་ཚེ་བློས་རྣམ་འགྱུར་ཡག་པོ་མ་བསྟན་པར་བརྟེན་དཔོན་རིགས་ཤིག་གིས་ཨ་མ་ལ་ཉེས་ཆད་གཏོང་སྐབས། ཁོང་གིས་ཨ་མ་རྒས་འཁོགས་རེད། ཉེས་རྡུང་མ་གཏོང་རོགས་ཞེས་ཞུ་བ་བྱས་ཀྱང་ཉན་འཇོག་མ་བྱས་སྟབས། ཡེ་ཤེས་ཁོང་ཁྲོ་ལངས་ཏེ་ཧྲུའུ་ལ་ད་ཁྱེད་ལ་འདི་སྦྱིན་ཞེས་གྲིས་བཙུགས་ཏེ་བྲོས་བྱོལ་དུ་ཕྱིན་རྗེས་གོང་ཚེས་ཉིན་འཛིན་བཟུང་བྱས་པ་ཞིག་རེད་འདུག དུས་དེ་ནས་བཟུང་ད་བར་བཙོན་དུ་བཀག་ཉར་བྱེད་མུས་ཡིན་ཡང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་མེད་སོགས་གང་ཡང་ཤེས་རྟོགས་མ་བྱུང༌། ཁོང་ནི་ཏྲེ་བོ་ལྕོག་རི་ཁུལ་དགོན་འཛུལ་ཤང༌། དགོན་འཛུལ་འབྲོག་སྡེ་ནས་ཕ་དཔལ་འབྱོར་དང༌། མ་ཚངས་བློ་གཉིས་སུ་ཕྱི་ལོ་ ༡༩༨༥ ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༩ ཉིན་དཀར་མཛེས་ཤེས་རབ་དབྱངས་མཚོ་སྨྱོན་པ་ལྟ་བུ་གྱུར་ནས་ནད་གཞི་ཞིག་ཕོག་སྟེ་འདས་གྲོངས་སུ་ཕྱིན་འདུག་པ་དང༌། ཁོང་དེ་སྔར་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ཁོང་གི་བཟའ་ཟླ་གུ་རུ་རྡོ་རྗེ་ལ་རྒྱ་གཞུང་ནས་ཉེས་འཛུགས་འདྲ་མིན་བྱས་ཏེ་འཛིན་བཟུང་བྱེད་སྐབས་དྲན་པ་འཐོར་ནས་ས་ལ་རིལ་བ་ནས་བཟུང་དྲག་སྐྱེད་མ་བྱུང་བར་ན་ཚ་ཇེ་སྡུག་ཏུ་ཕྱིན་འདུག་པ་དང༌། དེ་རྗེས་རྫོང་གི་འབྲེལ་ཡོད་ཚན་པར་གུ་རུ་རྡོ་རྗེར་ཐེངས་གཅིག་ཐུག་འཕྲད་ཡོང་བའི་རེ་བ་ཐེངས་མང་བཏོན་ཀྱང་ཐུག་འཕྲད་བྱེད་མ་བཅུག་པར་མཐར་བློ་ཕམ་ཚད་མེད་ངང་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། མོ་ནི་དཀར་མཛེས་ཀཿབྲག་ཤང༌། གྲུ་ཁང་སྟེང་གྲོང་ཚོ་ནས་ཕ་རྡོ་རྗེ་མཁའ་འགྲོ་དང༌། མ་བྱམས་པ་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༦༦ ལོར་སྐྱེས་ཤིང་འདས་གྲོངས་སྐབས་རང་ལོ་ ༤༣ ཡིན་འདུག་ཅིང༌། ད་ཆར་ཕྲུ་གུ་ཆུང་ཆུང་གཉིས་ཡ་ང་བའི་ངང་དུ་ལུས་ཤིང༌། གནས་ཚུལ་འདི་འདྲ་བའི་རྐྱེན་ལས་རྒྱ་གཞུང་ནས་བོད་མི་མང་ལ་སེམས་ཀྱི་རྨ་ཁ་གསོ་མི་ནུས་པའི་བག་ཆགས་གྲངས་ལས་འདས་པ་བཞག་ཡོད་དོ།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༢ ཉིན་སླར་ཡང་ལྕོག་རི་ས་གནས་ཀྱི་གྲོང་སྡེ་ཁག་ཏུ་རྫོང་འབྲེལ་ཡོད་ལས་ཁུངས་ནས་ལས་བྱེད་མང་དག་ཅིག་ཡོང་སྟེ་ཤོག་བུ་སྟོང་པའི་སྟེང་དུ་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འདུག་པ་དང༌། གལ་ཏེ་ཤོག་བུ་དེའི་སྟེང་དུ་ས་རྟགས་བཀོད་ཚེ་ཕྲུ་གུ་སློབ་ཡོན་སྤྲོད་དགོས་རིགས་ལ་རྒྱ་གཞུང་ནས་རོགས་རམ་དང་དངུལ་སྤྲོད་རྒྱུ་ཡིན་ལུགས་སོགས་བཤད་དེ། ཐབས་ཤེས་སྣ་ཚོགས་བརྒྱུད་ནས་མང་ཚོགས་རྣམས་མགོ་སྐོར་གཏོང་རྩིས་བྱས་ཀྱང་ལས་དོན་དེ་ལེགས་གྲུབ་མ་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༣ ཉིན་དཀར་མཛེས་བྲག་དཀར་དགོན་གྱི་བཙུན་མ་ལྷ་དགའ་དང༌། བསོད་ནམས་བདེ་སྐྱིད་གཉིས་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ཏེ་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱིས་སྐད་འབོད་ཤུགས་ཆེར་བྱས་པ་དང༌། བོད་རང་བཙན་ཡིན་ཟེར་བ་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆ་མང་པོ་འགྲེམས་གཏོར་བྱེད་སྐབས་སུ། དྲག་ཆས་ཉེན་རྟོག་པ་དང་དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ། མཐར་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༣ ནས་ ༤ བར་གྱི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་༼ལམ་ཆཱ་ཡས༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག ༡༽ བཙུན་མ་ལྷ་དགའ་འམ་༼ལྷ་མོ་ཆོས་མཚོ༽ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གསེར་ཆུ་སྟེང་གྲོང་ཚོ་༼ཤང་ལམ་སྒང་༽ཚང་གི་ཕ་ཚེ་འདས་དངོས་གྲུབ་ཕུན་ཚོགས་དང༌། མ་ཚེ་འདས་བཀྲ་ལུ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། གོང་འཁོད་ལྟར་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་མོ་ལ་དུས་བཀག་བཙོན་འཇུག་ལོ་ ༤ ཁྲིམས་ཐག་བཅད་དེ་༼ལམ་ཆཱ་ཡས་༽ཟེར་བའི་རྒྱ་ནག་ཕྱོགས་ཀྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག ༢༽ བཙུན་མ་བསོད་ནམས་བདེ་སྐྱིད་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། རྫོང་གྲོང་ནས་ཕ་བློ་བཟང་དང༌། མ་རིན་ཆེན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུག་པ་དང༌། གོང་འཁོད་ལྟར་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་མོ་ལ་དུས་བཀག་བཙོན་འཇུག་ལོ་ ༤ ཁྲིམས་ཐག་བཅད་དེ་༼ལམ་ཆཱ་ཡས་༽ཟེར་བའི་རྒྱ་ནག་ཕྱོགས་ཀྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་འདུག མོའི་ཕ་མ་གཅིག་པའི་གཅེན་མོ་དབྱངས་ཅན་མཁའ་འགྲོ་ལ་ཡང་རྒྱ་གཞུང་ནས་ཕྱི་རྒྱལ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་ཀྱི་ཉེས་མིང་འོག ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༩ ཉིན་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་བཙོན་འོག་ཏུ་སྡུག་སྦྱོར་གཉའ་གནོན་ཚད་མེད་མྱོང་དགོས་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༤ ཉིན་སྟོང་འཁོར་ཉ་ཁྲི་གྲོང་ནས་ཉ་ཁྲི་ཚང་གི་པདྨ་རྣམ་རྒྱལ་ལ་རྒྱ་གཞུང་ནས་ཉེ་སྔོན་ ༢༠༠༨ ཕྱི་ཟླ་ ༤ ཚེས་ ༣ ཉིན་གྱི་སྟོང་འཁོར་ཞི་རྒོལ་ཆེན་མོ་བའི་གཙོ་གྲས་ཡིན་པར་བསྙད་འདོགས་བྱས་ཏེ་རང་ཁྱིམ་ནས་འཛིན་བཟུང་བྱས་པ་ནས། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༤ ཉིན་བར་ལོ་གཅིག་དང་ཕྱེད་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་ཡོད་འདུག་པ་དང༌། ཁོང་ནི་སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། འབྲུ་ཡག་གྲོང་དུ་ཕ་ཚེ་འདས་དཔལ་ཆེན་དང༌། མ་རིན་ཆེན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༦༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༤ ཡིན་འདུག་ལ་ཕྱིས་སུ་ཉ་ཁྲི་གྲོང་དུ་མག་པ་ཡོང་བ་ཞིག་ཡིན་འདུག ཁོང་གི་ནང་མི་གཅིག་པའི་གྲྭ་ཡོན་ཏན་ལྷུན་གྲུབ་ཡང་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་རྐྱེན་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་འཛིན་བཟུང་བྱས་ཏེ་ཟླ་ཤས་རྗེས་སུ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༤ ཉིན་ཉག་སྟོད་ཞི་བ་དགོན་དུ་རྒྱ་མིའི་ལས་དོན་རུ་ཁག་སླེབས་ཏེ་ཁ་སྔོན་སྐད་འབོད་བྱེད་མཁན་གྱི་མི་སུ་ཡིན་རྩད་གཅོད་དང༌། དགོན་པའི་སྟེང་དུ་རྒྱ་མིའི་དར་དམར་བསྒྲེང་འཛུགས་བྱེད་དགོས་པས་དེའི་འགན་གཙོ་བོ་གྲྭ་པ་རྒན་པ་གསུམ་གྱི་འཁུར་དགོས་སྐོར་གྱི་བཙན་བཀའ་གཏོང་སྐབས། གྲྭ་མང་ནས་མི་རྩིས་སྤྲོད་དང་བཙན་བཀའ་དང་ལེན་མ་བྱས་པར་རྒྱ་གཞུང་ལ་ཞི་རྒོལ་གྱི་འབོད་ཚིག་བསྒྲོགས་པའི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ ༤ ཚེས་༢༦ ཉིན་ཁ་པར་བརྒྱུད་ནས་གནས་ཚུལ་གོ་གསལ་ལྟར་ན། ཉེ་སྔོན་བཙོན་ནས་གློད་གྲོལ་ཐོབ་པའི་ཏྲེ་བོ་ངང་སྒང་བཙུན་དགོན་དང༌། མཁར་གསུམ་བཙུན་དགོན་གྱི་བཙུན་མ་རྣམས་མགྱོགས་མྱུར་དགོན་པར་འབྱོར་དགོས་པར་མ་ཟད། བཙུན་དགོན་ཁག་གཉིས་ཀྱི་ནང་དུ་རིག་གནས་གསར་བརྗེ་སྐབས་བཞིན་རྒྱ་སྐད་དུ་༼བྱང་ཤིང་པ་༽ཟེར་བ་འཛུགས་རྒྱུ་ཡིན་ཞེས་བསྒྲགས་གཏམ་སྤེལ་ཡོད་འདུག་པ་དང༌། དེ་རྗེས་༼བྱང་ཤིང་པ་༽ཟེར་བའི་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་སྐབས་སུ་རྒས་འཁོགས་ཁ་ཤས་མ་གཏོགས་གཞན་ཡོང་མཁན་རག་མི་འདུག་ལ། བཙོན་ནས་གློད་གྲོལ་ཐོབ་པའི་བཙུན་མ་རྣམས་ཀྱིས་དགོན་པའི་ནང་དུ་འཛོམས་དགོས་པའི་བཀའ་རྒྱལ་ཉན་འཇོག་མ་བྱས་པར་བརྟེན། དེ་ནས་བཟུང་གཞུང་གི་བཀོད་སྒྲིག་མ་བྱུང་བར་མི་སུ་ཡིན་རུང་དགོན་པ་ནང་དུ་འདུ་འཛོམས་བྱ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་པ་དང༌། སྐབས་དེར་བཙོན་འོག་ཏུ་བཀག་ཉར་བྱས་པའི་བཙུན་མ་གྲངས་ ༡༧ ལ་ཁ་བྲལ་རིང་ལུགས་ཀྱི་བྲན་གཡོག་དང༌། མེས་རྒྱལ་གཏོར་བཤིག་གཏོང་མཁན་སོགས་ཀྱི་མིང་ངན་སྣ་ཚོགས་བསྙད་དེ་ཁོང་རྣམས་ཀྱི་འདྲ་པར་དང་བཅས་རྫོང་གསར་འགྱུར་བརྙན་འཕྲིན་ཐོག་བསྟན་པ་སོགས་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༧ ཉིན་རྫ་དགོན་གསར་དགོན་གྱི་དགེ་རྒན་བློ་བཟང་དོན་ཡོད་དང༌། ཁྲི་ཟུར་བཀྲ་ཤིས་རྒྱ་མཚོ་༼བཀྲ་རྒྱལ༽། དབུ་མཛད་བསམ་འཕེལ་བཅས་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག་པ་དང༌། སྐབས་དེར་གྲོང་མི་རྣམས་ཀྱིས་བཀག་འགོག་བྱས་ཀྱང་དྲག་ཆས་དམག་མིས་མེ་མདའ་བརྒྱབས་ཏེ་སྡིག་ར་སྐུལ་བཞིན་བཙན་ཁྲིད་བྱས་འདུག དེར་བརྟེན་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་གྲོང་སྡེ་སོ་སོའི་མགོ་དཔོན་རྣམས་ཀྱིས་འབྲེལ་ཡོད་ཚན་པར་ཁོང་རྣམས་འཇུ་བཟུང་བྱེད་དགོས་དོན་མེད་པས་གློད་བཀྲོལ་གཏོང་དགོས་ལུགས་སོགས་ཀྱི་ཞུ་བ་ཐེངས་གཉིས་བྱས་ཀྱང་ཉན་འཇོག་མ་བྱས་སྟབས། ཉིན་རྒྱབ་ཚོུད་ ༥ ཙམ་ལ་མི་མང་གིས་ཕྱོགས་གསུམ་ནས་ཤང་དུ་ཞི་བའི་ངོ་རྒོལ་སྤེལ་བར་ཕྱིན་ཀྱང་དྲག་ཆས་དམག་མི་དང་ཉེན་རྟོག་པས་ཕྱོགས་བཞི་ནས་བཙན་པོ་དབང་ཡོད་ཀྱིས་བོད་མི་ལ་བརྙས་བཅོས་ཚད་མེད་བཏང་འདུག་པ་དང༌། མི་མང་ནས་ཞི་རྒོལ་གྱིས་ བྱབྱ འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས། ཞེས་སོགས་ཀྱི་སྐད་འབོད་བྱས་ཡོད་འདུག། ཉིན་དེའི་མཚན་མོའི་ཕྱག་ཚོད་ ༡ ཙམ་ལ་རྒྱ་དམག་རླངས་འཁོར་ཆེ་བ་གྲངས་བཅུ་གསུམ་དང་ཆུང་བ་འགའི་ནང་རྫོང་གི་ལས་བྱེད་མཐོ་གྲས་རྣམས་སླེབས་ཏེ་དགོན་པའི་ལས་སྣེ་རྣམས་འབོད་འགུག་ཐོག་རང་བཙན་སྐོར་གྱི་ཡིག་ཆ་བཀྲམ་པ་དང༌། ས་ཡིག་བརྒྱབ་མ་བཅུག་པའི་ཉེས་པ་གཙོ་བོ་གོང་གསལ་གྲྭ་པ་གསུམ་གྱིས་བྱས་ཤིང༌། ད་དུང་མི་གཞན་ཡང་རིམ་བཞིན་འཛིན་བཟུང་བྱ་རྒྱུར་ལྷག་ཡོད་པར་མ་ཟད། སྡེ་དགེ་རྫོང་ལ་དགོན་ཁག་ ༥༤ ཡོད་པ་ནས་ཉེས་པ་ཆེ་ཤོས་དེ་ཁྱོད་ཚོའི་དགོན་པས་བྱས་པ་དང༌། ད་ནས་བཟུང་སྐྱ་སེར་སུས་ཀྱང་སྒེར་ལངས་བྱེད་མི་ཆོག། གལ་ཏེ་ཚད་ལས་བརྒལ་ཚེ་དྲག་གནོན་བྱ་རྒྱུ་མ་ཟད་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་ས་ཡིག་མ་བརྒྱབ་ན་དགོན་པ་སྒོ་བརྒྱག་རྒྱུ་ཡིན་ཚུལ་སོགས་ཀྱི་སྡིག་ར་སྣ་ཚོགས་སྐུལ་འདུག ཡིན་ནའང་དགེ་འདུན་པ་ཚོས་སྒོ་བརྒྱབས་ཀྱང་ས་ཡིག་མི་རྒྱག་ཐག་གཅོད་ཡིན་ཞེས་ལན་འདེབས་བྱས་འདུག། བསམ་འཆར་བསྡུ་ལེན་སྐབས་མཁན་པོས་ངས་ཆབ་སྲིད་སོགས་མང་པོ་མི་ཤེས་ཀྱང༌། རྒྱ་དམག་གིས་དྲག་གནོན་བྱས་པ་དེ་ནི་ཧ་ཅང་ཐབས་སྡུག་དང་མི་འོས་མི་འཚམ་པའི་བྱ་བ་ཞིག་རེད་ཅེས་གསུངས་འདུག། སྐབས་དེར་དགོན་པ་དང་གྲོང་སྡེ་སོ་སོའི་བར་གྱི་འགྲོ་ལམ་རྣམས་དམག་མིས་བཀག་འགོག་ཤུགས་ཆེར་བྱས་སྟབས། ཕར་ཚུར་འགྲོ་དགོས་བྱུང་ཚེ་འབྲེལ་ཡོད་ཚན་པ་ནས་དགོངས་ཤོག་འདྲ་བོ་ལེན་དགོས་ཀྱི་ཡོད་འདུག ཚེས་ ༣༠ ཉིན་གྱི་ཞོགས་པར་རྒྱ་གཞུང་གིས་ཁ་བྲལ་རིང་ལུགས་པ་ལ་སྐྱོན་བརྗོད་ཀྱི་ས་རྟགས་སྡུད་བྱེད་ཀྱི་འགེངས་ཤོག་ཅིག་སྤྲད་ནས་འགེངས་ཤོག་དེར་འདྲ་པར་གཉིས་རེ་ལྷན་སྦྱར་དགོས་པ་དང༌། སོ་སོའི་འདྲ་པར་མེད་ན་དགོན་པ་སྒོ་བརྒྱག་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡང༌། ཕྱག་ཚོད་ ༡༠ པའི་ཐོག་དགེ་འདུན་པ་ཚང་མས་ཚོགས་འདུ་འཚོགས་ཏེ། རྒྱལ་པོ་སྐུ་ལྔའི་མདུན་ནས་མི་སུ་གཅིག་གིས་ཀྱང་འགེངས་ཤོག་དེར་ས་ཡིག་མི་རྒྱག་རྒྱུའི་མནའ་སྐྱེལ་དམ་འབུལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག རྒྱ་གཞུང་ནས་ཁོང་རྣམས་འཛིན་བཟུང་བྱ་དོན་ནི། གོང་གསལ་བཞིན་རྫ་དགོན་གསར་དགོན་གྱི་ཉེ་འགྲམ་དུ་སུམ་བཅུའི་དུས་དྲན་ནས་བཟུང་རྒྱ་དམག ༤༠༠ ཙམ་གཏན་སྡོད་ཀྱིས་ཡུལ་མི་ཚོའི་ས་ནས་བུད་ཤིང་ཕྲོགས་ཤིང་བུད་ཤིང་རྫོགས་ཚེ། ཁང་པ་བཤིགས་ནས་ཁང་ཤིང་སྤྲོད་དགོས་པའི་བཙན་བཀའ་དང༌། ཞིང་ཁའི་ནང་བཙན་ཤེད་ཀྱིས་དམག་མི་ཚོས་སྔོ་ཚལ་འདེབས་བཞིན་ཡོད། མ་ཟད་ཉིན་ལྔ་ཙམ་རིང་དགོན་པ་ནས་དགེ་འདུན་པ་རྣམས་ཕྱིར་འབུད་བཏང་བ་སོགས་བྱས་རྗེས། རྫ་བར་མ་ཤང་དུ་ཉིན་གསུམ་རིང་བོད་རང་བཙན་གཙང་མ་ཡིན་པའི་ཡིག་ཆ་བཀྲམ་ཞིང་བོད་ཀྱི་རྒྱལ་དར་ཞིག་ཀྱང་སྒྲེང་འཛུགས་བྱས་ཡོད་འདུག དེ་རྗེས་རྒྱ་དམར་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ལ་བསྙད་དེ་ྋགོང་ས་མཆོག་གིས་དབུས་རང་གཞུང་ལ་མཚན་སྨད་ཞུ་དགོས་སྐོར་གྱི་སློབ་གསོ་བྱེད་སྐབས་ཀུན་གྱིས་ཁ་གཅིག་གྲགས་ཀྱིས། ྋརྒྱལ་བ་རིན་པོ་ཆེ་མཆོག་ལ་ཁ་བྲལ་རིང་ལུགས་པ་སོགས་ཀྱི་མཚན་སྨད་ནམ་ཡང་མི་ཞུ་ཟེར་ནས་སྐྱ་སེར་སུས་ཀྱང་ས་ཡིག་བརྒྱབ་མི་འདུག་ལ། དགོན་པའི་ཐོག་ཁར་སྐར་ལྔའི་དར་ཆ་འཛུགས་དགོས་ལུགས་བཤད་ཀྱང་སུས་ཀྱང་ཉན་འཇོག་བྱས་མི་འདུག། ཐེངས་གཉིས་པར་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀྱིས་བྲིས་པའི་ཡིག་ཆ་མང་དག་ཅིག་ཁྱེར་ཏེ་དགེ་འདུན་པ་ཚོར་ལག་འཁྱེར་བཟོ་དགོས་པས་ས་ཡིག་རྒྱོབས་ཞེས་གཡོ་ཐབས་སྣ་ཚོགས་བྱས་ཀྱང་ལམ་འགྲོ་བྱུང་མི་འདུག དེ་རྗེས་ཉིན་ཞིག་དགེ་འདུན་པ་རྣམས་ཚོགས་གྲོས་སྐབས་དགོང་མོའི་ཕྱག་ཚོད་ ༤ པ་ཙམ་ལ་དངོས་སུ་ཁ་བྲལ་རིང་ལུགས་པར་མི་འདོད་པའི་ས་ཡིག་བརྒྱག་དགོས་ལུགས་བཤད་པས། དགེ་འདུན་པ་ཚོས་ས་ཡིག་མ་བརྒྱབས་པར་ཕྱོགས་སོ་སོར་ལོག་ཕྱིན་པ་སོགས་ཀྱི་གནས་ཚུལ་རབ་དང་རིམ་པ་བྱུང་བ་རྣམས་ཁོང་རྣམས་ཀྱིས་བརྒྱུད་བསྐུལ་བྱས་པའི་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག ༡༽ རྫ་དགོན་གསར་དགོན་གྱི་དགེ་རྒན་བློ་བཟང་དོན་ཡོད་ནི། རྫ་བར་མ་ཤང༌། ག་ན་གྲོང་སྡེ་ནས་ཕ་རིན་ཆེན་ཡོན་ཏན་དང༌། མ་དབྱངས་དབྱངས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༦ ཡིན་འདུག་པ་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༣ ཙམ་ནས་ཁོང་གི་རྫ་བར་མ་ཤང་དང༌། གཞན་ཡང་ས་གནས་གང་སར་བོད་རང་བཙན་སྤྲོད་དགོས་ཞེས་སོགས་བྲིས་པའི་ཡིག་ཆ་ཐེངས་གསུམ་ཙམ་བཀྲམ་པ་དང༌། དམག་སྒར་དང་ས་ཐག་ཉེ་ས་ཤིག་ལ་བོད་ཀྱི་རྒྱལ་དར་ཞིག་ཀྱང་བཙུགས་ཡོད་པ་རེད། དེ་རྗེས་གོང་གསལ་བཞིན་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་ག་ན་གྲོང་ནས་འཛིན་བཟུང་བྱེད་སྐབས་གྲོང་མི་ཚོས་བཀག་ཉར་བྱས་ཀྱང་བཀག་འགོག་བྱེད་མ་ཐུབ་པར་འཛིན་བཟུང་གིས་སྡེ་དགེ་རྫོང་དུ་ཟླ་བ་གསུམ་ཙམ་གྱི་རིང་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་༡༠༣ ནང་གསེས་ ༢ པ་དང༌། དོན་ཚན་ ༥༦ ནང་གསེས་ ༡ པོ། དོན་ཚན་ ༥༥ ནང་གསེས་ ༡ པོ་སོགས་དང་འགལ་བའི་ནག་ཉེས་འོག་དུས་བཀག་བཙོན་འཇུག་ལོ་ ༦ གྱི་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག། ༢༽ རྫ་དགོན་གསར་དགོན་གྱི་ཁྲི་ཟུར་བཀྲ་རྒྱལ་༼བཀྲིས་རྒྱ་མཚོ་ནི། རྫ་བར་མ་ཤང༌། དོ་མདའ་གྲོང་སྡེ་ནས་ཕ་འཇམ་དཔལ་དང༌། མ་བཀྲིས་མཚོ་འམ་སྐྱིད་པོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༡ ཡིན་པ་དང༌། གོང་གསལ་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༧ ཉིན་ཁོང་ལ་བོད་རང་བཙན་གྱི་ཡིག་ཆ་བཀྲམ་པའི་དོགས་གཞི་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་དགེ་འདུན་མང་ལ་ས་ཡིག་རྒྱག་མ་བཅུག་པ་སོགས་ཀྱི་ཉེས་འཛུགས་འོག་དགོན་པ་ནས་འཛིན་བཟུང་བྱས་ཏེ་ཟླ་བ་གསུམ་ཙམ་གྱི་རིང་སྡེ་དགེ་རྫོང་དུ་བཀག་ཉར་བྱས་ནས་རྡུང་རྡེག་ཚད་མེད་མྱོང་དགོས་བྱུང་འདུག དེ་རྗེས་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག ༣༽ རྫ་དགོན་གསར་དགོན་གྱི་དབུ་མཛད་བསམ་འཕེལ་ནི། རྫ་ཁོག་ནས་ཡིན་པ་དང༌། ཁོང་ལ་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༧ ཉིན་ཉེས་འཛུགས་འདྲ་མིན་འོག་འཛིན་བཟུང་བྱས་ནས་ཟླ་ཤས་རྗེས་སུ་གློད་གྲོལ་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་མ་ངེས་པ་ཞིག་ལ་སྟོང་འཁོར་ཙེ་ར་གྲོང་ཚོ་ནས་མི་སྐྱ་བླ་མ་དོན་འགྲུབ་ཟེར་བ་ཞིག་རྒྱ་དམར་ཉེན་རྟོག་པས་ཉེས་རྡུང་ཚད་མེད་འོག་འཛིན་བཟུང་བྱས་འདུག་པ་དང༌། ཁོང་འཛིན་བཟུང་བྱ་དོན་ནི་སྟོང་འཁོར་ཞི་རྒོལ་ཆེན་མོའི་སྔོན་ནས་སྦག་སྦག་བཞོན་ཏེ་དགོན་པའི་ཕ་རོལ་གྱི་དམག་མིའི་སྒོ་སྲུང་ཐད་ཀར་ཕྱིན་ཏེ་སྡང་མིག་བལྟ་བ་དང་སྦག་སྦག་སྐད་ཆེན་པོ་བྱས་ཏེ་ཡར་མར་རྒྱུགས་པ་སོགས་མ་འདོད་བའི་རྣམ་འགྱུར་བསྟན་པ་སོགས་བྱས་པ་མ་ཚད། དེ་རྗེས་སྟོང་འཁོར་ཞི་རྒོལ་ཆེན་མོའི་སྐབས་ལའང་ཞི་རྒོལ་གྱི་གཙོ་གྲས་བྱས་ཏེ་ངུ་ངག་གི་སྐད་འབོད་ཤུགས་ཆེར་བྱས་པ་སོགས་ཀྱི་རྐྱེན་ལས་འཛིན་བཟུང་བྱས་པ་ཞིག་རེད་འདུག འཛིན་བཟུང་བྱས་པ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་ཡང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོར་མ་བྱུང༌། ཁོང་ནི་སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། ཙེ་ར་གྲོང་ཚོ་ནས་ཕ་ཆོས་སྐྱོང་སྐྱབས་དང༌། མ་ཐུབ་བསྟན་དཔའ་མོ་གཉིས་སུ་ཕྱི་ལོ་ ༡༩༨༦ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་མ་ངེས་པ་རེས་གཟའ་ཉི་མའི་ཉིན་ཞིག་ལ་དཀར་མཛེས་དགེ་མ་བྲག་དགོན་གྱི་བཙུན་མ་ཕ་མ་གཅིག་པའི་སྤུན་མགོན་པོ་ལྷ་མོ་དང༌། ཉི་མ་དབང་མོ་གཉིས་དགོན་པ་ནས་ཁྱིམ་དུ་གུང་སང་ལ་ཕྱིན་ཏེ་དགོང་མོ་ཡར་ལོག་ཡོང་སྐབས༌། ཁུང་རུང་གྲོང་པའི་ཉེ་འགྲམ་དུ་ཉེན་རྟོག་པས་ལམ་སྒུག་བརྒྱབས་ཏེ་ཁོང་གཉིས་ལ་བོད་དོན་སྐོར་གྱི་སྐད་ཆ་འདྲ་མིན་བཤད་པ་སོགས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་ཟླ་བ་ ༥ ཙམ་གྱི་རིང་དཀར་མཛེས་བཙོན་ཁང་དུ་བཀག་ཉར་གྱིས་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར་ཕྱི་ཟླ་ ༩ པའི་ནང་གློད་གྲོལ་བཏང་ཡོད་འདུག བཙུན་མ་མགོན་པོ་ལྷ་མོ་དང༌། ཉི་མ་དབང་མོ་གཉིས་ནི། དཀར་མཛེས་ཐིང་ཁ་ཤང༌། ཇོ་ཁང་ནང་གྲོང་ཚོ་ནས་ཕ་བློ་བཟང་རྡོ་རྗེ་དང༌། མ་སྒྲོན་དགའ་གཉིས་སུ་སྐྱེས་ཤིང༌། མགོན་པོ་ལྷ་མོ་ད་སྐབས་རང་ལོ་ ༣༣ དང༌། ཉི་མ་དབང་མོ་རང་ལོ་ ༢༨ ཡིན འདུག་ལ། ཁོང་གཉིས་ཟླ་བ་ལྔ་ཙམ་གྱི་རྗེས་སུ་གློད་གྲོལ་ཐོབ་འདུག་ནའང༌། ཞི་རྒོལ་བ་གཞན་དང་གཅིག་མཚུངས་ཀྱི་ཉིན་ ༡༠ རེ་ནང་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་འགོད་མཁན་འགྲོ་དགོས་ཀྱི་ཡོད་འདུག མེ་མདའི་དྲག་ཆར་འབེབས་པའི་གཤིན་ཐང་ནས༎ བདེན་པའི་དར་ཆེན་འཕྱར་བའི་ཕུ་ནུ་ཚོ༎ ཚེ་སྲོག་ཁྲག་གིས་སྦག་པའི་སྐྱོ་གར་འདི༎ བསམ་ན་དམར་ཆུང་སེམས་ཀྱིས་བཟོད་ཐབས་བྲལ༎

སྤྱི་ཟླ་ལྔ་པའི་ཞི་རྒོལ་ཆེན་མོ། ཞི་བའི་རླབས་རིས་བརྩེགས་པའི་མེ་ལྕེ་ཡིས༎ དྲག་པའི་མཚོན་ཆ་བསྲེགས་པའི་ལོ་རྒྱུས་བསྐྲུན༎ ཕྱི་ལོ་ ༢༠༠༨ ཟླ་ ༥ པའི་ནང་ཞི་རྒོལ་ཐེངས་ ༣༤ བྱས་པ།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་མགོར་སྟོང་འཁོར་འབྲུ་ཡག་གྲོང་ཚོ་ནས་རྡོ་རྗེ་རྒྱལ་མཚན་དང༌། ཡོན་ཏན་ནོར་བུ་གཉིས་དཀར་མཛེས་ཉེན་རྟོག་པས་སྟོང་འཁོར་དགོན་གྱི་ཕ་རོལ་རྒྱ་གཞུང་གི་ལས་ཁུངས་ཡོད་ས་ནས་འཛིན་བཟུང་བྱས། ཁོང་གཉིས་འཛིན་བཟུང་བྱ་དོན་ནི། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ ཉིན་སྟོང་འཁོར་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་ངོ་ལོག་བྱས་པས་ནག་ཉེས་བཙུགས་ཡོད་འདུག་ཅིང༌། འཛིན་བཟུང་མ་བྱས་སྔོན་ཁོང་གཉིས་ལ་བསོ་ཐོག་མདའ་ཤང་དུ་འདྲི་རྩད་ཐེངས་གསུམ་ཙམ་བྱས་ཡོད་འདུག ཐེངས་གསུམ་པའི་སྐབས་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༠༨ ཟླ་ ༤ ཡས་མས་བར་དཀར་མཛེས་རྫོང་གི་བཙོན་ཁང་སོགས་སུ་བཀག་ཉར་བྱས། དེ་རྗེས་ཡོན་ཏན་ནོར་བུ་ལ་ཛ་དྲག་གི་ནད་གཞི་ཞིག་ཕོག་སྟབས་རྒྱ་གཞུང་ནས་འགན་ལེན་མ་ཐུབ་པར་གློད་གྲོལ་གཏང་དགོས་བྱུང་ཡོད་འདུག ༡༽ རྡོ་རྗེ་རྒྱལ་མཚན་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། འབྲུ་ཡག་གྲོང་ཚོ་ནས་ཕ་བློ་བཟང་འཇམ་དཔལ༼བློ་དབྱངས༽དང༌། མ་ནོར་འཛིན་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༦༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༣ ཡིན་འདུག་པ་དང༌། ཁོང་གོང་གསལ་བཞིན་ད་བར་གང་སར་རྩད་ཞིབ་བྱས་ཀྱང་འདི་ཡོད་འདི་མེད་ཙམ་ཡང་ཤེས་རྟོགས་མ་བྱུང་བ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག། ༢༽ ཡོན་ཏན་ནོར་བུ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། བསོ་རིང་གྲོང་ཚོ་ནས་ཕ་ཚེ་འདས་ཡེ་དགའ་ལགས་ཀྱི་བུར་ཕྱི་ལོ་ ༡༩༥༩ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༥༠ ཙམ་ཡིན་འདུག་པ་དང༌། ཁོང་འཛིན་བཟུང་བྱས་པ་ནས་བཟུང་བཙོན་འོག་ཏུ་སྡུག་སྦྱོར་སོགས་ཀྱིས་རྐྱེན་ཛ་དྲག་གི་ནད་གཞི་ཞིག་ཕོག་སྟབས། རྒྱ་གཞུང་ནས་སྲོག་ཉེན་ལ་འགན་ལེན་མ་ཐུབ་པར་ལོ་འཁོར་གཅིག་མ་ཟིན་ཙམ་ནས་གློད་གྲོལ་གཏང་དགོས་བྱུང་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡ ཉིན་བྲག་མགོ་རྦ་དག་བཙུན་དགོན་གྱི་ཉེ་འགྲམ་གཞུང་ལམ་གཡས་གཡོན་གྱི་ལྕང་མའི་ངོས་སུ་ལེ་དབར་གཉིས་ཙམ་གྱི་སར་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པའི་བོད་རང་བཙན་གྱི་ཡིག་ཆ་འབོར་ཆེན་ཞིག་རླུང་རྟ་ལྟར་ཕྲེང་བ་བསྒྲིགས་ཏེ་བཏགས་ཡོད་པར་བརྟེན། རྒྱ་གཞུང་གི་ལས་བྱེད་པས་དགོན་དེའི་འགན་ཁུར་བ་རྣམས་བྲག་འགོ་རྫོང་དུ་འབོད་འགུགས་ཀྱིས་འདྲི་རྩད་བྱས་པ་དང༌། དེ་རྗེས་དགོན་པར་ལས་དོན་རུ་ཁག་ཡོང་སྟེ་སློབ་གསོའི་ཚོགས་འདི་འཚོགས་སྐབས། བཙུན་མ་ཚོས་མ་ཉན་པར་རིམ་བཞིན་ཕྱི་ལ་ཐོན་ཏེ་མཐར་སློབ་གསོ་རྒྱག་ཡུལ་མེད་པར་གྱུར་པ་སོགས་ཀྱི་གནས་ཚུལ་བྱུང་འདུག གནས་ཚུལ་དེ་དག་མ་བྱུང་སྔོན་ནས་བྲག་མགོ་དགོན་གྱི་དགེ་འདུན་པ་ཚོས་ཞི་རྒོལ་སོགས་བྱས་པར་བརྟེན། བྲག་མགོ་རུ་རྒྱ་གཞུང་གི་དམག་མི་འབོར་ཆེན་འབྱོར་ཟིན་པ་མ་ཟད། ལྕགས་འཁྲབ་འཁོར་ལོ་སོགས་ཀྱང་འབྱོར་ཏེ་བྲག་མགོ་རྫོང་གི་ཉེ་འགྲམ་གྱི་མགོ་བཅད་ཐང་དུ་བཞག་ཡོད་པ་དང༌། ཉིན་ལྟར་མཁའ་ལམ་ནས་དམག་མིའི་ཐད་འཕུར་གནམ་གྲུ་རྣམས་འཕུར་བསྐྱོད་ཀྱིས་བྱ་ར་བྱས་ཏེ་ཞི་རྒོལ་འགོག་སྲུང་དང་སོ་ལྟ་སོགས་བྱས་ཡོད་པའི་གནས་ཚུལ་ཡང་ཐོན་འདུག། བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཀྱང་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་མ་ཟད། མཚོན་ཆ་གང་ཡང་ལག་ཏུ་ཐོགས་མེད་པའི་མི་སེར་དཀྱུས་མ་རྣམས་ཀྱི་ཐོག་ཏུ་མཐའ་སྲུང་དམག་མི་དང༌། མེ་སྒྱོགས་ཅན་གྱི་ལྕགས་འཁྲབ་འཁོར་ལོ་སོགས་བཏང་ཡོད་འདུག། མི་སེར་ཚོའི་ཞི་རྒོལ་ལ་གཏུམ་དྲག་དམག་མིས་དྲག་གནོན་བྱས་པས་ཞི་རྒོལ་བ་ཚོ་དང་དམག་མི་གཉིས་ཀྱི་བར་ཆ་མི་སྙོམས་པའི་ཧེ་བག་ཆེན་པོ་ཤོར་པ་འདིས་རྒྱ་ནག་གཞུང་གི་གཡོ་སྒྱུ་དང༌། རང་རེའི་བོད་མི་ཚོར་གཟུང་བའི་སྲིད་ཇུས་ངན་པ་རྣམས་ཇི་ལྟར་སྦས་གསང་བྱས་ཀྱང་དམར་རྗེན་དུ་བཏོན་པ་མ་རེད་དམ། བཙུན་དགོན་གྱི་ངོ་རྒོལ་དེ་དག་བྱུང་རྗེས་དམག་མི་རྣམས་ཀྱིས་བཙུན་མ་ཡོངས་རྫོགས་བཙུན་དགོན་བསམ་གཏན་གླིང་དུ་བཙན་བཀག་བྱས་ཤིང༌། རྦ་དག་བཙུན་དགོན་གྱི་མཐའ་ནས་དམག་གིས་བསྐོར་ཞིང་དགོན་པའི་སྒོ་ཆེན་ལ་ཤིང་གི་རྭ་སྐོར་ཀྱག་ཀྱོག་ཕྱི་ནང་མང་པོར་བཟོས་ནས་བཙུན་མ་རྣམས་ཐད་ཀར་ཕྱི་རུ་ཤོར་མི་ཐུབ་པར་བྱས་ཏེ། ཉིན་ ༡༩ རིང་ལ་རྒྱལ་གཅེས་རིང་ལུགས་པའི་སློབ་གསོ་ཟེར་བ་དེ་སྤེལ་ནས་བཙུན་མ་རྣམས་ལ་བཙན་ཤེད་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་སྐུར་འདེབས་ཞུ་བཅུག་ཀྱང་སུས་ཀྱང་དང་ལེན་མ་བྱས་པར་བརྟེན། མཐར་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༧ ཉིན་ཕྱི་དྲོ་ཚོུད་བཞི་པ་ཡས་མས་ཙམ་ལ་དཀོན་གཉེར་གཅིག་མ་གཏོགས་གཞན་ཚང་མ་རེར་བཞིན་ཐོ་འགོད་བྱས་ཏེ། སོ་སོའི་ནང་མི་རྣམས་ལ་རྩིས་སྤྲོད་ཀྱིས་དགོན་པ་ནས་ཕྱིར་ཕུད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢ ཉིན་བྲག་མགོ་ནས་དཔོན་རིགས་མཐོ་གྲས་ཀྱི་བུ་ཕྲུག་མཐོ་འབྲིང་སློབ་མ་བུ་གཉིས་དང༌། བུ་མོ་གཉིས་བཅས་ན་གཞོན་བཞིས་རྒྱ་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཞི་རྒོལ་བྱས་པར་བརྟེན། རྒྱ་དམར་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ནའང་ཞིབ་ཕྲའི་གནས་ཚུལ་གསལ་པོར་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༣ ཉིན་བྲག་མགོ་ནས་བྱེས་པ་ཆུང་ཆུང་རང་ལོ་བརྒྱད་ཅན་བསྟན་འཛིན་ཟེར་བ་ཞིག་ཕ་རྒན་གྱི་ལག་ཏུ་ཁྲིད་ནས་རྫོང་གི་སྲང་ལམ་དུ་འགྲོ་སྐབས་རྒྱ་དམག་ཕོན་ཆེན་མཐོང་དུས་བུ་ཕྲུག་དེས་ བྱབྱ ཁྱོད་ཚོ་ང་ཚོའི་ལུང་པར་སྐྱག་པ་ཟ་བར་སླེབས་པ་ཡིན་པས། ཁྱོད་ཚོ་གདོན་འདྲེ་རེད། མི་གསོད་ཀྱིན་འདུག། མི་རྡུང་གིན་འདུག། ཅེས་སོགས་ཀྱི་ཁ་རྡུང་དྲག་པོ་བཏང་ནས་མཆིལ་མ་གཡུག་པ་སོགས་བྱས་སྐབས། ཕས་བུའི་ལག་པ་འཇུས་ཏེ་ཕྱིར་ཁྲིད་དུས་ཕྱིར་ལྟས་ཀྱིས་ བྱབྱ ངོ་ཚ་མེད་པ་ཁྱོད་ཚོ། ཞབས་འདྲེན། གདོན་འདྲེ། ཞེས་སོགས་ངུ་བཞིན་ཁ་རྡུང་བཏང་བ་མཐོང་མཁན་གྱི་བོད་མི་མ་ཟད་རྒྱ་མིའི་ཚོང་པ་ཚོས་ཀྱང་མིག་ཆུ་གཏོང་གིན་འདུག་ཟེར། ཕྱིས་སུ་རྒྱ་གཞུང་གིས་ཕྲུ་གུ་ཆུང་ཆུང་དེར་ངན་སྐུལ་བྱེད་མཁན་ཡོད་རེད་མ་གཏོགས་ཁོང་པས་དེ་ལྟར་བཤད་ཤེས་ཀྱི་མ་རེད་ཅེས་ཕྲུ་གུ་དང་ནང་མི་བཅས་སུ་ཡིན་རྩད་ཞིབ་བྱས་འདུག་ཀྱང༌། ས་གནས་ཡུལ་མི་ཚོས་གསང་བ་དམ་འཛིན་བྱས་ཏེ་སུས་ཀྱང་དེ་སྐོར་རྩིས་སྤྲོད་མཁན་རག་མི་འདུག། གནད་དོན་དེས་བོད་མི་རྣམས་རང་དབང་དང་ཐོབ་ཐང་མེད་པར་བཙན་གནོན་ཁོ་ནའི་འོག་སྡོད་དགོས་བྱུང་སྟབས་བྱེས་པ་ཆུང་ངུ་ཚོའི་བསམ་བློའི་ནང་དུའང་རྒྱ་དམར་ལ་འཁོན་འཛིན་དང་མི་རིགས་ཀྱི་ལ་རྒྱས་བཅིངས་པ་མཚོན་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༧ ཉིན་གྱི་ཉིན་གུང་ཕྱག་ཚོད་ ༡ དང་སྐར་མ་ ༣༣ ཐོག་དཀར་མཛེས་བྲག་དཀར་དགོན་གྱི་བཙུན་མ་ལྷག་པ་ཆོས་འཛོམས༼ལྷ་ཕྲུག་༽དང༌། བུད་མེད་པད་པད་༼པདྨ་ཆོས་མཚོ༽གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཁྲོན་བོད་གཞུང་ལམ་གྱི་འཇའ་ཚོན་ཟམ་པ་ཡོད་སར་ཕྱིན་ཏེ། ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱེད་བཞིན་ཞི་རྒོལ་གྱིས་སྐད་འབོད་ཤུགས་ཆེར་བྱས་སྐབས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཏེ་ལྕགས་ཟམ་རྫོང་གི་བཙོན་ཁང་ཞིག་གི་ནང་བཀག་ཉར་བྱས་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༦ ཉིན་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་གཉིས་ཀར་དུས་བཀག་བཙོན་འཇུག་ལོ་ ༤ རེར་དང༌། ཆབ་སྲིད་ཁེ་དབང་ལོ་ ༢ རེར་འཕྲོག་རྒྱུའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲེན་ཏུའུ་ཕྱོགས་ལམ་ཆ་ཡཱས་ཟེར་བའི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན། ཁོང་གཉིས་ཀྱིས་ངོ་རྒོལ་བྱེད་དགོས་དོན་ནི་རྒྱ་ནག་སྲིད་གཞུང་ནས་ཡུལ་མི་དང་དགོན་སྡེ་ཁག་བཅས་ལ་བཙན་ཤེད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་མིང་ཐོག་ནས་ྋགོང་ས་མཆོག་ལ་མཚན་སྨད་དང་སྒྲོ་སྐུར་ཞུར་བཅུག་པ་སོགས་གདུག་རྩུབ་ཀྱིས་སྲིད་ཇུས་ལ་སེམས་ཀྱིས་མ་བཟོད་པར་འུ་ཐུག་ཐབས་ཟད་ཀྱིས་ཞི་རྒོལ་བྱས་པ་ཞིག་ཡིན་ཞེས་བཤད་ཡོད་འདུག། ༡༽ བཙུན་མ་ལྷག་པ་ཆོས་འཛོམས་༼ལྷ་ཕྲུག༽ནི། དཀར་མཛེས་ཁྲེན་ལྭ་ཤང༌། རྫོང་ཐོག་སྡེ་མགོན་ཁང་གི་ཉེ་འགྲམ་སྡེ་པ་བ་ཞེས་པའི་གྲོང་ཚོ་ནས་ཕ་མངོན་དགའ་དང༌། མ་དགེ་ལེགས་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༥ ཡིན་འདུག་པ་དང༌། ཁོ་མོ་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༤ ཁྲིམས་ཐག་བཅད་དེ་ད་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག། ༢༽ བུད་མེད་པད་པད་༼པདྨ་ཆོས་མཚོ་༽ནི། དཀར་མཛེས་ཀཿབྲག་ཤང༌། བེན་བདེ་སྒང་གྲོང་ནས་ཕ་རིན་ཆེན་བཟང་པོ་དང༌། མ་མཁའ་འགྲོ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༠ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཙམ་ཡིན་འདུག་པ་དང༌། ཁོ་མོ་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༤ ཁྲིམས་ཐག་བཅད་དེ་ད་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༧ ཉིན་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱི་༢༠༠༨འཇུ་བཟུང་བཀའ་རྒྱ་ཨང་ ༠༡ པོ། ཞེས་པ་ཞིག་བཀྲམ་ནས་རྫོང་ཁག་སོ་སོའི་སྤྱི་བདེ་ཅུས་དང་སྤྱི་བདེ་ཡན་ལག་ཅུས། ཤང་དང་གྲོང་རྡལ་སོ་སོའི་སྤྱི་བདེ་མངགས་གཏོང་ཁང༌། ༢༠༠༨ ཕྱི་ཟླ་ ༣ པ་ནས་བཟུང༌། མི་རིགས་ཁ་བྲལ་གཏོང་མཁན་ཆེས་ཉུང་ཤས་ཤིག་གིས་བོད་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་དོན་རྐྱེན་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན། ཆབ་སྲིད་བརྟན་བརླིང་ལ་ཤུགས་རྐྱེན་ཚབས་ཆེན། སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་བཟོས་པ་རེད། ཞིབ་བཤེར་བྱས་པར་བརྒྱུད། ཚེ་རིང་ནད་མེད་སོགས་མི་ ༣༦ ལ་ནག་ཉེས་བསགས་པའི་དོགས་གཞི་ཡོད་ཅིང༌། ད་ལྟར་མི་༣༦ དེ་བྲོས་བྱོལ་བྱེད་བཞིན་ཡོད་པ་རེད། འཛིན་བཟུང་བཀའ་རྒྱ་དེ་ས་གནས་སོ་སོའི་སྤྱི་བདེ་ལས་བྱེད་པའི་ལག་ཏུ་འབྱོར་རྗེས། དུས་ཐོག་ཏུ་འཇུ་བཟུང་བྱ་རྒྱུའི་ལས་ཀ་བཀོད་སྒྲིག་བྱས་པ་དང༌། དོགས་ཡོད་ཉེས་ཅན་མཐོང་ཚེ་དེ་མ་ཐག་ཏུ་བཀག་ཉར་བྱེད་དགོས། ཁུངས་སྣེ་རྙེད་མཁན་གྱི་ཐེར་འདོན་གོང་ཞུ་བྱེད་མཁན་དང༌། འཇུ་བཟུང་བྱེད་པར་བྱས་རྗེས་ཡོད་མཁན་གྱི་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་ངེས་ཅན་ཞིག་སྟེར་རྒྱུ་ཡིན། རང་འགུལ་གྱིས་རང་ཉེས་རང་ཞུ་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་ལ་བཅའ་ཁྲིམས་ལྟར་ཐག་གཅོད་གུ་ཡངས་བྱ་རྒྱུ་ཡིན། ཞེས་སོགས་འབྲེལ་བ་བྱེད་ཡུལ་དཀར་མཛེས་ཁུལ་སྤྱི་བདེ་ཅུས་དང༌། དཀར་མཛེས་རྫོང་སྤྱི་བདེ་ཅུས། གསེར་རྟ་རྫོང་སྤྱི་བདེ་ཅུས། བྲག་མགོ་རྫོང་སྤྱི་བདེ་ཅུས་བཅས་ཀྱི་ཁ་པར་ཨང་གྲངས་སོགས་བཀོད་པའི་འཛིན་བཟུང་བཀའ་རྒྱའི་ནང་གསལ། དཀར་མཛེས་ནས་ཡིན་པ་མི་གྲངས་ ༥ དང༌། ལྕོག་རི་ནས་ཡིན་པ་མི་གྲངས་ ༤ བཅས་ཀྱི་པར་དང་གཟུགས་ཀྱི་དབྱིབས་སོགས་ཀྱང་གསལ་པོ་བཀོད་དེ་ས་གནས་གང་སར་ཁྱབ་བསྒྲགས་ཀྱིས་འགྲེམས་སྤེལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌། འཛམ་གླིང་གི་སྐྱེ་བོ་རྣམས་གཟིགས་དང༌། རྒྱུ་ནོར་དང་གསོད་རྨས། བདེ་འཇགས་དང་གནོད་འཚེ་སོགས་མ་ལུས་པ་རྒྱ་གཞུང་ནས་བྱས་དང་བྱེད་བཞིན་དུ། ད་དུང་བོད་མི་མང་ལ་བསྙོན་འཛུགས་བྱེད་པ་འདིའི་རིགས་ནི་མི་སྤྱོད་ལས་འདས་པའི་བཙན་ཤེད་ཅིག་མ་རེད་དམ།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༧ ཉིན་རྒྱ་དམར་ནས་བཀག་སྡོམ་ཤུགས་ཆེན་འོག་སྟོང་འཁོར་དགོན་གྱི་ལོ་འཁོར་གཅིག་ནང་གི་གལ་གནད་ཆེ་བའི་བོད་ཟླ་ ༣ ཚེས་ ༡༣ ནས་ ༣༠ བར་ཉིན་བཅུ་བདུན་ཙམ་གྱི་རིང་ཚོགས་རྒྱུའི་སྒྲུབ་མཆོད་ཆེན་མོ། ཕྱི་ལོ་ ༡༧༩༢ ལོར་དབུ་ཚུགས་པ་ནས་བཟུང་རིག་གནས་གསར་བརྗེ་སྐབས་མ་གཏོགས། ལོ་ངོ་ཉིས་བརྒྱ་ལྷག་ཙམ་གྱི་རིང་ཆད་མྱོང་མེད་པའི་ལྕགས་མཁར་དང༌། གར་འཆམ། གཏོར་རྒྱག་སོགས་ཕྱག་སྲོལ་བཟང་པོ་ཡོད་པ་དེ་འཚོགས་མ་བཅུག་པ་མ་ཚད། བོད་ཟླ་ ༢ ཚེས་ ༡༡ ནས་ཟླ་བ་གཅིག་རིང་ཚོགས་རྒྱུའི་གདན་ས་ཁག་གི་ཕྱག་སྲོལ་དཔྱིད་ཆོས་ཆེན་མོ་ཡང་དུས་ཐོག་ཏུ་ཚོགས་མ་བཅུག་པར་ཟླ་བ་གཅིག་ལྷག་ཙམ་ཕྱིར་འགྱངས་བྱ་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༡ ཉིན་དཀར་མཛེས་བྲག་དཀར་དགོན་གྱི་བཙུན་མ་ཐུབ་བསྟན་སྒྲོལ་མ་དང༌། བསོད་ནམས་ལྷ་མོ་གཉིས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱེད་སྐབས་དྲག་ཆས་ཉེན་རྟོག་པ་དང༌། དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༧ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་གཉིས་ལ་དུས་བཀག་བཙོན་འཇུག་ལོ་ ༤ དང་ ༣ བར་གྱི་ཁྲིམས་ཐག་བཅད་ཡོད། ༡༽ བཙུན་མ་ཐུབ་བསྟན་སྒྲོལ་མ་ནི། དཀར་མཛེས་གསེར་ཆུ་ཤང༌། གདུགས་རྭ་གྲོང་ནས་ཕ་ཡོན་ཏན་རིགས་འཛིན་དང༌། མ་ཨུ་རྒྱན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༡ ཡིན་པ་དང༌། ཁོ་མོ་གོང་ཚེས་ཉིན་རོགས་པ་གཅིག་དང་མཉམ་དུ་ཞི་རྒོལ་བྱས་རྐྱེན་ལས་འཛིན་བཟུང་བྱས་ཏེ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༤ ཁྲིམས་ཐག་བཅད་འདུག ༢༽ བཙུན་མ་བསོད་ནམས་ལྷ་མོ་ནི། དཀར་མཛེས་གསེར་ཆུ་ཤང༌། རྒྱ་ཡུང་ངོ་གཟའ་ཚང་གི་ཕ་ངག་དབང་སྐལ་བཟང་དང༌། མ་ཤེས་རབ་ལྷ་མོ་གཉིས་ལ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་པ་དང༌། ཁོ་མོ་གོང་ཚེས་ཉིན་རོགས་པ་གཅིག་དང་མཉམ་དུ་ཞི་རྒོལ་བྱས་རྐྱེན་ལས་འཛིན་བཟུང་བྱས་ཏེ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༢ ཉིན་དཀར་མཛེས་བྲག་དཀར་དགོན་གྱི་བཙུན་མ། ༡༽ རྒྱ་ཡུང་གྲོང་ཚོ་ནས་བཙུན་མ་བོ་ཙུ་དང༌། ༢༽ གསེར་ཆུ་སྟེང་གྲོང་ཚོ་ནས་བཙུན་མ་དབྱངས་སྐྱིད། ༣༽ རྒྱ་ཡུང་གྲོང་ཚོ་ནས་བཙུན་མ་འཕྲིན་ལས། ༤༽ གསེར་ཆུ་སྟེང་གྲོང་ཚོ་ནས་བཙུན་མ་བདེ་སྐྱིད། ༥༽ ༼བྱང་ཁ༽གྲོང་ཚོ་ནས་བཙུན་མ་བཀྲ་དགའ། ༦༽ རྒྱ་ཡུང་གྲོང་ཚོ་ནས་བཙུན་མ་བསོད་ནམས་གཡང་མཚོ། ༧༽ ལ་འབོང་གྲོང་ཚོ་ནས་བཙུན་མ་ཉི་དགའ། ༨༽ ལ་འབོང་གྲོང་ཚོ་ནས་བཙུན་མ་བྱམས་པ་ལྷ་མོ། ༩༽ ༼ངེས་ལམ་༽གྲོང་ཚོ་ནས་བཙུན་མ་རྟ་མགྲིན་ཚེ་སྐྱིད། ༡༠༽ རྫོང་གྲོང་ཚོ་ནས་བཙུན་མ་ལྷ་མོ་ཆོས་སྐྱིད་བཅས་བཙུན་མ་བཅུ་ཡིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང༌། དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས། བཙུན་མ་ ༦ ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་དང༌། བཞི་ད་ལྟའི་བར་དུ་བཙོན་འོག་ཏུ་གནས་མུས་ཡིན་ཡང་ཁྲིམས་ཆད་བཏང་ཟིན་མིན་མ་ངེས་པ། གཅིག་གློད་གྲོལ་ཐོབ་ཡོད་འདུག་པ་དང༌། མང་ཆེ་ཤོས་རྒྱ་ནག་ཁྲིན་ཏུའུ་ནས་སྤྱི་སྐྱོད་རླངས་འཁོར་ནང་རྒྱ་སྒོར་ ༢༠ ཙམ་གྱི་སར་བཙོན་ཁང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༡༽ བཙུན་མ་བོ་ཙུ་༼བོ་གཟུ༽ནི། དཀར་མཛེས་གསེར་ཆུ་ཤང༌། རྒྱ་ཡུང་གྲོང་ཤར་ཕྱོགས་ཚང་གི་ཕ་ཚེ་རིང་བསམ་འགྲུབ་དང༌། མ་བསོད་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུག་པ་དང༌། གོང་གསལ་བཞིན་ཁོ་མོ་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ དང་ཟླ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་མུས་ཡིན་འདུག ༢༽ བཙུན་མ་དབྱངས་སྐྱིད་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གསེར་ཆུ་གྲོང་ནས་ཕ་ཚེ་འདས་ཐར་ཚེ་རིང་དང༌། མ་ཚེ་འདས་བསྟན་ཆོས་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་ ༢༠༠༩ ཟླ་ ༡ ཚེས་ ༢ ཉིན་དུས་བཀག་བཙོན་འཇུག་ལོ་ ༡ དང་ཟླ་བ་ ༩ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག ༣༽ བཙུན་མ་འཕྲིན་ལས་ནི། དཀར་མཛེས་གསེར་ཆུ་ཤང༌། རྒྱ་ཡུང་གྲོང་ཚོ་ནས་ཕ་ཆོས་འཕེལ་དང༌། མ་ཚེ་འདས་མཁའ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུགཔ་དང༌། གོང་གསལ་བཞིན་ཁོ་མོ་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ དང་ཟླ་ ༧ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག། ༤༽ བཙུན་མ་བདེ་སྐྱིད་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གསེར་ཆུ་སྟེང་གྲོང་ཚོ་ནས་ཕ་བློ་དར་རྒྱས་དང༌། མ་ཚེ་རིང་ཆོས་སྐྱིད་གཉིས་སུ་སྐྱེས་ཤིང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ ནས་ ༣ བར་གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག་ནའང་ཞིབ་ཕྲའི་ལོ་དུས་སོགས་གསལ་པོར་མ་བྱུང༌། ༥༽ བཙུན་མ་བཀྲ་དགའ་ནི། དཀར་མཛེས་ཀཿབྲག་ཤང༌། ༼བྱང་ཁ་༽གྲོང་ཚོ་ནས་ཕ་༼ཀོ་སྒྲུབ་༽དང༌། མ་བྱང་ཆུབ་སྒྲོལ་དཀར་གཉིས་སུ་ཕྱི་ལོ་ ༡༩༧༩ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ད་བར་བཙོན་དུ་བཀག་ཉར་བྱས་འདུག་པ་དང༌། ཉེ་ཆར་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས། ཁྲིམས་ཐག་བཅད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གསལ་པོར་མ་བྱུང༌། ༦༽ བཙུན་མ་བསོད་ནམས་དབྱངས་མཚོ་ནི། དཀར་མཛེས་གསེར་ཆུ་ཤང༌། རྒྱ་ཡུང་གྲོང་ཚོ་ནས་ཕ་བདེ་ཆེན་དང༌། མ་བདེ་ཆེན་དབྱངས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་བདུན་བརྒྱད་ཙམ་གྱི་རིང་བཙོན་ཁང་གང་སར་བཀག་ཉར་བྱས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༡ དང་ཟླ་ ༧ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ནས་སྤྱི་སྐྱོད་རླངས་འཁོར་ནང་རྒྱ་སྒོར་ ༢༠ ཙམ་གྱི་སར་ཡོད་པའི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག། ༧༽ བཙུན་མ་ཉི་དགའ་ནི། དཀར་མཛེས་ཀཿབྲག་ཤང༌། ལ་འབོང་གྲོང་ནས་ཕ་སྐུ་སྐུ་དང༌། མ་པད་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་བདུན་བརྒྱད་ཙམ་གྱི་རིང་བཙོན་དུ་བཀག་ཉར་བྱས་རྗེས་ལོ་ ༢ ཡས་མས་ཀྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག། ༨༽ བཙུན་མ་བྱམས་པ་ལྷ་མོ་ནི། དཀར་མཛེས་ཀཿབྲག་ཤང༌། ལ་འབོང་གྲོང་ཚོ་ནས་ཕ་ཚེ་འདས་དོན་ལུ་དང༌། མ་ཚེ་རིང་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག་པ་དང༌། ཉེ་སྔོན་ཕྱི་ལོ་ ༢༠༠༩ ཟླ་ ༣ ཡས་མས་ཤིག་ལ་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་ཞིབ་ཕྲའི་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་བྱུང༌། ༩༽ བཙུན་མ་རྟ་མགྲིན་ཚེ་སྐྱིད་ནི། དཀར་མཛེས་གསེར་ཆུ་ཤང༌། ༼ངེས་ལམ་༽གྲོང་ཚོ་ནས་ཕ་ཚུལ་ཁྲིམས་རྒྱ་མཚོ་དང༌། མ་མཁའ་ལུ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ་དུས་བཀག་བཙོན་འཇུག་ལོ ༡ ལྷག་གིས་ཁྲིམས་ཐག་བཅད་དེ་ཉེ་ཆར་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༢༧ ཉིན་བཙོན་ནས་གློད་གྲོལ་ཐོབ་འདུག ༡༠༽ བཙུན་མ་ལྷ་མོ་ཆོས་སྐྱིད་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། རྫོང་གྲོང་ཚོ་ནས་ཕ་ཚེ་འདས་རིན་ཆེན་རྒྱ་མཚོ་དང༌། མ་ཚེ་འདས་དཔལ་དགའ་གཉིས་སུ་ཕྱི་ལོ་ ༡༩༦༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༥ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་པ་མ་ཚད་ཉེ་ཆར་ ༢༠༠༩ ཕྱི་ཟླ་ ༦ པའི་ནང་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག་ལ། ཁོ་མོ་བཙོན་ཁང་དུ་བསྡད་རིང་ཉེས་རྡུང་སོགས་ཀྱིས་རྐྱེན་པས་གཟུགས་པོ་ནད་གཅོང་ཅན་དུ་ཆགས་ཡོད་པ་སོགས་ཤེས་རྟོགས་བྱུང་བ་ཙམ་ལས་ཁྲིམས་ཐག་བཅད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གསལ་པོར་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༣ ཉིན་དཀར་མཛེས་དགོན་གྱི་གྲྭ་བློ་བཟང་བསྟན་པ་དང༌། བློ་བཟང་ཆོས་རྒྱན། དཔལ་ལྡན་ཚུལ་ཁྲིམས་༼དཔལ་ལྡན་ཚེ་རིང་༽གསུམ་གྱིས་ཞོགས་པའི་ཕྱག་ཚོད་ ༩ པའི་ཐོག་དཀར་མཛེས་རྫོང་ཐོག་ཏུ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་ཉེན་རྟོག་པ་བཀག་པ་དང༌། གཞན་གཉིས་ཀྱིས་བོད་དོན་སྐོར་གྱི་ཡིག་ཆ་འབོར་ཆེན་རས་ཁུག་གཉིས་ཙམ་གནམ་ལ་གཏོར་བཞིན་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་གཞུང་ལ་ཞི་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་ཁོང་གསུམ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་གིས་ཟླ་བ་ལྔ་ཙམ་གྱི་རིང་དཀར་མཛེས་རྫོང་ཐོག་ཏུ་བཀག་ཉར་བྱས་པ་དང༌། དེ་རྗེས་དར་རྩེ་མདོའི་བཙོན་ཁང་དུ་ཁྲིད་རྗེས་སུ་ཁོང་གསུམ་ལ་དུས་བཀག་བཙོན་འཇུག་ལོ་ ༣ ནས་ ༥ བར་གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག། ༡༽ གྲྭ་བློ་བཟང་བསྟན་པ་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། འབུམ་ཤུག་གྲོང་སྡེ་ནས་མ་མིང་དགའ་ལགས་སུ་ཕྱི་ལོ་ ༡༩༩༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༨ ཡིན་འདུག་པ་དང༌། གོང་གསལ་བཞིན་རོགས་པ་གཉིས་དང་མཉམ་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་རྗེས་སུ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནང་དུས་བཀག་བཙོན་འཇུག་ལོ་ ༥ ལྔས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་དན་ཡཱག་ཟེར་བའི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག་པ་དང༌། ཁོང་རྣམས་ལ་འཚེམ་བཟོ་བའི་ལས་ཀ་བྱེད་དུ་འཇུག་བཞིན་ཡོད་འདུག ༢༽ གྲྭ་བློ་བཟང་ཆོས་རྒྱན་ནི། དཀར་མཛེས་ཐིང་ཁ་ཤང༌། ལམ་གང་གྲོང་ལམ་གང་སྟག་མྱོན་ཚང་གི་ཕ་འཇམ་དབྱངས་མགོན་པོ་དང༌། མ་སྒྲོལ་མ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་པ་དང༌། ཁོང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༣ ཉིན་དཀར་མཛེས་དགོན་གྱི་དགེ་འདུན་པ་གཉིས་དང་མཉམ་དུ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནང་དུས་བཀག་བཙོན་འཇུག་ལོ་ ༥ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་དན་ཡཱག་ཟེར་བའི་བཙོན་ཁང་ཞིག་ནང་སྐྱེལ་ཡོད་པའི་གནས་ཚུལ་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༤ ཉིན་ནང་མིས་ཁ་པར་བརྒྱུད་གོ་ཐོས་བྱུང་བ་དང༌། དེ་རྗེས་ཕྱི་ཟླ་ ༢ ཚེས་ ༢ ཉིན་བཙོན་ཁང་དུ་ནང་མི་ཐུག་འཕྲད་དུ་ཕྱིན་ཏེ་ཕན་ཚུན་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་འདུག་པ་དང༌། ཁོང་རྣམས་ཀྱིས་བཙོན་ཁང་དུ་འཚེམ་བཟོ་བྱེད་བཞིན་ཡོད་འདུག། ༣༽ གྲྭ་དཔལ་ལྡན་ཚུལ་ཁྲིམས་༼དཔལ་ལྡན་ཚེ་རིང་༽ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གསེར་ཆུ་སྟེང་ནས་ཕ་ཆོས་རྒྱལ་ཟླ་བ་དང༌། མ་བསོད་ལུ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་པ་དང༌། ཁོང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༣ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཉེན་རྟོག་པ་བཀག་འགོག་བྱས་ཏེ་རོགས་པ་གཉིས་ལ་ཆབ་སྲིད་སྐོར་གྱི་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱེད་བཅུག་པ་དང༌། ཁོང་གསུམ་ཀས་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་པ་སོགས་ལ་བརྟེན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་དང༌། དེ་རྗེས་ཕྱི་ཟླ་ ༡༡ ནང་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་ནང་སྐྱེལ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་སུ། ཕྱི་ལོ་ ༢༠༠༩ ཟླ་ ༢ པའི་ནང་བཙོན་ཁང་དུ་ནང་མི་ཐུག་འཕྲད་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ནའང༌། དེ་རྗེས་ ༢༠༠༩ ཟླ་ ༤ ཚེས་ ༢༣ ཉིན་དཀར་མཛེས་དགོན་གྱི་དགེ་འདུན་པ་གཅིག་དང༌། དེ་མིན་ཕོ་སར་གཉིས་བཅས་དང་ལྷན་དུ་གློད་གྲོལ་བཏང་ཡོད་འདུག གོང་གསལ་ཁོང་རྣམས་གློད་གྲོལ་བཏང་རྗེས་དཀར་མཛེས་རྫོང་གི་ བྱབྱ ལས་བྱེད་འགོ་གཙོ་ཞིག་གིས་བརྙན་འཕྲིན་བརྒྱུད་མི་མང་ནས་སྐད་མ་རྒྱག་པར་ཡག་པོ་བསྡད་ན་རྒྱ་གཞུང་ནས་སྲིད་ཇུས་གུ་ཡངས་བཏང་སྟེ་ཁྲིམས་ཆད་བཅད་ཟིན་ནའང་གློད་གྲོལ་གཏོང་བཞིན་ཡོད། གཞན་རྣམས་ཀྱང་མགྱོགས་པོ་གློད་གྲོལ་གཏང་རྒྱུ་ཡིན། ་ཞེས་སོགས་ཀྱིས་གསལ་བསྒྲགས་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༣ ཉིན་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་ཉེ་འགྲམ་རྨ་ར་ཐང་ཟེར་བའི་གནམ་ཐང་རྙིང་པ་དེར་རྒྱ་ནག་གཞུང་འབྲེལ་ཐོག་ནས་བརྙན་འཕྲིན་ཞིག་པར་ལེན་བྱས་པ་དང༌། དེ་ཡང་དགོང་དྲོ་དམག་མི་རྐྱང་པ་ལས་གྲུབ་པའི་འཁྲབ་སྟོན་ཚོགས་པ་ཞིག་ནས་ལུས་ལ་གྲྭ་ཆས་སོགས་གྱོན་ཏེ་བོད་མིས་ངོ་རྒོལ་བྱས་པ་དང༌། དམག་མིར་རྒོལ་ལན་སློག་སྟེ་བཞུས་པ་སོགས་དྲག་སྤྱོད་ཀྱི་རྣམ་པ་མཚོན་པ་འཁྲབ་ཀྱིན་ཡོད་ཅིང༌། ཚོད་དཔག་བྱས་ན་གློག་བརྙན་དེ་རིམ་པས་རྒྱལ་སྤྱིའི་སྟེང་བོད་མིས་དྲག་སྤྱོད་ཀྱིས་ལས་འགུལ་སྤེལ་རྐྱེན་གྱིས་དེར་དྲག་ཆས་དམག་མི་སོགས་ནས་རང་སྲུང་ཆེད་གདོང་ལེན་བྱས་པ་ཡིན་ཚུལ་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་བྱེད་རྒྱུའི་འཆར་གཞིས་པར་ལེན་བྱས་པ་ཚོད་དཔག་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་གྱི་སྔ་དྲོ་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ། ༡༽ ཆུ་མཁར་གྲོང་ཚོ་ནས་བཙུན་མ་རྡོ་རྗེ་མཁའ་འགྲོ་དང༌། ༢༽ བྲག་ཁ་གྲོང་ཚོ་ནས་བཙུན་མ་པདྨ་ལྷ་མོ། ༣༽ འོ་བཟང་གྲོང་ཚོ་ནས་བཙུན་མ་རྒྱལ་ཧོར་ལྷ་མོ། ༤༽ བྲག་གདོང་གྲོང་ཚོ་ནས་བཙུན་མ་བྱམས་པ་ལྷ་སྒྲོན༼ལྷ་སྒྲོན།༽ ༥༽ ཡ་ནང་གྲོང་ཚོ་ནས་དབང་ཆེན་ལྷ་མོ་༼ཡེ་ཤེས་ལྷ་མོ༽ བཅས་དང༌། ༦༽ ཆུ་མགོ་སྤང་སྟེང་གྲོང་ཚོ་ནས་མི་སྐྱ་བསོད་དགའ་བཅས་བཙུན་མ་ལྔ་དང་མི་སྐྱ་གཅིག་བཅས་དཀར་ མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱེད་པར་ཕྱིན་པ་དང༌། བཙུན་མ་རྣམས་༼རྒྱ་ཟམ་༽ཟམ་པ་ཟེར་བའི་ཟམ་ཆེན་བརྒྱུད་དེ་རྫོང་ཐོག་ཏུ་ཡོང་སྐབས་དྲག་ཆས་དམག་མི་དང་ཉེན་རྟོག་པས་བཀག་སྡོམ་གྱིས་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། དེ་ནས་ཚུར་ཡོང་མ་ཐུབ་པར་ཐག་རིང་ནས་ཟམ་ཆུང་བསྐོར་ཏེ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གྱིས་ཡིག་ཆ་འབོར་ཆེར་བཀྲམ་པ་དང་འབོད་ཚིག་འདྲ་མིན་བསྒྲོགས་པས། དྲག་ཆས་ཉེན་རྟོག་པས་ཁོང་རྣམས་ལ་མི་སྤྱོད་ལས་འདས་པའི་ཉེས་རྡུང་འོག་ས་གནས་དེ་རང་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་ཟླ་བ་ ༦ ཙམ་གྱི་རྗེས་སུ་གློད་གྲོལ་ཐོབ་པ་བཙུན་མ་གསུམ་དང༌། ཟླ་བ་བདུན་བརྒྱད་ཙམ་གྱི་རིང་བཙོན་དུ་བཀག་ཉར་བྱས་ཏེ་མཐར་ལོ་ ༧ ནས་ ༣ བར་གྱི་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་བྱུང༌། ༡༽ བཙུན་མ་རྡོ་རྗེ་མཁའ་འགྲོ་ནི། དཀར་མཛེས་མདའ་མདོ་ཤང༌། ཆུ་མཁར་གྲོང་ཆུ་མཁར་ཚང་གི་ཕ་རྟ་དགའ་དང༌། མ་ཕུན་ཚོགས་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་ཟླ་བ་དྲུག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༧ གྱིས་ཁྲིམས་ཐག་བཅད་དེ་བཙོན་ཏུ་བཀག་ཉར་བྱེད་མུས་ཡིན་འདུག་ལ། ཁྲིམས་ཆད་སྐབས་མོའི་ཕ་དང་སྤུན་མཆེད་ཚུལ་ཁྲིམས་གཉིས་ཁྲིམས་ར་ལ་ཕྱིན་ཡོད་སྟབས་ཚུལ་ཁྲིམས་རྣམ་འགྱུར་ཡག་པོ་མེད་པ་ལ་བསྙད་དེ་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ཉིན་དེའི་ཕྱི་དྲོར་གློད་གྲོལ་ཐོབ་ཡོད་འདུག ༢༽ བཙུན་མ་པདྨ་ལྷ་མོ་ནི། དཀར་མཛེས་གསེར་ཁ་ཤང༌། བྲག་ཁ་གྲོང་དུ་ཕྱི་ལོ་ ༡༩༧༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་ཟླ་བ་བརྒྱད་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡ པོའི་ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག ༣༽ བཙུན་མ་རྒྱལ་ཧོར་ལྷ་མོ་ནི། དཀར་མཛེས་མདའ་མདོ་ཤང༌། འོ་བཟང་གྲོང་ནས་ཕ་ཚེ་འདས་བརྩོན་འགྲུས་དང༌། མ་ཚེ་འདས་ཡ་མ་ཆོས་སྐྱིད་གཉིས་སུ་ ༡༩༥༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༥༥ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་ཉེས་རྡུང་སོགས་ཀྱི་རྐྱེན་ལས། ད་ཆ་གཟུགས་པོ་ནད་གཅོང་ཆགས་ཏེ་ཟླ་ཤས་རྗེས་སུ་གློད་གྲོལ་བཏང་འདུག་ནའང༌། ཉིན་བཅུ་རེར་མཚམས་སུ་ས་གནས་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་འགོད་པར་འགྲོ་དགོས་ཀྱི་ཡོད་སྟབས། བཙོན་འོག་ཏུ་ཡོད་པ་ལྟ་བུའི་སེམས་སྡུག་འོག་གནས་མུས་ཡིན་འདུག། ༤༽ བཙུན་མ་བྱམས་པ་ལྷ་སྒྲོན་༼ལྷ་སྒྲོན་༽ནི། དཀར་མཛེས་གསེར་ཁ་ཤང༌། བྲག་གདོང་གྲོང་དུ་ཕ་ངག་བསྟན་དང༌། མ་ཚེ་འདས་དཔལ་སྐྱིད་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་རྐྱེན་གཟུགས་པོ་ནད་གཅོང་ཆགས་ཏེ་ཟླ་ཤས་རྗེས་སུ་གློད་གྲོལ་བཏང་འདུག་ནའང༌། ཉིན་བཅུ་རེའི་མཚམས་སུ་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་འགོད་པར་འགྲོ་དགོས་ཀྱི་ཡོད་སྟབས། བཙོན་འོག་ཏུ་གནས་པ་ལྟ་བུའི་སེམས་སྡུག་འོག་གནས་མུས་ཡིན་འདུག ༥༽ བཙུན་མ་ཡེ་ཤེས་ལྷ་མོ་ནི། དཀར་མཛེས་ཀཿབྲག་ཤང༌། ཡ་ནང་གྲོང་ཚོ་ནས་ཕ་ཚེ་ལས་འདས་པ་ཞིག་དང༌། མ་དཔའ་མོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་རྐྱེན་གཟུགས་པོ་ནད་གཅོང་ཆགས་ཏེ་ཟླ་ཤས་རྗེས་སུ་གློད་གྲོལ་བཏང་འདུག་ནའང༌། ཉིན་བཅུ་རེའི་མཚམས་སུ་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་འགོད་པར་འགྲོ་དགོས་ཀྱི་ཡོད་སྟབས། བཙོན་འོག་ཏུ་གནས་པ་ལྟ་བུའི་སེམས་སྡུག་འོག་གནས་མུས་ཡིན་འདུག་པ་དང༌། མ་ཚད་མོའི་ཕ་མ་གཅིག་པའི་སྤུན་མཆེད་དཀར་མཛེས་དགོན་གྱི་གྲྭ་སྐལ་བཟང་ཉི་མས་རོགས་གཅིག་དང་མཉམ་དུ་སྔ་ལོ་ ༢༠༠༨ ཕྱི་ཟླ་ ༦ ཚེས་ ༩ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་ཟིན་ཡོད་འདུག ༦༽ མི་སྐྱ་བུ་བསོད་དགའ་ནི། དཀར་མཛེས་རོལ་ཚ་ཤང༌། ཆུ་མགོ་སྤང་སྟེང་གྲོང་ནས་༼བཅག་ཀྲུང་༽ཚང་གི་ཕ་ཡ་ལུ་དང༌། མ་འབུས་དགའ་གཉིས་སུ་ཕྱི་ལོ་ ༡༩༧༤ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་སྐབས་ཉེན་རྟོག་པས་ཁོང་གི་མགོ་ལ་ལྕགས་མདའ་བཞུས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་ཁར་རོགས་པ་ཚོ་དང་ལྷན་དུ་འཛིན་བཟུང་གིས་བཙོན་དུ་བཀག་ཉར་བྱེད་སྐབས་སུ་ཁོང་ནས་སླར་ཡང་ བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ ཅེས་སོགས་ཀྱི་སྐད་འབོད་བྱས་རྐྱེན་གྱིས་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་༼མིའང་སྲ༽ཟེར་བའི་བཙོན་ཁང་ཞིག་གི་ནང་བཀག་ཉར་བྱས་ཡོད་འདུག་ལ། བཙོན་ཁང་དེར་ལྟ་སྲུང་བྱེད་མཁན་ཡང་དཀར་མཛེས་རང་ནས་ཉེན་རྟོག་པ་མང་པོ་ཞིག་བཏང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་གྱི་ཉིན་གུང་དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ་ཡེ་ཤེས་ཆོས་མཚོ་དང༌། སྒྲོན་དབྱངས། ཆོས་མཚོ་སྒྲོལ་མ་གསུམ་གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་ཁྲོམ་བསྐོར་བྱེད་སྐབས་དྲག་ཆས་ཉེན་རྟོག་པ་དང༌། དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་ས་གནས་དེ་རང་ནས་འཛིན་བཟུང་གིས་བཙོན་འཇུག་བྱས་པ་དང༌། དེ་ནས་ཟླ་བ་བདུན་བརྒྱད་ཙམ་གྱི་རྗེས་སུ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༢ དང་ཕྱེད་ནས་ ༡ དང་ཕྱེད་བར་ཁྲིམས་ཆད་བཏང་སྟེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ནང་བསྐྱལ་ཡོད་འདུག། ༡༽ བཙུན་མ་ཡེ་ཤེས་ཆོས་མཚོ་ནི། དཀར་མཛེས་མདའ་མདོ་ཤང༌། གཙོ་གཞིས་གྲོང་ཚོ་ནས་ཕ་བྱམས་པ་ཕུན་ཚོགས་དང༌། མ་བུ་མོ་ཡ་ལུ་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་དྲུག་ཙམ་གྱི་རྗེས་སུ་ ༢༠༠༨ ཕྱི་ཟླ་ ༡༡ པའི་ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༢ དང་ཕྱེད་ཀྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་ནང་དུ་བཀག་ཉར་བྱས་ཡོད་འདུག། ༢༽ བཙུན་མ་སྒྲོན་དབྱངས་ནི། དཀར་མཛེས་ཀཿབྲག་ཤང༌། ཡ་ནང་གྲོང་ཚོ་འོ་མ་ཁ་ཚང་གི་ཕ་ཕུན་ཚོགས་དབང་གྲགས་དང༌། མ་རྡོ་རྗེ་འཕགས་མོ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་རྗེས་ཟླ་བ་བདུན་ཙམ་གྱི་རིང་ལ་གར་སོང་ཆ་མེད་དུ་གྱུར་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ པའི་ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༡ དང་ཟླ་བ་ ༩ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཉེ་འགྲམ་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག། ༣༽ བཙུན་མ་ཆོས་མཚོ་སྒྲོལ་མཆོས་མཚོནི། དཀར་མཛེས་མདའ་མདོ་ཤང༌། ཁ་ཤུལ་གྲོང་དུ་ཕ་བཀྲ་རྡོར་དང༌། མ་བུ་མོ་བློ་དགའ་གཉིས་སུ་ཕྱི་ལོ་ ༡༩༨༩ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༠ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བརྒྱད་ཙམ་གྱི་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡ པོའི་ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༡ དང་ཕྱེད་ཀྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༥།༠༠ ཙམ་ལ་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཞལ་གྲངས་ ༨༠ ལྷག་ཡོད་པ་ནས་ཉིན་དེར་གྲོང་ཚོ་ཁག་ཏུ་ཞབས་བརྟན་ལ་སོང་བ་ཁག་གཅིག་མ་གཏོགས་གཞན་དཀར་མཛེས་རང་ནས་ཡིན་པ་ ༤༢ དང༌། སྟོང་འཁོར་ནས་ཡིན་པ་ ༥ ལྕོག་རི་ནས་ཡིན་པ་ ༧ བཅས་ཁྱོན་བཙུན་མ་གྲངས་ ༥༤ ཙམ་དགོན་པ་ནས་རྫོང་ཐོག་ཏུ་ཕྱིན་ཏེ་ཐོག་མར་བཙུན་མ་ཚོ་ཁག་གཉིས་བགོས་ཏེ་ཚོ་ཁག་གཅིག་ཤུག་རི་གླིང་ནས་ཡོང་བ་དང༌། ཚོ་ཁག་གཅིག་ཏྲེ་ཤོད་གུར་མགོན་ལྷ་ཁང་༼བདེ་མགོན་པོ༽ཡོད་ས་ནས་ཡོང་སྟེ་ཞི་རྒོལ་གྱི་འབོད་ཚིག་ནི། བྱབྱ བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བྱབྱ ཞེས་སོགས་ཀྱི་སྐད་འབོད་ཤུགས་ཆེར་བྱས་པ་དང་བོད་དོན་སྐོར་གྱི་ཡིག་ཆ་མང་པོ་གནམ་ལ་གཏོར་བཞིན་དཀར་མཛེས་རྫོང་གི་ཟམ་པའི་ཉེ་འགྲམ་སུམ་མདོ་རུ་མཉམ་འཛོམས་བྱུང་ཞིང༌། དེ་རྗེས་ཟམ་པ་ཕར་ཕྱོགས་ཀྱི་ཉེན་རྟོག་པའི་ལས་ཁུུངས་མདུན་བར་སྐད་འབོད་བྱེད་བཞིན་ཕྱིན་སྐབས་སུ། ཉེན་རྟོག་པ་དང་དྲག་ཆས་དམག་མིས་བཙུན་མ་རྣམས་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་རྐྱེན་གྱིས་ས་གནས་དེར་ཁྲག་གིས་ཁེངས་ཡོད་འདུག། བཙུན་མ་ཁ་ཤས་ཀྱི་གཟན་དང་ལྷམ་སོགས་ཕུད་ནས་གྱོན་རྒྱུའི་གོ་སྐབས་ཙམ་ཡང་མ་བྱུང་བར་རླངས་འཁོར་ནང་བླུགས་ཏེ་བཙན་ཁྲིད་བྱས་འདུག་པ་དང༌། སྐབས་དེ་དུས་ཡང་རླངས་འཁོར་ནང་ནས་ཁོང་རྣམ་པས་ བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱལ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག། བྱབྱ ཅེས་སོགས་ཀྱི་སྐད་འབོད་རྒྱག་པ་སོགས་མཐོང་བ་ཙམ་གྱིས་ཡིད་སྐྱོ་དགོས་པ་དང༌། ཉེ་འཁོར་གྱི་མི་གཞན་རྣམས་ཀྱང་རང་སར་སྡོད་བཟོད་མེད་པའི་དྲན་སྐུལ་ཤུགས་ཆེ་ཞིག་བཏང་ཡོད་འདུག བཙུན་མ་རྣམས་འཛིན་བཟུང་གིས་དཀར་མཛེས་བཙོན་ཁང་ནང་དུ་བཀག་ཉར་བྱས་པ་དང༌། དེ་ནས་ཉིན་ཤས་རྗེས་སུ་སླར་ཡང་ཉེན་རྟོག་པས་རླངས་འཁོར་ནང་བླུགས་ཏེ་དར་རྩེ་མདོའི་བཙོན་ཁང་ནང་སྐྱེལ་འདྲེན་བྱས་པའི་སྐབས་སུ་ལམ་བར་དུའང་བཙུན་མ་རྣམས་ཀྱིས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་ཡོད་པ་དང༌། དར་རྩེ་མདོའི་བཙོན་ཁང་ནང་དུ་དུས་བཀག་བཙོན་འཇུག་ཟླ་བ་ ༤ ལྷག་བྱས་རྗེས། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ དང་ ༡༨ གཉིས་སུ་རིམ་བཞིན་བཙུན་མ་མང་ཤོས་གློད་གྲོལ་ཐོབ་འདུག་ནའང། ད་དུང་བཙུན་མ་གྲངས་ ༡༢ ཙམ་མུ་མཐུད་བཙོན་འོག་ཏུ་གནས་མུས་ཡིན་པ་ནས་བཙུན་མ་དྲུག་ལ་ལོ་ ༢ ནས་ ༡༠ བར་གྱི་ཁྲིམས་ཐག་བཅད་ཟིན་པ་དང༌། ལྷག་མ་ ༦ ལ་ཁྲིམས་ཆད་བཏང་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་རྟོགས་མ་བྱུང༌། གོང་ཚེས་ ༡༥ དང་ ༡༨ གཉིས་སུ་བཙུན་མ་རྣམས་གློད་གྲོལ་གཏོང་སྐབས་སུ་ཡུལ་མི་རྣམས་ཀྱིས་ཕེབས་བསུས་ཁ་བཏགས་གཡོག་པ་སོགས་བྱས་རྐྱེན་གྱིས། རྗེས་སུ་གློད་གྲོལ་གཏོང་སྐབས་མི་གཞན་གྱིས་མ་ཤེས་པ་བྱས་ཏེ་མཚན་དཀྱིལ་དུ་གློད་གྲོལ་གཏོང་བཞིན་ཡོད་འདུག གློད་གྲོལ་ཐོབ་པའི་བཙུན་མ་ཁག་དགོན་པ་ནས་ཕྱིར་འབུད་བྱས་པ་མ་ཟད། ཉིན་བཅུ་རེའི་ནང་ས་གནས་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་འགོད་བར་འགྲོ་དགོས་ཀྱི་ཡོད་འདུག བཙུན་མ་རྣམས་ཀྱིས་ཞི་རྒོལ་བྱེད་དགོས་དོན་ནི། རྒྱ་གཞུང་ནས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་གཙོ་བོ་གྱུར་པའི་སེར་སྐྱ་མི་དམངས་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་གྱི་མིང་ཐོག་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུར་བཅུག་པ་དང༌། བོད་མི་རྣམས་ཀྱིས་སྤེལ་བའི་ཞི་བའི་ངོ་རྒོལ་ལ་དྲག་སྤྱོད་ཅེས་མིང་འདོགས་ཀྱིས་ྋགོང་ས་མཆོག་གིས་དབུས་རང་གཞུང་ནས་བརྒྱུད་བསྐུལ་བྱས་ཚུལ་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆའི་སྟེང་དུ་ས་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མོས་བཞིན། སྤང་རི་སྣ་དགོན་དུའང་ཉིན་ཤས་སྔོན་རྒྱ་དམར་མང་དག་ཅིག་སླེབས་ཏེ་བཙུན་མ་ཡོངས་ནས་ྋགོང་ས་མཆོག་དང་རང་གཞུང་ལ་ཁ་བྲལ་རིང་ལུགས་པ་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆའི་སྟེང་དུ་ས་རྟགས་འགོད་དགོས་པ་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་དགོས་པ་སོགས་ཀྱི་སྐོར་ལ་བཙུན་མ་རྣམས་འདུ་བསྐོང་གིས་ཁྱབ་བསྒྲགས་བྱས་པར་བརྟེན། བཙུན་མ་རྣམས་རང་འགུལ་གྱིས་རུག་རུག་བྱས་ཏེ་མགྲིན་དབྱངས་གཅིག་གིས་ྋགོང་ས་མཆོག་ལ་མཚན་སྨད་དང༌། བདེན་པ་མ་ཡིན་པའི་གནས་དོན་ལ་རྒྱབ་སྐྱོར་གྱི་ས་རྟགས་འགོད་པ་ལས་ཤི་ན་དགའ་ཞེས་བཤད་དེ། དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱེད་པར་འགྲོ་རྒྱུའི་སེམས་ཐག་གཙང་བཅད་ཀྱིས་སེམས་ནང་གི་སྡུག་བསྔལ་ཕྱིར་འཐོན་ནས་ཞི་རྒོལ་བྱེད་པར་འགྲོ་མཁན་གྱི་མིང་གཞུང་གཤམ་གསལ་བཞིན། ༡༽ དགེ་ཆུང་གྲོང་སྡེ་ནས་བསོད་ནམས་ལྷ་མཚོ།བསོད་ལྷ་མཚོ ༢༽ དགེ་ཆུང་གྲོང་སྡེ་ནས་བུ་མོ།དགེ་ཆུང་བུ་མོ ༣༽ ཕུག་ཡུལ་ནང་གྲོང་སྡེ་ནས་རིག་འཛིན་ཆོས་མཚོ། ༤༽ ཆུ་ཁ་ནང་གྲོང་སྡེ་ནས་བཀྲིས་ལྷ་མོ།བཀྲིས་ལྷ་དབང༌། ༥༽ དགེ་ཆུང་རྫོང་མགོ་གྲོང་སྡེ་ནས་དབྱངས་ཅན་མཁའ་འགྲོ། ༦༽ འབྲུ་ལྔ་གྲོང་སྡེ་ནས་བསོད་དགའ། ༧༽ དགེ་ཆུང་གྲོང་སྡེ་ནས་བཟང་མོ།བཟང་དབང༌། ༨༽ འབྲུ་ལྔ་གྲོང་སྡེ་ནས་ཕུན་ཚོགས། ༩༽ སུ་ངོ་གྲོང་སྡེ་ནས་ནོར་བུ་སྒྲོལ་མ།ནོར་བུ ༡༠༽ དགེ་ཆུང་གྲོང་སྡེ་ནས་ཚེ་དབང་མཚོ། ༡༡༽ སྟོང་འཁོར་འབོ་མདོ་གྲོང་སྡེ་ནས་བཀྲིས་སྒྲོལ་མ། ༡༢༽ དགེ་ཆུང་གྲོང་སྡེ་ནས་གི་ལུ། ༡༣༽ ཕུག་ཡུལ་ནང་གྲོང་སྡེ་ནས་འཆི་མེད་ལྷ་མོ། ༡༤༽ ཕུག་ཡུལ་ནང་གྲོང་སྡེ་ནས་ཚེ་ལུ། ༡༥༽ དགེ་ཆུང་གྲོང་སྡེ་ནས་དབྱངས་ཅན་མཁའ་འགྲོ།དབྱངས་ཅན ༡༦༽ འབྲུ་ལྔ་གྲོང་སྡེ་ནས་བསོད་ནམས་དཔལ་སྒྲོན།བསོད་དཔལ་སྒྲོན ༡༧༽ ལྷོ་པ་གྲོང་སྡེ་ནས་བསོད་ནམས་ཆོས་སྒྲོན།བསོད་ཆོས་སྒྲོན ༡༨༽ ཕུག་ཡུལ་ནང་གྲོང་སྡེ་ནས་བྱམས་སྒྲོན། ༡༩༽ དགེ་ཆུང་བླ་བྲང་གྲོང་སྡེ་ནས་མཁའ་དགའ། ༢༠༽ དགེ་ཆུང་གྲོང་སྡེ་ནས་ཨ་ལོ་འཆི་མེད།འཆི་མེད་ལྷ་མོ ༢༡༽ འབྲུ་ལྔ་གྲོང་སྡེ་ནས་བསོད་ནམས་བདེ་སྐྱིད།བསོད་བདེ་སྐྱིད ༢༢༽ དགེ་ཆུང་གྲོང་སྡེ་ནས་བློ་བཟང་ལྷ་མོ། ༢༣༽ གཤོང་གཉེརགྲོང་སྡེ་ནས་ནམ་མཁའ་ཆོས་མཚོ། ༢༤༽ ལྷོ་པ་གྲོང་སྡེ་ནས་འཇམ་དབྱངས་ལྷ་མོ།འཇམ་ལྷ་དབྱངས ༢༥༽ དགུ་མཁར་གྲོང་སྡེ་ནས་བསོད་སྐུ། ༢༦༽ ཆུ་ཁ་ནང་གྲོང་སྡེ་ནས་བློ་བཟང་དབྱངས་མཚོ། ༢༧༽ ལ་སྒང་སྟེང་གྲོང་སྡེ་ནས་རྡོ་རྗེ་མཁའ་འགྲོ། ༢༨༽ ཆུ་ཁ་ནང་གྲོང་སྡེ་ནས་བུ་མོ་ཚེ་དགའ། ༢༩༽ རྩག་ལེགས་གྲོང་སྡེ་ནས་ལྷ་དགའ། ༣༠༽ དགུ་མཁར་གྲོང་སྡེ་ནས་འོ་མཚོ། ༣༡༽ གོ་ལུ་ཕུག་གྲོང་སྡེ་ནས་ལྷ་དགའ། ༣༢༽ འབྲུ་ལྔ་གྲོང་སྡེ་ནས་དཔལ་སྐྱིད། ༣༣༽ ཕུག་ཡུལ་ནང་ཁ་ཟུར་ལ་མདུན་གྲོང་སྡེ་ནས་སྒྲོན་དགའ། ༣༤༽ གཞི་ལུ་མདའ་གྲོང་སྡེ་ནས་རིག་དགའ། ༣༥༽ གཤོང་གཉེརགྲོང་སྡེ་ནས་པདྨ་དབྱངས་མཚོ། ༣༦༽ འབྲུ་ལྔ་གྲོང་སྡེ་ནས་ཆོས་དཔལ་བསོད་ནམས། ༣༧༽ གསེར་ཏོག་གྲོང་སྡེ་ནས་ཕུན་དགའ། ༣༨༽ འབྲུ་ལྔ་གྲོང་སྡེ་ནས་བསོད་ནམས་ཆོས་སྒྲོན། ༣༩༽ ཕུག་ཡུལ་ནང་གྲོང་སྡེ་ནས་གཡུ་སྒྲོན། ༤༠༽ ལྷོ་པ་གྲོང་སྡེ་ནས་དཀོན་མཆོག། ༤༡༽ ལྷོ་པ་གྲོང་སྡེ་ནས་ཆོས་དབྱངས།ཆུ་དབྱངས ༤༢༽ རྩག་ལེགས་གྲོང་སྡེ་ནས་དབྱངས་ཅན། ༤༣༽ ཕུག་ཡུལ་ནང་གྲོང་སྡེ་ནས་བུ་མོ།ཕུག་ཡུལ་ནང་བུ་མོ་ ༤༤༽ སྟོང་འཁོར་ནས་དབང་ཆེན་ལྷ་མོ། ༤༥༽ སྟོང་འཁོར་ནས་འཆི་མེད་སྒྲོལ་མ། ༤༦༽ སྟོང་འཁོར་ནས་གཡུ་སྒྲོན་ལྷ་མོ། ༤༧༽ སྟོང་འཁོར་ནས་དཔལ་ལྡན་ལྷ་མཚོ། ༤༨༽ ཏྲེ་བོ་ནས་ཆོས་ལྷ། ༤༩༽ ཏྲེ་བོ་ནས་མཚོ་མོ། ༥༠༽ ཏྲེ་བོ་ནས་ཡེ་ཤེས་མཚོ། ༥༡༽ ཏྲེ་བོ་ནས་བསོད་ནམས་དབྱངས་མཚོ། ༥༢༽ ཏྲེ་བོ་ནས་ཉི་མ་ལྷ་མོ། ༥༣༽ ཏྲེ་བོ་ནས་དཔེ་གཅུང༌། ༥༤༽ ཏྲེ་བོ་ནས་རིན་དབྱངས། བཅས་ཁྱོན་བཙུན་མ་ ༥༤ ཙམ་ཞི་རྒོལ་བྱེད་སའི་ས་གནས་དེ་ནས་དྲག་ཆས་ཉེན་རྟོག་པ་དང་དམག་མིས་ལྕགས་མདའ་དང༌། གློག་རྒྱུག་སོགས་བཀོལ་སྤྱོད་འོག་ཏུ་མི་སྤྱོད་ལས་འདས་པའི་རྡུང་རྡེག་གཏོང་བཞིན་འཛིན་བཟུང་གིས་བཀག་ཉར་བྱས་པ་དང༌། སྐབས་དེར་བཙུན་མ་མང་ཆེ་ཤོས་ལ་རྨས་སྐྱོན་ལྕི་མོ་ཕོག་པ་སོགས་ཀྱི་གནས་ཚུལ་ཀྱང་བྱུང་འདུག་ཅིང་གོང་གསལ་དེའི་ཁོངས་ནས། ༡༽ བཙུན་མ་བསོད་ནམས་ལྷ་མཚོ་ནི། དཀར་མཛེས་སུ་ངོ་ཤང༌། དགེ་ཆུང་གྲོང་ཚོ་ནས་ཕ་ཡེ་ཤེས་རྒྱལ་མཚན་དང༌། མ་༼བུང་སྡོང་༽གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་འདུག་པ་དང༌། གོང་གསལ་བཞིན་ཁོང་ནས་སྤང་རི་སྣ་བཙུན་མ་རྣམས་ཀྱིས་ཞི་རྒོལ་གྱི་ལས་དོན་རྣམས་ཕྲན་ནས་བརྒྱུད་བསྐུལ་བྱས་པ་ཡིན་མ་གཏོགས། སྤང་རི་སྣ་རིན་པོ་ཆེ་མཆོག་གི་དབུས་བཙུན་མ་རྣམས་ལ་ཉེས་པ་གང་ཡང་མེད་ཅེས་འགན་ལེན་བྱས་རྐྱེན་གྱིས་ཟླ་བ་བཞི་ཙམ་གྱི་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༩ པའི་ནང་དུ་མོ་ལ་དུས་བཀག་བཙོན་འཇུག་ལོ་ ༡༠ ཁྲིམས་ཐག་བཅད་དེ་དར་རྩེ་མདོ་ནས་ལམ་ཐག་ལེ་དབར་བརྒྱ་ལྷག་ཙམ་གྱི་སར་༼ཧྲིལ་མིན༽ཟེར་བའི་ས་གནས་སུ་བཙོན་ཁང་ཞིག་ནང་བསྐྱལ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག། མོ་ནི་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་ཡིན་འདུག ༢༽ བཙུན་མ་དགེ་ཆུང་བུ་མོ་ནི། དཀར་མཛེས་སུ་ངོ་ཤང༌། དགེ་ཆུང་གྲོང་སྡེ་ནས་ཕ་རྒྱ་མི་ཞིག་དང༌། མ་ཞིས་མོ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ ༣༧ ཡིན་པ་དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་ཞིག་ཡིན་འདུག་ཅིང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ཙམ་གྱི་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༩ ནང་ཁྱིམ་དུ་ཡི་གེ་ཞིག་འབྱོར་ནས་ད་སྐབས་༼ཧྲིལ་མིན༽ཟེར་བའི་སར་བཙོན་ཁང་ཞིག་ནང་ཡོད་པ་དང༌། མོ་ལ་དུས་བཀག་བཙོན་འཇུག་ལོ་ ༩ ཁྲིམས་ཐག་བཅད་ཟིན་པ་སོགས་ཀྱི་ནང་དོན་འཁོད་པའི་ཡི་གེ་ཞིག་འབྱོར་མཚམས་སུ་གཞི་ནས་ནང་མི་ཉེ་འབྲེལ་རྣམས་ཀྱིས་ཤེས་རྟོགས་བྱུང་བ་ལས། ཁྲིམས་བཅད་སྐབས་སུ་ཁྲིམས་ལྟར་གྱི་ནང་མིར་ལན་སྐྱེལ་བ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མི་འདུག་ཅིང་རྗེས་སུ་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔར་ཕྱི་ལོ་ ༢༠༠༨ ཟླ་ ༩ པའི་ནང་བཙུན་མ་མང་ཤོས་གློད་གྲོལ་ཐོབ་རྐྱེན་ནི་བསོད་ནམས་ལྷ་མཚོ་དང་མོ་གཉིས་ཀྱིས་འགན་ལེན་བྱས་པའི་རྐྱེན་གྱིས་ཡིན་འདུག ༣༽ བཙུན་མ་རིག་འཛིན་ཆོས་མཚོ་ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་གྲོང་ཚོ་ནས་ཕ་དབང་འདུས་དང༌། མ་ལྷ་མོ་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་གི་ནང་བཀག་ཉར་བྱེད་མུས་ཡིན་འདུག ༤༽ བཙུན་མ་བཀྲིས་ལྷ་མོ་༼བཀྲིས་ལྷ་དབང༽ནི། དཀར་མཛེས་ལྷོ་པ་ཤང༌། ཆུ་ཁ་ནང་གྲོང་སྡེ་ནས་ཁང་ཟུར་ཁག་ཚང་གི་ཕ་ཚེ་འདས་ཕུར་བུ་དང༌། མ་ཚེ་འདས་མགོ་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༩ ཡས་མས་ཤིག་ལ་དུས་བཀག་བཙོན་འཇུག་ལོ་ ༢ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག ༥༽ བཙུན་མ་དབྱངས་ཅན་མཁའ་འགྲོ་ནི། དཀར་མཛེས་སུ་ངོ་ཤང༌། རྫོང་མགོ་གྲོང་ནས་ཕ་ཚེ་འདས་བཀྲིས་དོན་འགྲུབ་དང༌། མ་ཚེ་འདས་སྐལ་བཟང་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༩ དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་དང་དབུ་མཛད་ཟུར་པ་ཡིན་འདུག། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༩ ཡས་མས་ཤིག་ལ་དུས་བཀག་བཙོན་འཇུག་ལོ་ ༢ གྱིས་ཁྲིམས་ཐག་བཅད་རྗེས་ཉེས་རྡུང་སོགས་ཀྱིས་རྐྱེན་པས་ནད་གཞི་ཛ་དྲག་ཅིག་ཕོག་སྟེ་རྒྱ་ནག་ཕྱོགས་ཀྱི་སྨན་ཁང་ཞིག་གི་ནང་ལྷག་ཡོད་འདུག ༦༽ བཙུན་མ་བསོད་དགའ་ནི། དཀར་མཛེས་སུ་ངོ་ཤང༌། འབྲུ་ལྔ་གྲོང་སྡེ་ནས་ཕ་སྟོབས་ལྡན་དང༌། མ་བློ་བཟང་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༩ པ་ཡས་མས་ཤིག་ལ་དུས་བཀག་བཙོན་འཇུག་ལོ་ ༢ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག ༧༽ བཙུན་མ་བཟང་མོ་ནི། དཀར་མཛེས་སུ་ངོ་ཤང༌། དགེ་ཆུང་གྲོང་སྡེ་ནས་ཕ་མཐུ་དགའ་དང༌། མ་རྟ་མགྲིན་༼རྟ་མགྲིན་མགོན་པོ༽གཉིས་སུ་ཕྱི་ལོ་ ༡༩༦༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༠ ཡིན་པ་དང༌། སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་ཡིན་འདུག། གོང་གསལ་བཞིན་ཞི་རྒོལ་བྱེད་སྐབས་དྲག་ཆས་དམག་མིས་ཉེས་རྡུང་འོག་འཛིན་བཟུང་བྱས་པ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་པ་དང༌། ཉེ་སྔོན་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མ་བྱུང༌། ༨༽ བཙུན་མ་ཕུན་ཚོགས་ནི། དཀར་མཛེས་སུ་ངོ་ཤང༌། འབྲུ་ལྔ་གྲོང་སྡེ་ནས་ཕ་ཚེ་འདས་བློ་བཟང་ཡེ་ཤེས་དང༌། མ་ཚེ་འདས་སྐལ་བཟང་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་པ་དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་དང་དབུ་མཛད་ཟུར་པ་རེད་འདུག། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་བཟུང་ད་བར་བཙོན་འོག་ཏུ་གནས་མུས་ཡིན་ཡང་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་ཤེས་གསལ་མ་བྱུང༌། ༩༽ བཙུན་མ་ནོར་བུ་སྒྲོལ་མ་༼ནོར་བུ༽ནི། དཀར་མཛེས་སུ་ངོ་ཤང༌། སུ་ངོ་གྲོང་སྡེ་ནས་ཕ་༼རྩེ་པ༽དང༌། མ་༼ཞི་བདེའི་༽གཉིས་སུ་ཕྱི་ལོ་ ༡༩༦༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༣ ཡིན་པ་དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་དང་དབུ་མཛད་ཟུར་པ་ཡིན་འདུག། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས། ཉེ་སྔོན་དཀར་མཛེས་རྫོང་ཐོག་བཙོན་ཁང་ཞིག་གི་ནང་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་མ་བྱུང༌། ༡༠༽ བཙུན་མ་ཚེ་དབྱངས་མཚོ༼ཚེ་དབང་མཚོ༽ནི། དཀར་མཛེས་སུ་ངོ་ཤང༌། རྫོང་མགོ་གྲོང་སྡེ་ནས་ཕ་ཚེ་འདས་རྒྱ་མི་ཞིག་དང༌། མ་འཆི་མེད་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༩ ཡིན་པ་དང༌། སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་ཡིན་འདུག། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས། ཉེ་སྔོན་དཀར་མཛེས་རྫོང་ཐོག་བཙོན་ཁང་ཞིག་གི་ནང་དུ་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་མ་བྱུང༌། ༡༡༽ བཙུན་མ་བཀྲིས་སྒྲོལ་མ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། འབུམ་མདོ་གྲོང་ཚོ་ནས་གྲོང་སྨད་ཚང་གི་ཕ་བློ་དབྱངས་དང༌། མ་སྒྲོན་མ་དབྱངས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། མོ་དེ་སྔར་རྒྱ་དམར་ནས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་སྐབས་དེ་ནས་ཕྱིར་འབུད་བྱས་པར་བརྟེན། དཀར་མཛེས་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་རེད་འདུག་ལ། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་པ་དང༌། ཟླ་བ་ལྔ་དྲུག་ཙམ་གྱི་རྗེས་སུ་དཀར་མཛེས་རྫོང་ཐོག་ཏུ་བཙོན་ཁང་ཞིག་གི་ནང་དུ་ཡོད་པ་ཤེས་གསལ་བྱུང་བ་ལས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོར་མ་བྱུང༌། ༡༢༽ བཙུན་མ་གི་ལུ་ནི། དཀར་མཛེས་སུ་ངོ་ཤང༌། རྫོང་མགོ་གྲོང་སྡེ་ནས་ཕ་བྱམས་པ་རྒྱལ་མཚན་དང༌། མ་ཚེ་འདས་ཨ་ཆོས་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་པ་དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་དང་དབུ་མཛད་ཟུར་པ་ཡིན་འདུག། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༣༽ བཙུན་མ་འཆི་མེད་ལྷ་མོ་ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་གྲོང་སྡེ་ནས་ཕ་བློ་བསྟན་པ་དང༌། མ་སྒྲོན་དགའ་གཉིས་སུ་ཕྱི་ལོ་ ༡༩༦༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༠ ཡིན་པ་དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་ཞིག་རེད་ཡོད་འདུག་ལ། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༤༽ བཙུན་མ་ཚེ་ལུ་ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་གྲོང་ཚོ་ནས་ཕ་ཨ་ཕ་པདྨ་དང༌། མ་བཀྲིས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཡིན་པ་དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་ཞིག་ཡིན་འདུག། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༥༽ བཙུན་མ་དབྱངས་ཅན༼དབྱངས་ཅན་མཁའ་འགྲོ༽ནི། དཀར་མཛེས་སུ་ངོ་ཤང༌། དགེ་ཆུང་གྲོང་ཚོ་ནས་ཕ་ཚེ་འདས་ཨ་བོ་དང༌། མ་པདྨ་ལྷ་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་པ་དང་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་དང་དབུ་འཛིན་ཟུར་པ་ཞིག་རེད་འདུག་ལ། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༦༽ བཙུན་མ་བསོད་ནམས་དཔལ་སྒྲོན་ནི། དཀར་མཛེས་སུ་ངོ་ཤང༌། འབྲུ་ལྔ་གྲོང་སྡེ་ནས་ཕ་ཚེ་འདས་རྡོ་རྗེ་འགྱུར་མེད་དང༌། མ་ཚེ་འདས་རྒྱ་མཚོ་དཔའ་མོ་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༡༧༽ བསོད་ནམས་ཆོས་སྒྲོན༼བསོད་ཆོས་སྒྲོན༽ནི། དཀར་མཛེས་ལྷོ་པ་ཤང༌། ལྷོ་པ་གྲོང་སྡེ་ནས་ཕ་བསོད་དགའ་དང༌། མ་དཔལ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་ལ། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག་ཀྱང༌། ད་ཆར་སེམས་ཁམས་མི་བདེ་བའི་སྨྱོན་པ་ལྟ་བུར་ཆགས་ཡོད་འདུག ༡༨༽ བཙུན་མ་བྱམས་སྒྲོན་ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་གྲོང་སྡེ་ནས་ཕ་བསོད་ནམས་དར་རྒྱས་དང༌། མ་ཡེ་ཤེས་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག་ལ། ཁོང་གི་ཚ་མོ་ཐུབ་བསྟན་ལྷ་མོས་༼ཆོས་སྒྲོན་ལྷ་མོ༽ཀྱང་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌། ༡༩༽ བཙུན་མ་མཁའ་དགའ་ནི། དཀར་མཛེས་སུ་ངོ་ཤང༌། བླ་བྲང་གྲོང་སྡེ་ནས་ཕ་བྱམས་པ་རྒྱལ་མཚན༼བྱམས་དགའ༽དང༌། མ་བཀྲིས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས་ཉེ་སྔོན་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ཡས་མས་བར་ཟླ་བ་བརྒྱད་ཙམ་གྱི་རིང་བཙོན་འོག་ཏུ་བསམ་ཡུལ་ལས་འདས་པའི་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར་གློད་གྲོལ་ཐོབ་ཡོད་འདུག ༢༠༽ བཙུན་མ་ཨ་ལོ་འཆི་མེད༼འཆི་མེད་ལྷ་མོ་ནི། དཀར་མཛེས་སུ་ངོ་ཤང༌། དགེ་ཆུང་གྲོང་སྡེ་ནས་ཕ་ཨ་ལོ་དང༌། མ་སྐལ་བཟང་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་བྱས་པ་ནས་ད་བར་གནས་ཚུལ་གསལ་པོ་གང་ཡང་མ་བྱུང༌། ༢༡༽ བསོད་ནམས་བདེ་སྐྱིད་དམ་༼བསོད་བདེ་སྐྱིད་༽ནི། དཀར་མཛེས་སུ་ངོ་ཤང༌། འབྲུ་ལྔ་གྲོང་སྡེ་ནས་ཕ་རྟ་མགྲིན་སྐྱབས་དང༌། མ་ཚེ་འདས་བཀྲིས་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་ཅིང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༢༢༽ བཙུན་མ་བློ་བཟང་ལྷ་མོ་ནི། དཀར་མཛེས་སུ་ངོ་ཤང༌། དགེ་ཆུང་གྲོང་ཚོ་ནས་རྒྱལ་གཉེར་ཚང་གི་ཕ་བློ་དགའ་དང༌། མ་བུ་མོ་ཆུང་ཆུང་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༣༽ བཙུན་མ་ནམ་མཁའ་ཆོས་མཚོ་ནི། དཀར་མཛེས་ལྷོ་པ་ཤང༌། བཤོང་གཉེན་གྲོང་ཚོ་ནས་ཟམ་ཁ་ཚང་གི་ཕ་འཇམ་དབྱངས་བསྟན་འཛིན་དང༌། མ་བུ་མོ་རིན་ལུ་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༢༤༽ བཙུན་མ་འཇམ་ལྷ་མོ༼འཇམ་ལྷ་དབྱངས༽ནི། དཀར་མཛེས་ལྷོ་པ་ཤང༌། ལྷོ་པ་གྲོང་སྡེ་ནས་ཕ་རྒྱ་མཚོ་དང༌། མ་ཡེ་ཤེས་ལྷ་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༥༽ བཙུན་མ་བསོད་སྐུ་ནི། དཀར་མཛེས་ལྷོ་པ་ཤང༌། དགུ་ཁབ་གྲོང་སྡེ་ནས་ཕ་བྱམས་དོན་འགྲུབ་དང༌། མ་སྒྲོན་དགའ་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༦༽ བཙུན་མ་བློ་བཟང་དབྱངས་མཚོ་ནི། དཀར་མཛེས་ལྷོ་པ་ཤང༌། ཆུ་ཁ་གྲོང་སྡེ་ནས་ཕ་བསོད་ནམས་མགོན་པོ་དང༌། མ་ཡེ་ཤེས་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༢༧༽ བཙུན་མ་རྡོ་རྗེ་མཁའ་འགྲོ་ནི། དཀར་མཛེས་ལྷོ་པ་ཤང༌། ལྭ་སྒང་སྟེང་གྲོང་སྡེ་ནས་ཕ་བདེ་ལེགས་དང༌། མ་མིག་མིག་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༢༨༽ བཙུན་མ་བུ་མོ་ཚེ་དགའ་ནི། དཀར་མཛེས་ལྷོ་པ་ཤང༌། ཆུ་ཁ་གྲོང་སྡེ་ནས་ཕ་ཡེ་ཤེས་ཚེ་རིང་དང༌། མ་སྒྲོལ་དཀར་བུ་མོ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༢༩༽ བཙུན་མ་ལྷ་དགའ་ནི། དཀར་མཛེས་ལྷོ་པ་ཤང༌། རྩག་ལེག་གྲོང་སྡེ་ནས་ཕ་ཚེ་འདས་ཕུན་ཚོགས་བདེ་ལེགས་དང༌། མ་ཡེ་ཤེས་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག་ལ། མ་ཚད་ཁོང་གི་ཕ་མ་གཅིག་པའི་གཅུང་པོ་བཀྲིས་རྣམ་རྒྱལ་ཡང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་གསེར་རྟའི་ཞི་རྒོལ་ཆེན་མོའི་ནང་དུ་མཉམ་ཞུགས་བྱས་ནས་བྲོས་བྱོལ་དུ་ཕྱིན་པ་དང༌། ཡང་ཁོང་གི་ཕ་མ་གཅིག་པའི་གཅུང་པོ་དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་བྱམས་པ་དོན་གྲུབ་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༩ ཉིན་ས་ཞིང་འདེབས་ལས་མ་བྱས་པ་རྒྱ་གཞུང་ལ་ཞི་རྒོལ་བྱས་རྐྱེན་གྱིས་རྫོང་ཐོག་ནས་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌། ༣༠༽ བཙུན་མ་དབང་མཚོ༼འོ་མཚོ༽ནི། དཀར་མཛེས་ཐིང་ཁ་ཤང༌། དགུ་ཁབ་གྲོང་སྡེ་ནས་སྟོང་བེཚང་གི་ཕ་ཚེ་འདས་བཀྲིས་ཆོས་འབྱོར་དང༌། མ་རྡོ་རྡོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༣༡༽ བཙུན་མ་ལྷ་དགའ་ནི། དཀར་མཛེས་ལྷོ་པ་ཤང༌། གོ་ལུ་ཕུག་གྲོང་སྡེ་ནས་ཕ་བསོད་ནམས་མཐུ་སྟོབས་དང༌། མ་དགེ་འདུན་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༢༽ བཙུན་མ་དཔལ་སྐྱིད་ནི། དཀར་མཛེས་སུ་ངོ་ཤང་འབྲུ་ལྔ། རྫོང་ལུ་ནང་གྲོང་སྡེ་ནས་ཕ་མགོན་པོ་དང༌། མ་༼འུ་ལུ༽གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༣༽ བཙུན་མ་སྒྲོན་དགའ་ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་ཁ་ཟུར་ལྭ་མདུན་གྲོང་ཚོ་ནས་ཕ་བསྟན་རྒྱ་མཚོ་དང༌། མ་མགོན་པོ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༨༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༢ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༣༤༽ བཙུན་མ་རིག་དགའ་འམ་༼རིན་དགའ༽ནི། དཀར་མཛེས་སུ་ངོ་ཤང༌། གཞི་ལུ་གྲོང་སྡེ་ནས་ཕ་མཚོ་འབད་དང༌། མ་བསོད་ནམས་དཔལ་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ཡས་མས་བར་ཟླ་བ་བརྒྱད་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དཀར་མཛེས་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༥༽ བཙུན་མ་པདྨ་དབྱངས་མཚོ་ནི། དཀར་མཛེས་ལྷོ་པ་ཤང། གཤོང་གཉེར་གྲོང་སྡེ་ནས་འདབ་ཁུག་ཞབས་ཚང་གི་ཕ་ཚེ་འདས་བྱམས་པ་རྒྱལ་མཚན་དང༌། མ་སྐལ་བཟང་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༦༽ བཙུན་མ་ཆོས་དཔལ་བསོད་ནམས་ནི། དཀར་མཛེས་སུ་ངོ་ཤང༌། འབྲུ་ལྔ་གྲོང་སྡེ་ནས་ཕ་ཚེ་འདས་བློ་རིག་དཔལ་འབྱོར་དང༌། མ་ཚེ་འདས་དུང་མཚོ་སྒྲོལ་གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་འདུག་ལ། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༧༽ བཙུན་མ་ཕུན་དགའ་ནི། དཀར་མཛེས་ལྷོ་པ་ཤང༌། གསེར་ཏོག་གྲོང་སྡེ་ནས་ཕ་ཡ་ལུ་དང༌། མ་དཔའ་མོ་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༣༨༽ བཙུན་མ་བསོད་ནམས་ཆོས་སྒྲོན་ནི། དཀར་མཛེས་སུ་ངོ་ཤང༌། འབྲུ་ལྔ་གྲོང་སྡེ་ནས་ཕ་ཉི་ལུ་དང༌། མ་རྡོ་ལུ་གཉིས་སུ་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་གཉིས་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་ཡོད་འདུག ༣༩༽ བཙུན་མ་གཡུ་སྒྲོན་ནི། དཀར་མཛེས་ལྷོ་པ་ཤང༌། ཁང་ཉིན་ནང་གྲོང་ཚོ་ནས་ཕ་རིགས་འཛིན་དང༌། མ་ཉི་མ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༤ ལོར་སྐྱེས་ད་སྐབས་རང་ལོ་ ༢༥ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༠༽ བཙུན་མ་དཀོན་མཆོག་ནི། དཀར་མཛེས་ལྷོ་པ་ཤང། ལྷོ་པ་གྲོང་སྡེ་ནས་ཕ་རིགས་འཛིན་རྡོ་རྗེ་དང༌། མ་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༡༽ བཙུན་མ་ཆོས་དབྱངས་སམ་༼ཆུ་དབྱངས༽ནི། དཀར་མཛེས་ལྷོ་པ་ཤང། ལྷོ་པ་གྲོང་སྡེ་ནས་ཕ་ཚེ་འདས་༼ཧང་ཅུང་༽ཟེར་བའི་རྒྱ་མི་ཞིག་དང༌། མ་བསོད་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་འཛིན་བཟུང་གིས་བཙོན་འཇུག་བྱས་ནས་ཉིན་ཤས་རྗེས་སུ་དཀར་མཛེས་བཙོན་ཁང་ནས་གློད་གྲོལ་ཐོབ་འདུག། ༤༢༽ བཙུན་མ་དབྱངས་ཅན་ནི། དཀར་མཛེས་ལྷོ་པ་ཤང། ཕུག་ཡུལ་ནང་གྲོང་སྡེ་ནས་ཕ་རྡོ་རྗེ་བཀྲིས་དང༌། མ་ཚེ་འདས་ཆོས་སྒྲོན་དར་རྒྱས་གཉིས་སུ་ཕྱི་ལོ་ ༡༩༦༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༤༡ ཡིན་འདུག་པ་དང༌། གོང་གསལ་བཞིན་སྤང་རི་སྣའི་བཙུན་མ་རྣམས་དང་ལྷན་དུ་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་པ་མ་ཚད། ཁོང་གི་གཅེན་པོ་བསོད་ནམས་མགོན་པོ་ཡང་ཕྱི་ལོ་ ༢༠༠༩ ཟླ་བ་ ༣ ཚེས་ ༡༩ ཉིན་རྒྱ་དམར་ནས་ཉེས་འཛུགས་འདྲ་མིན་འོག་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌། ༤༣༽ བཙུན་མ་ཕུག་ཡུལ་ནང་བུ་མོ་ནི། དཀར་མཛེས་ལྷོ་པ་ཤང། ཕུག་ཡུལ་ནང་གྲོང་ཚོ་ནས་ཕ་ཆོས་དཔལ་བསོད་ནམས་དང༌། མ་དཔལ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་སྤང་རི་སྣའི་ཞི་རྒོལ་ནང་དུ་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པའི་གནས་ཚུལ་བྱུང༌། ༤༤༽ དབང་ཆེན་ལྷ་མོ་ནི། སྟོང་འཁོར་ཟླ་ཁོག་སྒོ་མོ་ཤང༌། རྦ་མདའ་གྲོང་ཚོ་ནས་ཕ་བྱམས་པ་ཆོས་གྲགས་དང༌། མ་དཀོན་མཆོག་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག་པ་དང༌། གོང་གསལ་བཞིན་སྤང་རི་སྣའི་བཙུན་མ་རྣམས་དང་ལྷན་དུ་ཞི་རྒོལ་བྱས་རྐྱེན། འཛིན་བཟུང་བྱས་ཏེ་ཉིན་ཤས་རྗེས་སུ་གློད་གྲོལ་ཐོབ་འདུག། ༤༥༽ བཙུན་མ་འཆི་མེད་སྒྲོལ་མ་ནི། སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། མཁར་སྲུང་གྲོང་རྭ་འགོ་ཚང་གི་ཕ་གཡུ་འབྲུག་ལགས་ཀྱི་བུ་མོར་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་ཉིན་ཤས་རྗེས་སུ་དཀར་མཛེས་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག། ༤༦༽ བཙུན་མ་གཡུ་སྒྲོན་ལྷ་མོ་ནི། སྟོང་འཁོར་ཟླ་ཁོག་ཏུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། གོང་གསལ་བཞིན་སྤང་རི་སྣའི་བཙུན་མ་རྣམས་དང་ལྷན་དུ་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས། འཛིན་བཟུང་བྱས་འདུག་རུང་གློད་གྲོལ་ཐོབ་དུས་སོགས་ཀྱི་གནས་ཚུལ་གསལ་ཁ་མ་བྱུང༌། ༤༧༽ བཙུན་མ་དཔལ་ལྡན་ལྷ་མཚོ་ནི། སྟོང་འཁོར་ཟླ་ཁོག་ཏུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག་པ་དང༌། གོང་གསལ་བཞིན་སྤང་རི་སྣའི་བཙུན་མ་རྣམས་དང་ལྷན་དུ་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན། འཛིན་བཟུང་བྱས་འདུག་རུང་གློད་གྲོལ་ཐོབ་དུས་སོགས་ཀྱི་གནས་ཚུལ་གསལ་ཁ་མ་བྱུང༌། ༤༨༽ བཙུན་མ་ཆོས་ལྷ་༼ཤེས་རབ་ལྷ་མོ་༽ནི། ཏྲེ་བོ་ལྕོག་རི་ཁུལ་ནས་ཏྲེ་བོ་ཤང༌། སྒོ་རྭ་གྲོང་ཚོ་ནས་ཕ་ཆུང་ཆུང་དང༌། མ་ཐུབ་བསྟན་ཚེ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༥ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ཁོ་མོ་དེ་སྔར་ལྕོག་རི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་དང་ལེན་མ་བྱས་པར་བརྟེན། དགོན་པ་ནས་ཕྱིར་འབུད་བཏང་སྟེ་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་ཡིན་འདུག། ༤༩༽ བཙུན་མ་མཚོ་མོ་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་རྡོ་འབོང་དང༌། མ་བློ་བཟང་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག་ལ། ཁོ་མོ་དེ་སྔར་ལྕོག་རི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་དང་ལེན་མ་བྱས་པར་བརྟེན། དགོན་པ་ནས་ཕྱིར་འབུད་བཏང་རྗེས་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་ཡིན་འདུག། ༥༠༽ བཙུན་མ་ཡེ་ཤེས་མཚོ་ནི། ཏྲེ་བོ་མཚོ་འགོ་ཤང༌། མཚོ་འགོ་གྲོང་ཚོ་ནས་ཕ་ཐར་དགའ་དང༌། མ་བློ་དབྱངས་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ཕྱི་ཟླ་ ༨ པའི་ཟླ་འཇུག་བར་ཟླ་བ་གསུམ་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་འདུག་ལ། མོ་དེ་སྔ་ལྕོག་རི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་དང་ལེན་མ་བྱས་པར་བརྟེན། དགོན་པ་ནས་ཕྱིར་འབུད་བཏང་རྗེས་དཀར་མཛེས་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་ཡིན་འདུག ༥༡༽ བཙུན་མ་བསོད་ནམས་དབྱངས་མཚོ་ནི། ཏྲེ་བོ་མཚོ་འགོ་ཤང༌། ཨ་གདུགས་སྒང་རོང་གྲོང་ནས་སྒང་རོང་འགབ་མ་ཚང་གི་ཕ་ངག་དབང་རྡོ་རྗེ་དང༌། མ་མི་འཁྲུག་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་ལ། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ཕྱི་ཟླ་ ༨ པའི་ཟླ་འཇུག་བར་ཟླ་བ་གསུམ་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ཁོ་མོ་དེ་སྔ་གསེར་རྟ་བླ་རུང་སྒར་གྱི་བཙུན་དགོན་དུ་སྡོད་སྐབས་དེ་ནས་ཕྱིར་འབུད་བཏང་འདུག་པ་དང༌། དེ་རྗེས་ལྕོག་རི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་དང་ལེན་མ་བྱས་པར་བརྟེན། དགོན་པ་ནས་ཕྱིར་འབུད་བཏང་སྟེ་དཀར་མཛེས་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་ཡིན་འདུག། ༥༢༽ བཙུན་མ་ཉི་མ་ལྷ་མོ་ནི། ཏྲེ་བོ་མཚོ་འགོ་ཤང༌། མཁར་གསུམ་གྲོང་སྡེ་ནས་ཕ་བཟོད་པ་དང༌། མ་དཀོན་མཆོག་ལྷ་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། མོ་ནི་དེ་སྔར་ལྕོག་རི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་དང་ལེན་མ་བྱས་པར་བརྟེན། དགོན་པ་ནས་ཕྱིར་འབུད་བཏང་སྟེ་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་ཡིན་འདུག། ༥༣༽ བཙུན་མ་དཔེ་གཅུང་ནི། ཏྲེ་བོ་མཚོ་འགོ་ཤང༌། ལྟག་མཁར་གྲོང་ཚོ་ནས་ཕ་ཉི་རྡོ་དང༌། མ་ཆོས་ལུ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ཕྱི་ཟླ་ ༨ པའི་ཟླ་འཇུག་བར་ཟླ་བ་གསུམ་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག མོ་དེ་སྔ་ལྕོག་རི་ཁུལ་གྱི་བཙུན་དགོན་ཞིག་ནང་སྡོད་དུས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ལེན་མ་བྱས་པར་བརྟེན། དགོན་པ་ནས་ཕྱིར་འབུད་བཏང་སྟེ་དཀར་མཛེས་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་ཡིན་འདུག། ༥༤༽ བཙུན་མ་རིན་དབྱངས་ནི། ཏྲེ་བོ་ལྕོག་རི་ཁུལ་མཚོ་འགོ་ཤང༌། ལྟག་མཁར་གྲོང་ཚོ་ནས་ཕ་སྐལ་བཟང་ཉི་མ་དང༌། མ་དབྱངས་དགའ་སྒྲོན་མ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ཕྱི་ཟླ་ ༩ ཚེས་ ༡༨ བར་ཟླ་བ་བཞི་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དར་རྩེ་མདོའི་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག ཁོ་མོ་དེ་སྔ་གསེར་རྟ་བླ་རུང་སྒར་གྱི་བཙུན་དགོན་དུ་སྡོད་སྐབས་རྒྱ་དམར་ནས་ཕྱིར་འབུད་བཏང་བ་དང༌། དེ་རྗེས་ལྕོག་རི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་སླར་ཡང་དེ་ནས་ཕྱིར་འབུད་བཏང་བར་བརྟེན། དཀར་མཛེས་སྤང་རི་སྣ་བཙུན་དགོན་དུ་འཛུལ་ཞུགས་བྱས་པ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་མ་ངེས་པ་ཞིག་ལ་སྟོང་འཁོར་སྙི་ཁོག་ཕོ་མདའ་ཤང་གི་རྒྱ་ནག་སྲིད་གཞུང་གི་ལས་ཁུངས་ཡོད་སའི་མདུན་དུ་མི་སྐྱ་རྡོ་རྗེ་ཚེ་རིང་ཟེར་བ་ཞིག་ཞི་རྒོལ་བྱེད་པར་འགྲོ་སྐབས་རྒྱ་དམར་ནས་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་མཐར། དངུལ་ཆད་ཀྱི་ཉེས་པ་ལྕི་མོ་བཏང་སྟེ་སྙི་ཁོག་ཕོ་མདའ་ཤང་ནས་གློད་གྲོལ་ཐོབ་པའི་གནས་ཚུལ་བྱུང༌། ཁོང་ནི་སྟོང་འཁོར་སྙི་ཁོག་ཕོ་མདའ་ཤང༌། རྒྱ་མདའ་གྲོང་ཚོ་ནས་ཕ་བརྟན་པོ་དང༌། མ་ཚེ་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག སྐབས་དེར་རྒྱ་གཞུང་ནས་ངོ་རྒོལ་ཤུགས་ཆེན་ཡོང་བར་དོགས་ཏེ་ས་ཁུལ་གཞན་དང་གཅིག་མཚུངས་ཀྱིས་དྲག་ཆས་སྤྲས་པའི་དམག་མི་མང་པོ་དབོར་འདྲེན་བྱས་པ་དང༌། གྲོང་སྡེ་གང་སར་ཚོགས་འདུ་ཐེངས་མང་ཚོགས་ཏེ་ཡར་ལངས་བྱ་མཁན་དང༌། ཕྱི་ཕྱོགས་སུ་ཁ་པར་བརྒྱུད་དེ་གང་བྱུང་གི་འབྲེལ་བ་བྱེད་མཁན་བྱུང་ཚེ་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ལུགས་སོགས་གསལ་བསྒྲགས་དང་སྦྱར་ཡིག་སོགས་འགྲེམས་སྤེལ་བྱས་པ་མ་ཟད། ཡུལ་མི་རྣམས་ཕན་ཚུན་འགྲིམ་འགྲུལ་བྱས་མ་བཅུག་པར་བཀག་སྡོམ་ཤུགས་ཆེར་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༧ ཉིན་དཀར་མཛེས་ནས་སློབ་ཕྲུག་རང་ལོ་ ༡༦ ནས་ ༢༠ བར་གྱི་ན་གཞོན། ༡༽ མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་ཐུབ་བསྟན་ཕུན་ཚོགས་སམ་༼ཐུབ་བསྟན༽དང༌། ༢༽ མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་ལུང་ལུང་བསོད་ནམས། ༣༽ མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་བུད་མེད་བཅོ་ལྔ༌། ༤༽ མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་ཡེ་ཤེས་འགྱུར་མེད་དམ་༼ཡེ་ཤེས་འཇིགས་མེད༽ ༥༽ མཐའ་མེད་༼ངེས་ལམ་༽གྲོང་ཚོ་ནས་ཆོས་འཕེལ། ༦༽ མཐའ་མེད་ཆུ་ཁ་ནང་གྲོང་ཚོ་ནས་པདྨ་དབྱངས་ཅན། ༧༽ དགེ་ཆུང་ནས་སངས་རྒྱས་མཁའ་འགྲོ བཅས་སློབ་ཕྲུག་བདུན་མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་དཀར་མཛེས་རྫོང་ཐོག་བར་ལམ་ཐག་ལེ་དབར་ ༡༥ ཙམ་གྱི་སར་ཡོང་སྟེ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་སྐད་གསང་མཐོན་པོའི་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་པ་དང༌། དེ་རྗེས་ཕྱི་ཟླ་ ༡༡ པའི་ནང་ཁ་ཤས་ལ་དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་པ་དང་གཞན་རྣམས་གློད་གྲོལ་ཐོབ་པ་སོགས་ཀྱི་གནས་ཚུལ་བྱུང༌། ༡༽ ཐུབ་བསྟན་ཕུན་ཚོགས་༼ཐུབ་བསྟན༽ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་ཕ་དམ་ཆོས་དགྲ་འདུལ་དང༌། མ་པདྨ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག ༢༽ ལུང་ལུང་བསོད་ནམས་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་ཕ་བསྟན་པ་དར་རྒྱས་དང༌། མ་དཔའ་མོ་གཉིས་སུ་ཕྱི་ལོ་ ༡༩༨༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༠ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས། ཕྱི་ལོ་ ༢༠༠༩ ཟླ་ ༡ པོའི་ནང་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག། ༣༽ བུད་མེད་བཅོ་ལྔ་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་ཕ་༼ཀླད་འགག༽དང༌། མ་བཀྲ་ཕྲུག་གཉིས་སུ་ཕྱི་ལོ་ ༡༩༩༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༨ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་པ་དང༌། ཉེ་ཆ་ཕྱི་ཟླ་ ༧ པའི་ནང་དཀར་མཛེས་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག་རུང་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་མ་བྱུང༌། ༤༽ ཡེ་ཤེས་འགྱུར་མེད་དམ་༼ཡེ་ཤེས་འཇིགས་མེད་༽ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། མཐའ་མེད་རྒྱ་ཡུང་གྲོང་ཚོ་ནས་མ་ལྷ་མོ་ཆོས་མཚོ་ལགས་སུ་ཕྱི་ལོ་ ༡༩༩༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༦ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བདུན་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དཀར་མཛེས་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག། འཛམ་གླིང་གི་སྐྱེ་བོ་རྣམ་པས་རྒྱ་དམར་ལ་གཟིགས་དང༌། རང་ལོ་ ༡༦ ཙམ་ལས་མ་ལོན་ཀྱང་བཙོན་འོག་ཏུ་དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་པ་དང༌། སྡུག་སྦྱོར་གཏོང་བཞིན་པ་འདི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འདལ་བ་ཞིག་མ་རེད་དམ། ༥༽ ཆོས་འཕེལ་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། མཐའ་མེད་༼ངེས་ལམ༽གྲོང་ཚོ་ནས་ཕ་སྐལ་བཟང་དང༌། མ་རིན་ཆེན་དབྱངས་མཚོ་༼རིན་དགའ༽གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་བདུན་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དཀར་མཛེས་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༦༽ པདྨ་དབྱངས་ཅན་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། མཐའ་མེད་ཆུ་ཁ་ནང་གྲོང་ཚོ་ནས་ཕ་རྡོ་རྗེ་ཆོས་གྲགས་དང༌། མ་པདྨ་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༩༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ཕྱི་ཟླ་ ༡༢ ཚེས་ ༢༥ ཡས་མས་བར་ཟླ་བ་བདུན་ལྷག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། དཀར་མཛེས་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་འདུག ༧༽ སངས་རྒྱས་མཁའ་འགྲོ་ནི། དཀར་མཛེས་སུ་ངོ་ཤང༌། དགེ་ཆུང་གྲོང་དུ་ཕ་ཚེ་འདས་བསོད་དབང་དང༌། མ་པོ་ལྷ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག འཛིན་བཟུང་བྱས་རྗེས་ཟླ་བ་བརྒྱད་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐའ་གློད་གྲོལ་ཐོབ་ཙམ་བྱུང་འདུག་ནའང༌། ཉིན་བཅུ་ཙམ་རེ་ནས་འབྲེལ་ཡོད་ལས་ཁུངས་སུ་འབྱོར་ཐོ་འགོད་བར་འགྲོ་དགོས་ཀྱིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༧ ཉིན་དཀར་མཛེས་ཆུ་ཁ་ནང་གྲོང་ཚོ་ནས་རྡོ་རྗེ་གཡུ་སྒྲོན་ཟེར་བའི་བུད་མེད་རྐང་པ་སྐྱོན་ཅན་ཞིག་གིས་དཀར་མཛེས་རྫོང་ཐོག་ནས་ལེ་དབར་ཕྱེད་ཙམ་གྱི་ས་དཔའ་བོ་དུར་ཁྲོད་ཟེར་ས་ནས་རྫོང་ཐོག་བར་ཆབ་སྲིད་སྐོར་གྱི་ཡིག་ཆ་འབོར་ཆེན་འགྲེམས་གཏོར་བྱས་ཏེ་རྫོང་ཐོག་ཏུ་སླེབས་མཚམས་སུ། དྲག་ཆས་ཉེན་རྟོག་པས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ནས་ད་བར་བཙོན་འོག་ཏུ་སྡུག་སྦྱོར་མྱོང་མུས་ཡིན་འདུག ཁོ་མོ་དཀར་མཛེས་ལྷོ་པ་ཤང༌། ཆུ་ཁ་ནང་གྲོང་ཚོ་ནས་ཕ་དཀོན་མཆོག་དང༌། མ་ཚེ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༡ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༡༨ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༤ དང་ཕྱེད་ཙམ་ལ་རྒྱ་དམར་དྲག་ཆས་ཉེན་རྟོག་པས་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་དགོན་བདག་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གི་གཟིམ་ཆུང་གི་མཐར་བསྐོར་ནས་རིན་པོ་ཆེ་མཆོག་ལ་ཉེས་འཛུགས་འདྲ་མིན་བྱས་ཏེ་འཇུ་བཟུང་གིས་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་གྱི་ཞོགས་པ་དྲག་ཆས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཞིག་གིས་དཀར་མཛེས་སྤང་རི་སྣ་དགོན་མཐར་བསྐོར་ཏེ་སྤང་རི་སྣ་དགོན་གྱི་འགན་འཛིན་བཙུན་མ་མཁའ་འགྲོ་༼མཁའ་འགྲོ་ཆོས་མཚོ་༽འཛིན་བཟུང་བྱས་འདུག་པ་དང༌། ཁོང་འཛིན་བཟུང་བྱེད་དོན་ནི། ཉེ་སྔོན་བྱུང་བའི་སྤང་རི་སྣས་ཞི་རྒོལ་གྱི་ལས་འགུལ་རྣམས་བརྒྱུད་བསྐུལ་བྱེད་མཁན་དང༌། དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་དང་ལེན་མ་བྱས་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག ཁོ་མོས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༧ ཉིན་བར་ལོ་འཁོར་གཅིག་མ་ཟིན་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར་གློད་གྲོལ་ཐོབ་ཙམ་བྱུང་འདུག་ནའང༌། དགོན་པར་སྡོད་མི་ཆོག་པ་བཟོས་པ་མ་ཟད་བདུན་ཕྲག་གཅིག་རེའི་ནང་དུ་ཉེན་རྟོག་ལས་ཁུངས་སུ་འབྱོར་ཐོ་འགོད་བར་འགྲོ་དགོས་ཀྱི་ཡོད་པ་སོགས་ཀྱི་དཀའ་ངལ་འོག་མུ་མཐུད་དེ་གནས་མུས་ཡིན་འདུག མོ་ནི་དཀར་མཛེས་སུ་ངོ་ཤང༌། རྫོང་འགོ་གྲོང་ནས་ཕ་ཚངས་བཀྲིས་དང༌། མ་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་དཀར་མཛེས་དགོན་གྱི་དགེ་འདུན་པ་དཀར་མཛེས་འོ་བཟང་གྲོང་ནས་ཡིན་པ། ༡༽ གྲྭ་དཔལ་ལྡན་འཕྲིན་ལས་དང༌། ༢༽ གྲྭ་བྱམས་པ་རྡོ་རྗེ། ༣༽ འབུམ་ཤུག་གྲོང་ནས་ཡིན་པ་གྲྭ་ཀུན་དགའ་འཕྲིན་ལས་བཅས། གསུམ་དང་དཀར་མཛེས་དགོན་དུ་སློབ་གཉེར་གནང་བཞིན་པའི་རྫ་བསམ་གྲུབ་དགོན་གྱི་དགེ་འདུན་པ། ༤༽ རྫ་མན་ཡུལ་ནང་༼ས་སྡང་༽གྲོང་ནས་ཡིན་པའི་གྲྭ་འཇམ་དབྱངས་ཚེ་རིང༌། ༥༽ རྫ་མན་ཡུལ་ནང་རྫ་མདའ་གྲོང་ནས་ཡིན་པའི་ཚེ་དབང་མཁས་གྲུབ་བམ་༼ཚེ་དབང་༽ བཅས་དགེ་འདུན་པ་ལྔས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་པ་དང༌། བོད་དོན་སྐོར་གྱི་ཡིག་ཆ་མང་པོ་འགྲེམས་གཏོར་བྱས་རྐྱེན་དྲག་ཆས་ཉེན་རྟོག་པ་དང༌། དམག་མིས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་གིས་ཟླ་བ་དྲུག་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་ཕྱི་ཟླ་ ༡༡ ཚེས་ ༡༤ ཡས་མས་ཤིག་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ ནས་ ༧ བར་གྱི་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་བྱུང༌། ༡༽ གྲྭ་དཔལ་ལྡན་འཕྲིན་ལས་ནི། དཀར་མཛེས་མདའ་མདོ་ཤང༌། འོ་བཟང་གྲོང་སྡེ་ནས་ཕ་པད་དགའ་དང༌། མ་མཁའ་དགའ་གཉིས་སུ་ཕྱི་ལོ་ ༡༩༨༨ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ནས་ཟླ་བ་དྲུག་ཙམ་གྱི་རྗེས་སུ། ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༧ གྱིས་ཁྲིམས་ཐག་བཅད་དེ། རྒྱ་ནག་ཁྲིན་ཏུའུ་ནས་ལམ་ཐག་ཉེ་བའི་སར་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་མུས་ཡིན་འདུག ༢༽ གྲྭ་བྱམས་པ་རྡོ་རྗེ་ནི། དཀར་མཛེས་མདའ་མདོ་ཤང། འོ་བཟང་གྲོང་ནས་ཕ་ཉི་འབུལ་དང༌། མ་ཚེ་དབང་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༨༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༢ ཡིན་འདུག་པ་དང༌། གོང་གསལ་བཞིན་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་རྗེས་སུ། ཕྱི་ཟླ་ ༡༡ ཚེས་ ༡༤ ཡས་མས་ཤིག་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་གི་ནང་དུ་ཆབ་སྲིད་བཙོན་པ་བཞི་ཅུ་ལྷག་དང་མཉམ་དུ་བཀག་ཉར་བྱས་ཡོད་འདུག་པ་དང༌། དེ་རྗེས་དེ་ནས་གནས་སྤོར་བྱས་ཏེ་༼མན་ཡཱང༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་མུས་ཡིན་འདུག། ༣༽ གྲྭ་ཀུན་དགའ་འཕྲིན་ལས་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། འབུམ་ཤུག་གྲོང་སྡེ་ནས་ཕ་རིན་ཆེན་རྡོ་རྗེ་དང༌། མ་མིང་དགའ་གཉིས་སུ་ཕྱི་ལོ་ ༡༩༩༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༧ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ། རྒྱ་ནག་ཁྲིན་ཏུའུ་ཉེ་འགྲམ་བཙོན་ཁང་ཞིག་གི་ནང་བསྐྱལ་རྗེས་ནང་མི་ཐུག་འཕྲད་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ནའང༌། ལོ་འཁོར་གཅིག་མ་ཟིན་ཙམ་གྱི་རྗེས་སུ་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༣ ཉིན་གློད་གྲོལ་ཐོབ་ཡོད་འདུག ༤༽ གྲྭ་འཇམ་དབྱངས་ཚེ་རིང་ནི། རྫ་ཁོག་ཤང༌། རྫ་མན་ཡུལ་ནང་ས་སྡང་གྲོང་ནས་ཕ་འོད་ཟེར་དང༌། མ་གསེར་སྐྲུབ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་འདུག་ཀྱང་ཞིབ་ཕྲའི་ས་གནས་དང་དུས་ཚོད་སོགས་གསལ་ཁ་མ་བྱུང༌། ༥༽ གྲྭ་ཚེ་དབང་མཁས་གྲུབ་༼ཚེ་དབང༽ནི། རྫ་ཁོག་ཤང༌། རྫ་མན་ཡུལ་ནང་རྫ་མདའ་གྲོང་ནས་ཕ་མཇལ་ལུ་དང༌། མ་ཨ་རྦེ་གཉིས་སུ་ཕྱི་ལོ་ ༡༩༨༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༠ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་ཀྱང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གསལ་པོར་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་གྱི་དགོང་མོར་དཀར་མཛེས་བློ་བཟང་རྡོ་རྗེ་ཡི་ཁྱིམ་དུ་ཉེན་རྟོག་པ་རླངས་འཁོར་གཉིས་ཙམ་སླེབས་ཏེ་ཁོང་ལ་སྐད་ཆ་འདྲི་རྒྱུ་ཡོད་ལུགས་སོགས་བཤད་དེ་མགོ་བསྐོར་བསླུ་ཁྲིད་ཀྱིས་བཙན་ཁྲིད་བྱས་ཏེ། ཟླ་བ་བདུན་ཙམ་གྱི་རིང་དཀར་མཛེས་བཙོན་ཁང་དུ་བཀག་ཉར་བྱས་ནས་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར་གློད་གྲོལ་ཐོབ་ཡོད་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་ནི། དཀར་མཛེས་རྫོང་ཐོག་ཏུ་ཉེན་རྟོག་པས་ཞི་རྒོལ་བ་རྣམས་འཛིན་བཟུང་བྱེད་སྐབས་སུ། ཁོང་གིས་ བྱབྱ རྒྱ་སྤྲང་འདི་ཚོས་འདི་འདྲ་མང་པོ་འཛིན་བཟུང་བྱས་ན་བླུགས་སའི་བཙོན་ཁང་ཡང་རག་ས་མ་རེད། ཅེས་བཤད་པའི་རྐྱེན་གྱིས་ཡིན་འདུག ཁོང་ནི་དཀར་མཛེས་རོལ་ཚ་ཤང༌། སྤུས་མོ་འབུག་གྲོང་ཚོ་ནས་ཕ་ཚེ་འདས་བློ་བཟང་དཔལ་ལྡན་དང༌། མ་ཚེ་འདས་བློ་བཟང་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༥༧ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༥༢ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༩ ཉིན་དཀར་མཛེས་སྤང་རི་སྣ་རྒས་གསོ་ཁང་གི་རྒས་འཁོགས་རྣམས་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་ཞབས་བརྟན་ལ་ཕྱིན་པའི་བཙུན་མ་འགའ་ཤས་བཅས་ནས་དཀར་མཛེས་རྫོང་ཐོག་ལ་ཁ་གཏད་དེ་གོམ་བགྲོད་ཀྱིས་ བྱབྱ སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གི་དབུས་བཙུན་མ་རྣམས་གློད་གྲོལ་གཏོང་དགོས། ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ལེ་དབར་ཕྱེད་ཙམ་གྱི་སར་འབྱོར་སྐབས། དྲག་ཆས་དམག་མིས་བཀག་སྡོམ་གྱིས་ཕྱིར་བཙན་ཁྲིད་བྱས་ཏེ་རྒས་གསོ་ཁང་སོགས་སུ་བཀག་ཉར་གྱིས། ཕྱོགས་གཞིར་དམག་གིས་སྐོར་ཏེ་ཁོང་རྣམས་མཐའ་ན་གཅིན་སྐྱག་གཏང་མཁན་ཙམ་ཡང་འགྲོར་མ་བཅུག་པ་བཀག་སྡོམ་གྱིས་དུས་ཡུན་ཟླ་ཤས་རིང་བཙོན་པ་དང་གཅིག་མཚུངས་སུ་མཐའ་ནས་དམག་གིས་སྐོར་ཞིང༌། ཉིན་མཚན་མེད་པར་སྒོ་སྲུང་བསྡད་ནས་འགྲོ་འདུག་མི་ཆོག་པའི་ཁྲིམས་ཀྱི་གཉའ་ཤིང་བཞག་འདུག་ལ། ནང་མི་གཉེན་ཉེ་རྣམས་ཀྱང་ཐུགས་འཕྲད་མི་ཆོག་པས་དབེན་དགོན་དེ་བཙོན་ཁང་དུ་བསྒྱུར་ཏེ་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་འདུག དགོན་པའི་ཉེ་འགྲམ་དུ་དམག་མིའི་རླངས་འཁོར་ཆེ་བ་གཅིག་པོ་གྲངས་ ༣༠༠ ལྷག་དང༌། ཐད་ཕུད་གནམ་གྲུ་གྲངས་ ༧ ཙམ་སླེབས་ཏེ་ཡར་དར་རྒྱས་དང༌། རྫ་ཁོག། བེ་རི་བཅས་དང༌། མར་བྲག་མགོ་དང་ལྕོག་རི། སྟོང་འཁོར། རྟའུ་བཅས་ཏྲེ་ཧོར་ཁུལ་གྱི་ས་གནས་གང་སར་བྱ་ར་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༩ ཉིན་དཀར་མཛེས་མཐའ་མེད་གྲོང་ནས་ཡིན་པའི་མི་སྐྱ་རྡོ་རྗེ་རྒྱལ་མཚན་དང༌། བཀྲིས་དབང་རྒྱལ་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་པ་དང༌། གཅིག་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཟིན་པ་ཤེས་རྟོགས་བྱུང༌། ༡༽ རྡོ་རྗེ་རྒྱལ་མཚན་ནི། དཀར་མཛེས་གསེར་ཆུ་ཤང༌། མཐའ་མེད་ཆུ་ཁ་ནང་གྲོང་ཚོ་ནས་ཕ་བསོད་ནམས་བཀྲིས་དང༌། མ་ཆོས་སྒྲོན་བདེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ཉེ་འགྲམ་གྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག ༢༽ བཀྲིས་དབང་རྒྱལ་ནི། དཀར་མཛེས་གསེར་ཆུ་ཤང༌། མཐའ་མེད་ཆུ་ཁ་ནང་གྲོང་ཚོ་ནས་ཕ་ཉི་དགའ་དང༌། མ་འཆི་མེད་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༦ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག་པ་དང༌། ཉེ་ཆར་གོ་ཐོས་བྱུང་བ་གཞིགས་ན། དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག་ཀྱང་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་ཤེས་གསལ་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༠ ཉིན་དར་རྒྱས་ཉ་རྒྱས་དགོན་གྱི་བཙུན་མ་ཨ་ཆོས་དང༌། བཀྲ་དགའ། བསོད་ཆོས་སྐྱིད་གསུམ་གྱིས་མཚན་ནག་ཁུང་ཆུ་ཚོད་དང་པོའི་ཐོག་དར་རྒྱས་ནས་འགོ་རྩོམ་སྟེ་དཀར་མཛེས་རྫོང་ཐོག་བར་ལེ་དབར་ ༢༠ ཙམ་གྱི་སར་གོམ་བགྲོད་ཀྱིས་ཞོགས་པ་ནམ་ལངས་ཁར་དཀར་མཛེས་རྫོང་ཐོག་ཏུ་འབྱོར་འདུག་པ་དང༌། དེ་རྗེས་ཆུ་ཚོད་ ༩ པ་ཡས་མས་ཤིག་ལ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་མི་མང་འདུ་འཛོམས་ཆེ་སར་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་ས་གནས་དེར་བཅར་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་འདུག་པ་དང༌། ཟླ་བ་བརྒྱད་ཙམ་གྱི་རྗེས་བཙུན་མ་གཅིག་འཆི་ཉེན་གྱིས་གློད་གྲོལ་བཏང་བ་ལས་གཞན་གཉིས་ད་དུང་ཁྲིམས་ཐག་བཅད་ཟིན་མིན་གྱི་གནས་ཚུལ་ཁ་གསལ་མ་བྱུང༌། ༡༽ བཙུན་མ་ཨ་ཆོས་ནི། དར་རྒྱས་༼ཞི་ཟན་༽ཤང༌། རུ་མདའ་གྲོང་ཚོ་ནས་ཕ་ཐུགས་དགའ་དང༌། མ་བསོད་ནམས་དབྱངས་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༡ ཡས་མས་ཤིག་ལ་སྐྱེས་ཞིང་ད་སྐབས་རང་ལོ་ ༢༨ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་ཡང༌། དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་ཤེས་གསལ་མ་བྱུང༌། ༢༽ བཙུན་མ་བཀྲ་དགའ་ནི། དར་རྒྱས་འདན་མ་ཤང༌། ༼འདུས་ཡར་དར་༽གྲོང་ཚོ་ནས་མ་བདེ་ཆེན་མཚོ་ལགས་སུ་ཕྱི་ལོ་ ༡༩༧༩ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་པ་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡིན་ཡང༌། དུས་བཀག་བཙོན་འཇུག་གི་ལོ་དུས་བཟོ་ཡོད་མེད་ཤེས་རྟོགས་མ་བྱུང༌། ༣༽ བཙུན་མ་བསོད་ཆོས་སྐྱིད་ནི། དར་རྒྱས་༼རི་མགོ་༽ཤང༌། ལམ་སྣ་གྲོང་ཚོ་ནས་ཕ་ཚེ་དབང་འདུལ་འདུལ་དང༌། མ་བློ་བཟང་ལྷ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་ཟླ་བ་བརྒྱད་ཙམ་གྱི་རིང་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༩ ཟླ་ ༡ པོའི་ནང་ནས་གཟུགས་པོ་ནད་གཅོང་ཆགས་ཏེ་རྒྱ་གཞུང་ནས་འཆི་ཉེན་ལ་འགན་ལེན་མ་ཐུབ་པས་གློད་གྲོལ་བཏང་ཡོད་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༠ ཉིན་ནས་བཟུང་བདུན་ཕྲག་གཉིས་ཙམ་གྱི་རིང་རྟའུ་རྫོང་དུ་ནམ་རྒྱུན་ཅ་དངོས་དབོར་འདྲེན་བྱེད་མཁན་རླངས་འཁོར་གཉིས་སྟོང་ལྷག་ཡོད་པ་ནས་བརྒྱ་ཕྲག་འགའ་ཤས་ཀྱིས་རླངས་འཁོར་བཏང་མཚམས་འཇོག་སྟེ། རྒྱ་གཞུང་ནས་དྲག་གནོན་གྱིས་དམར་གསོད་བཏང་བ་དང༌། བཙོན་དུ་བཅུག་པ། རྨས་སྐྱོན་བཏང་བ་སོགས་ལ་གདུང་སེམས་མཉམ་བསྐྱེད་བྱས་པར་བརྟེན། ས་གནས་རྒྱ་གཞུང་འབྲེལ་ཡོད་ཚན་པས་འགྲིམ་འགྲུལ་མཚམས་མ་བཞག་པར་ལས་འགོའཛུགས་ཚེ་ལམ་ཁྲལ་ཆག་ཡང་བྱ་རྒྱུ་དང༌། ཡིག་ཆ་བསྟན་ཏེ་དེའི་ཐོག་ཏུ་ས་རྟགས་བརྒྱབ་ཚེ་དངུལ་འབབ་གང་མཚམས་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག་མོད། བོད་མི་ཚོས་ས་རྟགས་བརྒྱབ་རྒྱུའི་ཡིག་ཆ་གང་འདྲ་ཡིན་མིན་དོགས་ཟོན་དང་བཅས་མུ་མཐུད་ལས་མཚམས་འཇོག་སྟེ་ངོ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༠ ཉིན་གྱི་ཉིན་གུང་ཙམ་ལ་དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་བསྟན་འཛིན་དངོས་གྲུབ་དང༌། བློ་དབྱངས། གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ བྱབྱ སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་གིས་བཙོན་འཇུག་བྱས་ནས་མཐར། ཁོང་གཉིས་ཀར་དུས་བཀག་བཙོན་འཇུག་ལོ་ ༣ རེའི་ཁྲིམས་ཐག་བཅད་ཟིན་ཡོད་འདུག ༡༽ གྲྭ་བསྟན་འཛིན་དངོས་གྲུབ་ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་གྲོང་ཕ་རོལ་ཚང་གི་ཕ་ཟླ་བ་དོན་འགྲུབ་དང༌། མ་དཔལ་བདེ་སྐྱིད་གཉིས་སུ་ ༡༩༨༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༥ ཡིན་འདུག་པ་དང༌། གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ནས། ཕྱི་ལོ་ ༢༠༠༨ ཟླ་ ༡༢ པའི་ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང༽ཟེར་བའི་བཙོན་ཁང་ནང་དུ་བཀག་ཉར་བྱས་མུས་ཡིན་འདུག ༢༽ གྲྭ་བློ་དབྱངས་ནི། དཀར་མཛེས་ལྷོ་པ་ཤང༌། རྩག་ལེགས་གྲོང་ཚོ་ནས་ཕ་ཐུབ་བསྟན་དང༌། མ་ཚེ་རྒྱན་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་པ་དང༌། གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ནས་ཟླ་ཤས་རྗེས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་མུས་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༢ ཉིན་དཀར་མཛེས་ཉིན་མོ་དགེ་ཚུལ་དགོན་གྱི་བཙུན་མ་བུ་མོ་བསྟན་དགའ་དང༌། བཙུན་མ་པདྨ། བཙུན་མ་བྱམས་དགའ་སྒྲོན་མ། བཙུན་མ་རིན་ཆེན། བཅས་བཙུན་མ་བཞིས་ཕྱི་དྲོ་ཕྱག་ཚོད་ ༦ པ་ཡས་མས་ཤིག་ལ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་དོན་སྐོར་གྱི་ཡིག་ཆ་མང་པོ་འགྲེམས་གཏོར་དང་ བྱབྱ སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས། ཞེས་སོགས་ཀྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱས་སྐབས་སུ། དྲག་ཆས་ཉེན་རྟོག་པ་དང་དམག་མིས་མི་སྤྱོད་ལས་འདས་པའི་ཉེས་རྡུང་དང་མེ་མདའ་རྒྱག་སྟེ་བཙུན་མ་ཞིག་གི་རྐང་པར་རྨས་སྐྱོན་ཕོག་ཁར་ཁོང་རྣམས་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ པའི་ནང་བཙུན་མ་གཉིས་གློད་གྲོལ་དང་གཉིས་ལ་ལོ་ ༢ རེའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཕྱོགས་སུ་བཙོན་ཁང་ཞིག་གི་ནང་དུ་བསྐྱལ་ཡོད་འདུག ༡༽ བཙུན་མ་བུ་མོ་བསྟན་དགའ་ནི། དཀར་མཛེས་སུ་ངོ་ཤང༌། རྫོང་ལུ་ནང་གྲོང་ཚོ་ནས་ཕ་རྟ་མགྲིན་ནོར་བུ་དང༌། མ་ཚེ་རིང་ནད་མེད་གཉིས་སུ་ཕྱི་ལོ་ ༡༩༧༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་ཙམ་གྱི་རིང་དཀར་མཛེས་སོགས་བཙོན་ཁང་གང་སར་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༨ ཉིན་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཞིང༌། དེ་རྗེས་ནང་མི་ཐུག་འཕྲད་ཕྱིན་འདུག་པ་དང༌། སྐབས་དེར་མོས་ བྱབྱ ད་ནི་ངས་ལས་འགན་གྲུབ་སོང་བློ་འགྱོད་ཅི་ཡང་མེད། ཁྱེད་ཚོས་སེམས་སྡུག་མ་བྱེད་ ཅེས་སོགས་བཤད་ཡོད་འདུག། ༢༽ བཙུན་མ་པདྨ་ནི། དཀར་མཛེས་ལྷོ་པ་ཤང༌། འཁྲུང་ལོ་གྲོང་ནས་ཕ་དཔལ་ཡུལ་དང༌། མ་དཔའ་མོ་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་ཙམ་གྱི་རིང་དཀར་མཛེས་སོགས་བཙོན་ཁང་གང་སར་བཀག་ཉར་བྱས་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༨ ཉིན་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་མུས་ཡིན་འདུག ༣༽ བཙུན་མ་བྱམས་དགའ་སྒྲོན་མ་ནི། དཀར་མཛེས་ལྷོ་པ་ཤང༌། ལྭ་སྒང་སྟེང་གྲོང་ཚོ་ནས་ཕ་བསོད་ནམས་ཆོས་རྒྱལ་དང༌། མ་ཚེ་འདས་མིང་གསལ་པོ་མ་བྱུང་བ། གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་བདུན་མ་ཟིན་ཙམ་གྱི་རིང་དཀར་མཛེས་སོགས་བཙོན་ཁང་གང་སར་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་བ་དང༌། འཛིན་བཟུང་སྐབས་རྐང་པར་མེ་མདའ་ཕོག་པ་སོགས་ཀྱི་རྐྱེན་ལས་གཟུགས་པོ་ནད་གཅོང་ཆགས་ཏེ། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༨ ཉིན་གློད་གྲོལ་ཐོབ་ཡོད་འདུག ༤༽ བཙུན་མ་རིན་ཆེན་༼རིག་འཛིན་སྒྲོལ་མ་༽ནི། དཀར་མཛེས་ལྷོ་པ་ཤང༌། གྲོང་གཞུང་ནང་གྲོང་ཚོ་ནས་ཇ་མ་ཚང་གི་ཕ་ཚེ་ལས་འདས་པ་ཞིག་དང༌། མ་དཔལ་སང་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་བདུན་མ་ཟིན་ཙམ་གྱི་རིང་དཀར་མཛེས་སོགས་བཙོན་ཁང་གང་སར་བཀག་ཉར་གྱིས་མནར་གཅོད་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༨ ཉིན་གློད་གྲོལ་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༢ ཉིན་དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་ཨོ་རྒྱན་བཀྲིས་ནས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལག་ཏུ་ྋགོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བསྣམས་ཏེ་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཞི་རྒོལ་བྱས་སྐབས། དྲག་ཆས་ཉེན་རྟོག་པ་དང་དམག་མིས་མཉམ་རུབ་ཀྱིས་རྡུང་རྡེག་ཚབས་ཆེན་བཏང་ཁར་འཛིན་བཟུང་གིས་ཟླ་ཤས་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ པའི་ནང་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག ཁོང་ནི་དཀར་མཛེས་ལྷོ་པ་ཤང༌། རྩག་ལེགས་གྲོང་ཚོ་ནས་ཕ་བཀྲ་དགའ་དང༌། མ་ཚེ་དབང་དཔའ་མོ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༣ ཉིན་དར་རྒྱས་ཧར་དྷི་བཙུན་དགོན་གྱི་བཙུན་མ་བྱམས་པ་ལྷ་མོ་དང༌། རིན་འཛིན་དབང་སྒྲོན་གཉིས་གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་དམག་མིས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༡ ཉིན་ཁོང་གཉིས་ལ་དུས་བཀག་བཙོན་འཇུག་ལོ་ ༢ དང་ཕྱེད་རེའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཉེ་འགྲམ་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་མུས་ཡིན་འདུག ༡༽ བཙུན་མ་བྱམས་པ་ལྷ་མོ་ནི། དར་རྒྱས་༼རེ་མགོ༽ཤང༌། ས་འདུལ་གྲོང་ཚོ་ནས་ཕ་མཐའ་ཡས་རྒྱ་མཚོ་དང༌། མ་ཚེ་དབང་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༢ དང་ཕྱེད་ཀྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་བཀག་ཉར་བྱེད་མུས་ཡིན་འདུག་ལ། ཕྱིས་སུ་ཁོང་གི་ནང་མི་ཐུག་འཕྲད་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག ༢༽ བཙུན་མ་རིན་འཛིན་དབང་སྒྲོན་ནི། དར་རྒྱས་༼རེ་མགོ༽ཤང༌། ལྷ་ཉི་ངན་གྲོང་ཚོ་ནས་ཕ་བློ་བཟང་བདེ་ལེགས་དང༌། མ་རྣམ་རྒྱལ་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༢ དང་ཕྱེད་ཀྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་བཀག་ཉར་བྱེད་མུས་ཡིན་འདུག་ལ། ཕྱིས་སུ་ཁོང་གི་ནང་མི་ཐུག་འཕྲད་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༥ ཉིན་རྫ་ཁོག་དར་རྒྱས་ནས་དགེ་འདུན་པ་ཞིག་གིས་ཞི་རྒོལ་བྱས་རྐྱེན་ལས། རྒྱ་དམར་ནས་འཛིན་བཟུང་བྱས།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༨ ཉིན་དཀར་མཛེས་ལྷ་སྐྱིད་གྲོང་ནས་ཡིན་པ་ཐིང་ཁ་སློབ་གྲྭའི་སློབ་མ་རིང་ལྡན་ལྷ་མོ་ཟེར་བ་ཞིག་གིས་ལག་ལ་བོད་ཀྱི་རྒྱལ་དར་ཞིག་ཁྱེར་ཏེ། དཀར་མཛེས་རྫོང་གི་ཁྲོམ་གཞུང་སྟག་ཆུ་མདའ་ཟམ་པའི་ས་ནས་བོད་དོན་སྐོར་གྱི་ཡིག་ཆ་འབོར་ཆེན་འགྲེམས་གཏོར་བྱས་པ་དང་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཞི་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་ཉེས་རྡུང་དང་རྐང་པར་མེ་མདའ་རྒྱག་སྟེ་རྨས་སྐྱོན་ཕོག་ཁར་འཛིན་བཟུང་གིས་ཟླ་བ་བདུན་ཙམ་གྱི་རིང་སྡུག་སྦྱོར་གཉའ་གནོན་མྱོང་དགོས་བྱུང་བ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༥ ཡས་མས་ཤིག་ལ་གཟུགས་པོ་ནད་གཅོང་ཆགས་ཏེ་གློད་གྲོལ་བཏང་ཡོད་འདུག མོ་ནི་དཀར་མཛེས་ཐིང་ཁ་ཤང༌། ལྷ་སྐྱིད་གྲོང་ནས་རྟ་དཔོན་ཚང་གི་ཕ་བསོད་ནམས་ཚེ་རིང་དང༌། མ་ཚེ་རིང་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༨༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༢ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༨ ཉིན་ཞོགས་པ་ཕྱག་ཚོད་ ༩ ཙམ་ལ་དཀར་མཛེས་བྲག་དཀར་དགོན་གྱི་བཙུན་མ་ཡེ་ཤེས་ལྷ་སྒྲོན་དང༌། སངས་རྒྱས་ལྷ་མོ། ཚེ་དབང་མཁའ་འགྲོ། གསུམ་གྱིས་རྫོང་ཐོག་ཏུ་ཞི་རྒོལ་སྐད་འབོད་དང་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱས་རྐྱེན་གྱིས། དྲག་ཆས་དམག་མིས་ཉེས་རྡུང་ཚད་མེད་འོག་འཛིན་བཟུང་གིས་བཙན་ཁྲིད་བྱས་པ་དང༌། དེ་རྗེས་ཁོང་རྣམས་ཀྱི་བཙོན་རོགས་བརྒྱུད་ནས་ཤེས་གསལ་ལྟར་ན། ཁོང་རྣམས་བཙོན་ཁང་དུ་ཁྲིད་རྗེས་སུ་སླར་ཡང་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་སྟེ་མཐར་སྨན་ཁང་ཞིག་ཏུ་བསྐྱལ་བ་སོགས་ཀྱི་་གནས་ཚུལ་བྱུང་འདུག་པ་དང༌། རྗེས་སུ་བཙུན་མ་གཉིས་ལ་དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་འདུག་པ་དང༌། གཅིག་ཉེས་རྡུང་སོགས་ཀྱི་རྐྱེན་ལས་འདས་གྲོངས་སུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག ༡༽ བཙུན་མ་ཡེ་ཤེས་ལྷ་སྒྲོན་ནི། དཀར་མཛེས་ཀཿབྲག་ཤང༌། གཙོ་གཞིས་གྲོང་ཚོ་ནས་ངོས་རྡོ་ཞབས་ཚང་གི་ཕ་དངོས་གྲུབ་བསོད་ནམས་སམ༼མིང་འདོགས་ཨ་ཁུ་ཁྲོ་ཐུང༽དང༌། མ་དབྱངས་མཚོ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༨༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༥ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་མཐར། སྨན་ཁང་ནང་བསྐྱལ་སྐབས་རླངས་འཁོར་ནང་དུ་ཁྲག་གིས་ཁེངས་ནས་ཕྱི་ཉིན་རླངས་འཁོར་གཙང་བཟོ་བས བྱབྱ ཁོང་རྣམས་དེ་འདྲ་རྡུང་རྡེག་བཏང་ན་ཤི་ཡོད་དང་ཡོད། བྱབྱ ཅེས་བཤད་འདུག་པ་མ་ཚད་སྨན་ཁང་དུ་ནད་གཡོག་གིས་ བྱབྱ བཙུན་མ་གཅིག་དང་ཤི་རྒྱུ་མ་གཏོགས་ཐབས་ཤེས་གཞན་ཡོད་ས་མེད། བྱབྱ ཅེས་བཤད་འདུག་ལ། སྨན་ཁང་དུ་མྱུར་སྐྱོར་གྱིས་ལུས་ལ་ཆུ་རྒྱག་པ་སོགས་རྗེས་སུ་འབྲེལ་ཡོད་རྣམས་ཀྱིས་ཁྱོན་རྫོང་ཁག ༩ ཙམ་གྱི་ནང་དུ་རྩད་ཞིབ་བྱས་ཀྱང་རྙེད་སོན་མ་བྱུང་བ་གར་སོང་ཆ་མེད་དུ་གྱུར་སྟབས། ད་སྐབས་ནང་མི་གཉེན་ཉེ་རྣམས་ཀྱིས་རྒྱ་དམར་ནས་དམར་གསོད་བཏང་བའི་ཁོངས་སུ་རྩིས་ཏེ་བླ་མ་གདན་འདྲེན་ཞུ་བ་སོགས་འདས་པོའི་རྗེས་ཀྱི་བྱེད་སྒོ་ཁག་ཀྱང་བྱས་ཟིན་ཡོད་འདུག ༢༽ བཙུན་མ་སངས་རྒྱས་ལྷ་མོ་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གདུགས་རྭ་གྲོང་ནས་སྐྱ་སྐྱ་སྟེང་ཚང་གི་ཕ་འབུམ་ཆུང་ཚེ་རིང་དང༌། མ་ཚེ་འདས་བྱམས་པ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་ཟླ་བ་དྲུག་ཙམ་གྱི་རིང་རོང་བྲག་རྫོང་སོགས་ས་གནས་གང་སར་བཙོན་ཁང་དུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ནས་ལམ་ཐག་ཉེ་བའི་སར་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༣༽ བཙུན་མ་ཚེ་དབང་མཁའ་འགྲོ་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། གདུགས་རྭ་གྲོང་ཚོ་ནས་ཕ་ངག་དབང་སྟོབས་རྒྱལ་དང༌། མ་ཚེ་འདས་ཀུན་བཟང་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༩ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་ཟླ་བ་དྲུག་ཙམ་གྱི་རིང་ས་གནས་གང་སར་བཙོན་ཁང་དུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་བ་དང༌། དེ་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་གི་ཁྲིན་ཏུའུ་ནས་ལམ་ཐག་ཉེ་བའི་སར་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ནང་མི་ནས་གོ་ཐོས་བྱུང་མཚམས་སུ་ཐུག་འཕྲད་ཕྱིན་པ་སོགས་ཀྱི་གནས་ཚུལ་ཀྱང་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༣༡ ཉིན་གྱི་ཉིན་གུང་ཕྱག་ཚོད་ ༡༢ ཙམ་ལ་དཀར་མཛེས་རྒན་མ་བྲག་ཡུལ་དགོན་གྱི་བཙུན་མ་བྱམས་པ་བདེ་སྐྱིད་ནས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་དོན་སྐོར་གྱི་ཡིག་ཆ་འབོར་ཆེན་འགྲེམས་གཏོར་བྱས་པ་དང་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་ས་གནས་དེར་འཛིན་བཟུང་གིས་བཙོན་འཇུག་བྱས་ཏེ་དུས་ཡུན་ཟླ་བ་བདུན་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༩ ཡས་མས་ཤིག་ལ་རྫོང་ཉེན་རྟོག་པས་མོ་རྒྱ་ནག་༼མན་ཡཱང་༽བཙོན་ཁང་དུ་བསྐྱལ་ཡོད་ཚུལ་བཤད་འདུག་པར་བརྟེན། ནང་མི་ཐུག་འཕྲད་ལ་ཕྱིན་སྐབས་མོ་ལ་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་འདུག མོ་ནི་དཀར་མཛེས་ཐིང་ཁ་ཤང༌། ཇོ་ཁང་ནང་གྲོང་ནས་མཁའ་སྒང་ཚང་གི་ཕ་དངོས་དགའ་དང༌། མ་རྟ་མགྲིན་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་མ་ངེས་པ་ཞིག་ལ་སྟོང་འཁོར་དགོན་གྱི་ཕ་རོལ་དུ་སློབ་གྲྭའི་ནང་ཡོད་པའི་དམག་མིས་སློབ་ཕྲུག་ཕྲུ་གུ་ཚོར་མཐེ་བོང་དང་མཐེ་ཆུང་སྟོན་ནས་མཐེ་བོང་དེ་ནི་༼ཝུའུ་ཅིང་ཏོའོ༽དང་མཐེ་ཆུང་དེ་ནི་ྋགོང་ས་མཆོག་རེད་ཅེས་བསྙད་བསྐོ་བྱས་སྐབས་སུ། ཕྲུ་གུ་ཚོའི་ནང་ནས་རྦ་ལ་མདའ་གྲོང་ཚོ་ནས་ཡིན་པ་རང་ལོ་ ༡༡ ཅན་ཞིག་གིས་དམག་མི་དང་འཛིང་མོ་བྱས་པ་དང༌། རྦ་ལ་མདའ་གྲོང་ནས་ཡིན་པ་རང་ལོ་ ༨ ཅན་ཞིག་དང་རོགས་ཁ་ཤས་ནས་ བྱབྱ བོད་རང་བཙན་ཡིན བྱབྱ ཞེས་ཟེར་ཏེ་སྐད་འབོད་བྱས་སྐབས་ཕྲུ་གུ་རྣམས་ལ་ཁྱོད་ཚོ་ལ་དེ་འདྲ་སུས་བསླབ་སོང༌། ཞེས་སོགས་ཀྱི་དྲི་བརྩད་འདྲ་མིན་བྱས་འདུག་པ་དང༌། དེ་རྗེས་ཟླ་བ་གཉིས་ལྷག་ཙམ་གྱི་རིང་སློབ་གྲྭ་སྒོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག ས་ཆེན་ཁྲག་གིས་འཚོས་པའི་དྲག་གནོན་འོག། ཞི་བའི་གདུང་འབོད་སྒྲོག་པའི་རུ་ཚོན་གྱིས༎ གནམ་གྱི་དགུ་ཚིགས་གཏོར་བའི་སྒྲ་རླབས་འདི༎ ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་བང་ཆེན་དངོས༎



སྤྱི་ཟླ་དྲུག་པའི་ཞི་བའི་འོས་ལངས་ཆེན་མོ། བདེན་པ་རྩོད་ནས་ལུས་སྲོག་བཏང་བའི་བུར༎ རྫུན་པའི་ཞྭ་ནག་གཡོགས་པའི་འཁྲབ་སྟོན་གཤོམ༎ ཕྱི་ལོ་ ༢༠༠༨ ཟླ་ ༦ པའི་ནང་ཞི་རྒོལ་ཐེངས་ ༥༠ བྱས་པ།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་མགོ་ལ་སྟོང་འཁོར་རྨོག་རན་གྲོང་སྡེ་ནས་མི་སྐྱ་ཐུབ་བསྟན་ཤེས་རབ་ཟེར་བ་ཞིག་ཉེན་རྟོག་པས་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག་པ་དང༌། ཁོང་འཛིན་བཟུང་བྱེད་དོན་ནི། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ ཉིན་སྟོང་འཁོར་ཞི་རྒོལ་ཆེན་མོ་བའི་གཙོ་གྲས་བྱས་པའི་རྐྱེན་གྱིས་ཡིན་འདུག་ལ། འཛིན་བཟུང་བྱས་པ་ནས་ད་བར་བཙོན་དུ་བཀག་ཉར་བྱེད་མུས་ཡིན་ཡང་ཁྲིམས་ཐག་བཅདཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་མ་བྱུང༌། ཁོང་ནི་སྟོང་འཁོར་ཟླ་ཁོག་བསོ་ཐོག་མདའ་ཤང༌། རྨོག་རན་གྲོང་ཚོ་ནས་ཡིན་ཞིང་ཕ་ཚེ་འདས་བཀྲིས་ནོར་བུ་དང༌། མ་ཚེ་འདས་ཀླུ་མོ་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༥༨ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༥༡ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༥ ཉིན་བྲག་མགོ་རྫོང་ཐོག་ཏུ་བོད་མི་ཞིག་གིས་སྦག་སྦག་ཐོག་ནས་རླུང་རྟ་དང་མཉམ་བསྲེས་ཀྱིས་བོད་དོན་སྐོར་གྱི་ཡིག་ཆ་མང་པོ་བཀྲམ་སྟེ་ཞི་རྒོལ་བྱས་པའི་གནས་ཚུལ་བྱུང་འདུག་ནའང༌། ཁོང་སུ་ཡིན་མིན་སོགས་ཀྱི་གནས་ཚུལ་ཁ་གསལ་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༦ ཉིན་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཕུན་ཚོགས་སྒྲོལ་མ་དང༌། བཙུན་མ་བཀྲ་ལུ། བཙུན་མ་ཚེ་རིང་མཁའ་འགྲོ༼ཚེ་དགའ།༽ གསུམ་ལ་རྒྱ་གཞུང་ནས་ཉེས་པ་འདྲ་མིན་འཛུགས་ཏེ་འཛིན་བཟུང་གིས་བཙན་ཁྲིད་བྱས་པ་ནས། ཕྱི་ལོ་ ༢༠༠༨ ཟླ་ ༩ པའི་ནང་བར་བཙོན་དུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་རྗེས་བཙུན་མ་གཉིས་རིམ་པའི་སྤང་རི་སྣའི་བཙུན་མ་མང་པོ་ཞིག་དང་མཉམ་དུ་གློད་གྲོལ་བཏང་འདུག་ནའང་གཅིག་ད་བར་བཙོན་འོག་ཏུ་གནས་མུས་ཡིན་འདུག ༡༽ བཙུན་མ་ཕུན་ཚོགས་སྒྲོལ་མ་ནི། དཀར་མཛེས་ལྷོ་པ་ཤང༌། གཤོང་གཉེན་གྲོང་ཚོ་ནས་ཕ་ཚབབློ་དགའ་བསྟན་འཛིན་དང༌། མ་པདྨ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༧ ཡིན་འདུག་པ་དང་སྤང་རི་སྣ་བཙུན་དགོན་གྱི་སྒྲིག་འཛུགས་དགེ་རྒན་ཡིན་འདུག གོང་གསལ་བཞིན་མོ་འཛིན་བཟུང་བྱས་པ་ནས་ད་བར་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་སྦྱོར་མྱོང་བཞིན་གནས་མུས་ཡིན་པ་ཤེས་རྟོགས་བྱུང་བ་ཙམ་ལས་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་གསལ་མ་བྱུང༌། ༢༽ བཙུན་མ་བཀྲ་ལུ་ནི། དཀར་མཛེས་ལྷོ་པ་ཤང༌། ཕུག་ཡུལ་ནང་གོ་ལུ་ཕུག་གྲོང་ནས་ཕ་ཚེ་འདས་བསོད་ནམས་དབང་ཕྱུག་དང༌། མ་བསོད་ནམས་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༣ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་ཟླ་བ་གསུམ་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༨ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་ཡོད་འདུག ༣༽ བཙུན་མ་ཚེ་རིང་མཁའ་འགྲོ་ནི། དཀར་མཛེས་ཐིང་ཁ་ཤང༌། ལྷ་སྐྱིད་གྲོང་ཚོ་ནས་སྲིབ་མོ་ཁ་ཚང་གི་ཕ་བསྟན་དགའ་དང༌། མ་ཚེ་འདས་བསོད་ནམས་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༣ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཙམ་ཡིན་འདུག་པ་དང་སྤང་རི་སྣ་བཙུན་དགོན་གྱི་ལས་སྣེ་ཞིག་ཡིན་འདུག གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་གསུམ་ཙམ་གྱི་རིང་བཙོན་འོག་ཏུ་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ ཉིན་དར་རྩེ་མདོའི་བཙོན་ཁང་ཞིག་ནས་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་མང་པོ་ཞིག་དང་མཉམ་དུ་གློད་གྲོལ་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༦ ཉིན་བྲག་མགོ་འཇང་སྒང་དགོན་གྱི་གྲྭ་ཚེ་དབང་གྲགས་པ་དང༌། རྟའུ་ནས་གྲྭ་ཐུབ་བསྟན་རྒྱ་མཚོ། རྫ་སྟོད་ནས་གྲྭ་བྱང་སེམས་ཉི་མ་༼རྒྱ་མཚོ་ཉི་མ་༽ གསུམ་གྱིས་བྲག་མགོ་རྫོང་ཐོག་ཏུ་བོད་ཀྱི་དར་ཆ་བསྒྲེངས་ནས་ངོ་རྒོལ་སྐད་འབོད་བྱས་ཏེ་ཆོལ་གསུམ་བོད་མིར་འབོད་ཚིག བྱབྱ ང་ཚོ་བོད་མི་རིགས་ཀྱི་ཆབ་སྲིད་ལ་རང་དབང་མེད། ང་ཚོ་བོད་མི་རིགས་ལ་རང་དབང་དགོས། ང་ཚོ་བོད་མི་རིགས་ཀྱི་དཔལ་འབྱོར་ལ་རང་དབང་མེད། ང་ཚོ་བོད་མི་རིགས་ཀྱི་དཔལ་འབྱོར་ལ་རང་དབང་དགོས། ང་ཚོ་བོད་མི་རིགས་ཀྱི་རིག་གནས་ལ་རང་དབང་མེད། ང་ཚོ་བོད་མི་རིགས་ཀྱི་རིག་གནས་ལ་རང་དབང་དགོས། མི་ལོ་ལྔ་བཅུའི་རིང་ལ་ང་ཚོ་བོད་མི་རིགས་རྒྱ་མིའི་ཆབ་སྲིད་ཀྱི་འོག་ལ་བཙན་དབང་འཇིགས་སྐུལ་རྡུང་རྡེག་དང་ཤི་གསོད་ཁོ་ནའི་བཅིངས་བསྡོམས་བྱས་ཡོད། ང་ཚོ་བོད་མི་རིགས་ལ་བཅིངས་གྲོལ་དགོས། ང་ཚོ་བོད་མི་རིགས་ལ་རང་དབང་མེད། ང་ཚོ་མི་རིགས་དང་དེའི་ཆིག་བསྒྲིལ་གྱི་ཆེད་དུ་སྐུ་སྲོག་བློས་གཏོང་གི་ཁ་བ་གངས་ཅན་པ་གཞིས་སྡོད་བོད་མི་ཡོངས་ཀྱི་མདུན་སར། རང་ས་རང་སྲུང་དང་རང་དབང་ཐོབ་ཐང་བོད་རང་བཙན་གྱི་ལས་དོན་རླབས་ཆེན་སྟོབས་ཤུགས་ཀྱིས་མགོ་འཛུགས་བྱས་ཏེ། ཆོལ་གསུམ་བོད་མི་ཀུན་གྱི་གོ་སྐབས་འདི་དག་དམ་འཛིན་བྱས་ཏེ་རང་རང་ས་ནས་མགོ་བོ་མ་འཐོམ་པར་ཡར་ལངས་མི་ཉུང་བ་ཞིག་བྱེད་བཞིན་ཡོད་སྟབས། དེ་རྒྱ་ནག་གཞུང་གིས་གཡོ་སྒྱུ་འདྲ་མིན་གྱིས་ྋགོང་ས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་རྩ་དོན་དང་གཏན་ནས་མི་འགྲིག་པ་བཟོ་བཞིན་ཡོད། འོ་ན་ང་ཚོས་ཇི་ལྟར་ཡར་ལངས་བྱེད་དགོས་ཤེ་ན། འཚེ་བ་མེད་པའི་དམ་པའི་ཆོས་ཀྱི་བསྟན་དོན་སྙིང་ལ་བཅངས་ནས་རྒྱ་བོད་གཉིས་ཀྱི་བདེ་བའི་ཐབས་ལམ་བསྐྲུན་ནས་ཞི་བའི་རང་དབང་རྩོད་རྒྱུ་དང༌། ཞི་བའི་ངོ་རྒོལ་བྱེད་རྒྱུ། ཞི་བའི་རང་བཙན་ལེན་དགོས་པ་རེད། རྡོ་དང་དབྱུག་པ་གྲི་དང་མེ་མདའ་སོགས་ཀྱིས་རྒྱ་མིར་ངོ་རྒོལ་བྱེད་པ་དག་འཇིགས་བསྐུལ་རིང་ལུགས་ཀྱི་ལས་ཀ་ཡིན་པས་བོད་མི་སུས་ཀྱང་བྱ་སྤྱོད་འདི་དག་ངོ་ཤེས་དགོས། རྒྱ་ནག་གིས་བསམ་བཟོས་ཏེ་གཡོ་ཇུས་ངན་པས་ང་ཚོའི་ཡར་ལངས་འདི་དག་འཇིགས་བསྐུལ་རིང་ལུགས་པར་བསྒྱུར་བཞིན་ཡོད་སྟབས་གཡོ་སྒྱུའི་བསླུ་ཁྲིད་ངན་པ་འདིའི་འོག་ཏུ་གཏན་ནས་འཆོར་དུ་མི་འཇུག་པར་རང་གི་ཚེ་སྲོག་ལ་ཐུག་ཀྱང་ཞི་བའི་ངོ་རྒོལ་རྒྱུན་མཐུད་དུ་བྱེད་དགོས། ྋགོང་ས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གཞིར་བཟུང་ན་ལོ་ངོ་ལྔ་བཅུའི་རིང་གི་བཙན་གནོན་འཇུག་རྫོགས་སྲིད་གསུངས་པ་བཞིན། གོ་སྐབས་འདི་འཆོར་དུ་མི་འཇུག་པར་བོད་དོན་ལ་ནུས་ཤུགས་ཡོད་དགུ་འདོན་རྒྱུ་ནི་རང་གི་མི་ཚེ་འདིར་རང་ཉིད་བོད་པར་སྐྱེས་པའི་དོན་དང་འཛམ་གླིང་རྒྱལ་ཁབ་ཁག་གི་འབོད་བསྐུལ་དང་བོད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ཁྲིམས་ལུགས་དང་ཡང་མཐུན། གལ་ཆེའི་རང་བཞིན་གྱི་དོན་འདི་གཞིས་སྡོད་བོད་མི་སུ་ཡིན་ཡང་ཐུགས་ལ་གཟབ་ནན་གྱིས་འཇགས་པར་ཞུ་ཞུ། སྙིང་ཁོང་རུས་པའི་གཏིང་ནས་རེ་བཅོལ་ཞུ ཞེས་སོགས་འཁོད་བའི་ཡིག་ཆ་ཆེ་ཆུང་ཁག་གཉིས་གང་སར་བཀྲམ་སྟེ་སྐད་འབོད་བྱས་མཐར། རྒྱ་དམག་དང་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་རྐྱེན་གྱིས་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་སྟབས། སྐབས་དེར་གསལ་ལམ་ཁག་ཏུ་ཚེ་དབང་གྲགས་པ་འདས་གྲོངས་སུ་ཕྱིན་ཚར་བའི་གནས་ཚུལ་ཡང་ཐོན་ཡོད་ནའང༌། ཕྱི་ལོ་ ༢༠༠༨ ཟླ་ ༡༡ པ་ཡས་མས་ཤིག་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་གསུམ་ལ་དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་འདུག་པ་དང༌། ཁྲིམས་ཐག་བཅད་སྐབས་རྒྱ་དམར་ནས་གཡོ་ཐབས་ཀྱིས་སྔར་ཁྱོད་རང་གིས་བསམ་བློ་མ་མཐོང་པ་དང་གཞན་གྱིས་ངན་བསྐུལ་བྱས་པ། ཅི་དྲན་མེད་པར་རི་བོང་ཅལ་འདྲོགས་ལྟ་བུ་བྱས་པ་ཡིན་ཚེ་ངོས་ལེན་བྱས་ན། ཉེས་པ་གུ་ཡང་ཡོད་ཅེས་སོགས་ཀྱི་གཡོ་སྒྱུའི་སྐད་ཆ་སྣ་ཚོགས་བཤད་འདུག་ཀྱང༌། ཚེ་དབང་གྲགས་པས་ངའི་བསམ་ཚུལ་ནི་ བྱབྱ བོད་ལ་རང་དབང་དང་རང་བཙན་དགོས། ྋསྐྱབས་མགོན་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་ཞུ་འཇུག་དགོས། གཞན་ངས་སྔར་བསམ་བློ་གཏོང་མ་ཤེས་པ་དང༌། གཞན་གྱིས་ངན་སྐུལ་བྱས་པ་སོགས་གང་ཡང་མེད། མ་ཟད་ངའི་རོགས་གཉིས་ལའང་ཞི་རྒོལ་བྱེད་དགོས་པའི་སྐུལ་ངས་བྱས་པ་ཡིན། དེ་ལྟར་བྱེད་དོན་ཡང་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་གཞུང་གིས་ང་ཚོ་བོད་མི་ཚོར་རྡུང་རྡེག་མནར་གཅོད་ཁོ་ནའི་འོག་རང་དབང་དང་ཐོབ་ཐང་རྩིས་མེད་ཀྱིས་བརྙས་བཅོས་དང་ཐུབ་ཚོད་གཏོང་རྐྱང་བྱས་པ་འདི་བཟོད་ཐབས་བྲལ་བས་སེམས་གཏིང་གི་རེ་འདོད་ཕྱིར་བཏོན་པ་ཞིག་ཡིན། སྔར་ནས་ངས་རང་གི་ལུས་སྲོག་ཡོངས་རྫོགས་བོད་མི་རིགས་ཀྱི་ཆེད་དུ་བཏང་ཟིན་པ་ཡིན་ཡང་འཆི་མ་ཐུབ་པ་རེད། ད་དུང་ཡང་ཁྱོད་ཚོས་གསོད་རྩིས་ཡོད་ནའང་རེད། ག་རེ་བྱེད་རྩིས་ཡོད་ན་བྱོས་ཤིག། ང་ལ་ཉེས་པ་ངོས་ལེན་ཞུ་རྒྱུ་ཡང་མེད་ལ་ཞུ་འདོད་ཀྱང་མེད། ངས་ཞི་རྒོལ་སྐབས་རྒྱ་དམར་ལ་དྲག་པོའི་ངོ་རྒོལ་བྱེད་སྙམ་པ་དང༌། རྒྱ་དམར་ལ་གླགས་ཁེལ་སྙམ་པ་སོགས་གང་ཡང་མེད། ཡིན་ཡང་སོ་སོའི་སེམས་གཏིང་གི་ན་ཚ་ཕྱི་ལ་མངོན་ཏེ་ཡིག་ཆའི་ནང་བྲིས་པ་ལྟར་ཡིན། ཞེས་སོགས་ཀྱི་ལན་འདེབས་བྱས་ཡོད་འདུག། ཁོང་རྣམས་འཛིན་བཟུང་བྱས་པ་ནས་ཟླ་ཤས་རིང་བཙོན་ཁང་གང་ཞིག་ཏུ་ཡོད་པ་སོགས་གནས་ཚུལ་གསལ་རྟོགས་ཐུབ་མེད་ཀྱང༌། ཁྲིམས་ཐག་མ་བཅད་པའི་ཉིན་ཤས་སྔོན། ནང་མི་སོགས་ཁོ་ལ་ཐུག་འཕྲད་དུ་ཡོང་ན་འགྲིག་ལུགས་བཤད་འདུག་ཅིང༌། ཁོང་གི་ཕ་འཇམ་དབྱངས་ཉི་མ་དང་བློ་བཟང་དཔལ་ལྡན་སོགས་ཐུག་འཕྲད་དུ་འགྲོ་སྐབས་ བྱབྱ ཁྱོད་རང་ཚོའི་བུ་བསམ་བློ་ལོག་པ་དང་མི་རིགས་གཏོར་བཤིགས་གཏོང་མཁན་རེད་འདུག ཁྱོད་ཚོས་ཉེས་པ་ངོས་ལེན་དང་དགོངས་དག་ཞུ་ན་ཉེས་པ་ཆག་ཡང་དང་ཐུག་འཕྲད་བྱེད་འཇུག་རྒྱུ་ཡིན། ཞེས་སོགས་བཤད་འདུག་ཀྱང༌། འཇམ་དབྱངས་ཉི་མ་སོགས་ཀྱིས་ང་ཚོ་ཐུག་མ་བཅུག་ཀྱང་དགོངས་དག་ཞུ་ཐུབ་ས་མ་རེད་ཅེས་སོགས་བཤད་པར་བརྟེན། ཐག་རིང་ནས་སྡིངས་ཆའི་སྟེང་ཡོད་པ་མཐོང་བ་ཙམ་ལས་དངོས་སུ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་མི་འདུག ༡༽ ཚེ་དབང་གྲགས་པ་ནི། བྲག་མགོ་འཇང་མདའ་གྲོང་དུ་ཕ་འཇམ་དབྱངས་ཉི་མ་དང༌། མ་འོ་དགའ་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ ཉིན་དར་མདོའི་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༥ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼དན་ཡཱང༽ཟེར་བའི་བཙོན་ཁང་ནང་བཀག་ཉར་བྱས་འདུག་པ་དང༌། ཁོང་ཞི་རྒོལ་ལ་མ་འགྲོ་སྔོན་དུ་རང་གི་ཁུ་བོ་བསྟན་པ་ལགས་སུ་ཡི་གེ་ཞིག་བཞག་སྟེ། དེའི་ནང་འཁོད་དོན། ཚེ་འདིར་ཁྱེད་རང་ཕ་མ་ལས་ཀྱང་སྐུ་དྲན་ཆེ་ཡང་དེ་རེས་ང་འགྲོ་ཁར་ཁྱེད་རང་སར་བཅར་ཐུབ་མ་སོང་བས་དགོངས་པ་མ་འཚོམས། ཡིན་ཡང་སེམས་ཁྲལ་གནང་མི་དགོས། ངས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བྱས་ཟིན་པ་ཡིན། ཞེས་སོགས་བྲིས་ཡོད་འདུག། ༢༽ ཐུབ་བསྟན་རྒྱ་མཚོ་འམ་༼ཐུབ་བསྟན༽ནི། རྟའུ་རྫོང་མི་ཉག་ར་ལུ་ནས་ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས༌། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ ཉིན་དུས་བཀག་བཙོན་འཇུག་ལོ་ ༣ ནས་ ༤ བར་གྱི་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་༼དན་ཡཱང༽ཟེར་བའི་བཙོན་ཁང་ནང་དུ་བཀག་ཉར་བྱས་ཡོད་འདུག ༣༽ བྱང་སེམས་ཉི་མ་འམ་༼རྒྱ་མཚོ་ཉི་མ༽ནི། རྫ་སྟོད་ནས་ཡིན་ཞིང་གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ ཉིན་དུས་བཀག་བཙོན་འཇུག་ལོ་ ༣ ནས་ ༤ བར་གྱི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼དན་ཡཱང་༽ཟེར་བའི་བཙོན་ཁང་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་བྲག་མགོ་རྦ་དག་བཙུན་དགོན་གྱི་བཙུན་མ་ཚེ་རིང་མཚོ་ནས། བྲག་མགོ་རྫོང་གི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་པ་དང༌། བྱབྱ ྋརྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་ནང་དོན་བོད་ཡིག་དང་རྒྱ་ཡིག་སྦྲགས་མའི་ཐོག་འཁོད་བའི་ཡིག་ཆ་མང་པོ་རྫོང་ཐོག་ཏུ་འགྲེམས་གཏོར་བྱས་པ་སོགས་ལ་བརྟེན། དྲག་ཆས་ཉེན་རྟོག་པས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༧ ཉིན་དར་རྩེ་མདོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་སོགས་ཀྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་དར་མདོའི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག མོ་འཛིན་བཟུང་བྱས་པ་ནས་ད་བར་མི་སུ་ཡང་ཐུག་འཕྲད་བྱེད་མ་བཅུག་སྟབས། གཟུགས་གཞི་བདེ་ཐང་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག་ལ། ཁོ་མོ་ཞི་རྒོལ་དུ་འགྲོ་ཉིན་གྱི་ཞོགས་པ་ནས་བྲག་མགོ་དགོན་གྱི་སྐྱབས་ཞུ་ཁང་དུ་བཅར་ནས་སྐྱབས་རྟེན་ཕུལ་ཏེ་ཞུ་དོན། ངས་དོན་ཆེན་གྱི་ལས་དོན་ཞིག་བསྒྲུབ་དགོས་རྒྱུ་འདུག་པས། དམིགས་འདུན་ལམ་ལྷོང་ཡོང་བའི་སྐྱབས་འཇུག་གནང་རོགས། ཞེས་སོགས་ཞུས་ཏེ་ཞི་རྒོལ་ལ་ཕྱིན་ཡོད་འདུག མོ་ནི་བྲག་མགོ་སྐྱ་ར་གྲོང༌། སྐྱ་ར་ཚང་གི་ཕ་དཔལ་ལྡན་སྙན་གྲགས་དང༌། མ་རྡོ་རྗེ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༨ ཉིན་གྱི་ཉིན་རྒྱབ་ཙམ་ལ་བྲག་མགོ་རྦ་དག་བཙུན་དགོན་གྱི་བཙུན་མ་ ༣༠༠ ལྷག་གིས་ བྱབྱ ྋརྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་བྱེད་པར་བྲག་མགོ་རྫོང་ཕྱོགས་སུ་ཐོན་སྐབས། རྒྱས་བཟང་ཀུང་ཧྲེ་ཡི་ལས་བྱེད་རྣམས་ཀྱིས་འགོག་ཐབས་བྱས་ཀྱང༌། བཀག་མ་ཐུབ་པ་ཤར་བསྐྱོད་བྱས་ཏེ་ལེ་བར་བརྒྱད་ཙམ་གྱི་སར་གོམ་བགྲོད་བྱས་ནས་རྫོང་ཐོག་ཏུ་སླེབས་ཁར། རྒྱ་གཞུང་གིས་ཆེད་གཉེར་དྲག་གནོན་བྱེད་པར་གོང་རིམ་ནས་བཏང་བའི་དམག་མི་སྡེ་ཚན་གསུམ་རིམ་གྱིས་འབྱོར་ཞིང༌། དམག་སྡེ་དང་པོ་དང་བར་པ་གཉིས་ཀྱི་བར་དུ་བཅུག་ནས་དམག་མི་རྣམས་ཀྱི་ལག་ཏུ་ཐོགས་ཡོད་པའི་དུག་རླངས་དང་མེ་མདའ། ལྕགས་དབྱུག་དང་ལྕགས་མདུང་ཕྱོགས་གཅིག་གྲི་དང་ཕྱོགས་གཅིག་མདུང་ཅན་གྱི་དམག་གི་མཚོན་ཆ་སོགས་བེད་སྤྱད་བྱས་ཏེ་གདུག་རྩུབ་ཆེ་བའི་དྲག་གནོན་བྱས་པར་བརྟེན། བཙུན་མ་མང་པོ་རྨས་སྐྱོན་ཚབས་ཆེན་ཕོག་འདུག་པ་དང༌། མཐར་བཙུན་མ་ཡོངས་རྫོགས་ལག་པ་རྒྱབ་ལག་བྱས་ཏེ་བསྡམས་བཀྱིག་གིས་རླངས་འཁོར་ཆེ་བ་ལྔའི་ནང་དུ་བླུགས་ཏེ་བྲག་མགོ་རྫོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་ཡོད་པ་མ་ཟད། ཉེན་རྟོག་ཁང་གི་ར་སྐོར་དུ་འབྱོར་ཏེ་རླངས་འཁོར་ནས་ཕོག་སྐབས་ལྕགས་སྒྲོག་གིས་བསྡམས་བཀྱིག་ཡོད་པའི་བཙུན་མ་རྣམས་ལ་ལྕགས་དབྱུག་དང་ལྕགས་མདུང༌། ཆེད་གཉེར་མི་རྡུང་རྡེག་ཏུ་བཟོས་པའི་ལྷམ་གྱོན་ཡོད་པའི་རྡོག་ཐོ་སོགས་བཞུས་ཏེ་རླངས་འཁོར་ནས་མར་ཅ་དངོས་ལྟར་གཡུགས་པ་དང༌། དེའི་སྐབས་སུ་ཡང་ཉེས་རྡུང་ཚད་མེད་བཏང་མཐར་བཙུན་མ་མང་པོ་སྨན་ཁང་དུ་བསྐྱལ་དགོས་བྱུང་བའི་ནང་ནས་བཙུན་མ་ ༡༩ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་སྟེ། ལ་ལར་གྲི་ཡིས་ཐེབས་པ་དང༌། ལ་ལར་མེ་མདའ་ཐེབས་པ། ལ་ལར་ཉེས་རྡུང་སོགས་ཀྱིས་རྐང་ལག་བཅག་ཡོད་འདུག་ཅིང༌། གཞི་མདའ་གྲོང་ཚོ་ནས་ཡིན་པ་བཙུན་མ་གུ་རུ་སྐྱབས་ཉིན་དེའི་དགོང་མོ་སྨན་ཁང་ནང་འདས་གྲོངས་སུ་ཕྱིན་ཡོད་ཀྱང་རྒྱ་དམར་ནས་སྦས་གསང་བྱས་རྐྱེན་ཕྱིས་སུ་མ་གཏོགས་ཤེས་རྟོགས་ཐུབ་མི་འདུག སྐབས་དེར་དམག་སྡེ་རུ་ཁག་གསུམ་ཡོད་པའི་ནང་ནས་རུ་ཁག་དང་པོའི་དམག་མི་རྣམས་ཀྱི་གྱོན་གོས་ཀྱི་ཚོན་མདངས་ལྗང་ཁྲ་དང༌། རུ་ཁག་ཕྱི་མ་གཉིས་ཀྱི་དམག་གོས་ཚོན་མདངས་ནག་པོ་ཡིན་འདུག ལྷག་པར་དུ་དམག་སྡེ་རུ་ཁག་ཐ་མའི་དམག་མི་ཡོངས་རྫོགས་མགོ་དང༌། གདོང་སོགས་རས་ནག་གིས་བཏུམས་པའི་ཐད་ཀར་མི་གསོད་ཆོག་མཁན་གྱི་ཆེས་གཏུམ་དྲག་ཆེ་བའི་དྲག་དམག་ཡིན་པས། གལ་སྲིད་དམག་སྡེ་དང་པོ་གཉིས་ཀྱིས་བཙུན་མ་རྣམས་འགོག་མ་ཐུབ་ཚེ་དམག་སྡེ་ཐ་མ་དེས་བཙུན་མ་ཐམས་ཅད་གསོད་རྒྱུའི་བཀོད་ཇུས་བཏང་ཡོད་ཀྱང༌། དམག་སྡེ་བར་པའི་དུག་རླངས་གཏོར་བ་དང་གཞན་ཡང་གོང་དུ་བཀོད་པ་ལྟར་མི་སྤྱོད་ལས་འདས་པའི་རྡུང་རྡེག་བཏང་སྟབས་བཙུན་མ་གཅིག་ཀྱང་ཡར་ཤོར་ཐུབ་མི་འདུག དེའི་ཁོངས་བཙུན་མ་གུ་རུ་སྐྱབས་དང༌། ཨུ་རྒྱན་ལྷ་མོ། འཛོམས་དཀར་ལྷ་མོ། བཅས་ཤེས་རྟོགས་བྱུང་བ་ནས། ༡༽ བཙུན་མ་གུ་རུ་སྐྱབས༼གུ་རུ༽ནི། བྲག་མགོ་གཞི་མདའ་གྲོང་དུ་ཕ་ཚེ་དབང་མགོན་པོ་དང༌། མ་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། མོ་གོང་གསལ་བཞིན་བཙུན་མ་རྣམས་དང་ལྷན་དུ་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ནས་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་སྲོག་ཉེན་ལ་ཐུག་སྟེ། བྲག་མགོ་རྫོང་གི་སྨན་ཁང་ནང་བསྐྱལ་ནས་དགོང་མོ་དེར་སྨན་ཁང་ནང་འདས་གྲོངས་སུ་ཕྱིན་ཡོད་འདུག འདས་གྲོངས་སུ་སོང་བའི་གནས་ཚུལ་རྣམས་རྒྱ་གཞུང་ནས་སྦས་གསང་བྱས་ཀྱང༌། རྗེས་སུ་མོའི་འབྲེལ་ཡོད་རྣམས་ཀྱིས་ཐབས་ཤེས་སྣ་དགུ་བཏོན་ཏེ་བྲག་མགོ་རྫོང་གི་སྨན་ཁང་གི་ཡིག་ཆ་སྔོག་བཤེར་བྱས་སྐབས་གོང་ཚེས་ཉིན་གྱི་དགོང་མོར་བྲག་མགོ་རྫོང་གི་སྨན་ཁང་ནང་དུ་འདས་གྲོངས་སུ་ཕྱིན་པའི་དཔང་རྟགས་གསལ་པོ་རྙེད་སོན་བྱུང་ཡོད་འདུག ༢༽ བཙུན་མ་ཨུ་རྒྱན་ལྷ་མོ་ནི། བྲག་མགོ་སྐྱ་ར་གྲོང་ཚོ་ནས། སྐྱ་ར་ཚང་གི་ཕ་དཔལ་ལྡན་སྙན་གྲགས་དང༌། མ་རྡོ་རྗེ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་འདུག་པ་དང༌། གོང་གསལ་བཞིན་བཙུན་མ་གཞན་དང་གཅིག་མཚུངས་ཀྱི་བཙོན་དུ་ཚུད་འདུག་ཅིང༌། ཕྱིས་སུ་བཙུན་མ་གཞན་མང་པོར་གློད་གྲོལ་ཐོབ་ཀྱང་ཨུ་རྒྱན་ལྷ་མོ་རང་ཉིད་ཀྱིས་ངོ་རྒོལ་བྱས་པ་མ་ཟད། རང་དང་ཕ་མ་གཅིག་པའི་སྤུན་ཚེ་རིང་མཚོས་དེ་སྔར་རྒྱ་གཞུང་ལ་ངོ་རྒོལ་གྱི་ཡིག་ཆ་འགྲེམས་གཏོར་བྱས་པ་སོགས་ལ་བརྟེན་ནས། རྒྱ་གཞུང་ངོས་ནས་ཆབ་སྲིད་ཀྱི་གནད་དོན་ཆེན་པོར་ཡོད་པའི་དྭོགས་གཞི་བྱས་ཏེ་མུ་མཐུད་བཙོན་དུ་བཀག་ཉར་གྱིས་མི་སུ་ལའང་ཐུག་འཕྲད་བྱེད་བཅུག་མི་འདུག དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༧ ཉིན་དར་མདོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་མོ་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་སོགས་ཀྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་ད་བར་དར་མདོའི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༣༽ བཙུན་མ་འཛོམ་དཀར་ལྷ་མོ་ནི། བྲག་མགོ་ནོར་བ་ཞེས་པའི་འབྲོག་སྡེ་དེར་ཕ་དཔལ་ལྡན་དང༌། མ་ཚེ་རིང་དགེ་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༥ སྐྱེས་ཤིང་ད་སྐབས་རང་ལོ་ ༣༤ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་སྐབས་འཛིན་བཟུང་གིས་ལྕགས་མདུང་སོགས་ཀྱིས་གང་སར་བཞུས་པ་དང་བཙུགས་པ་སོགས་ལ་བརྟེན། མོའི་རྐང་པའི་ལྷ་ངའི་འོག་རྨ་སྒྲོམ་ཆེན་པོ་གཉིས་བཟོས་ཤིང་རྒྱུན་རིང་སྨན་ཁང་དུ་སྡོད་དགོས་བྱུང་བ་དང་འགྲོ་བསྐྱོད་མི་ཐུབ་པའི་དཀའ་ངལ་འཕྲད་ཡོད་འདུག ད་དུང་བཙུན་མ་གཞན་ཚོ་ལའང་འགའ་ཞིག་གི་རྩིབ་མ་བཅགས་པ་དང༌། འགའ་ཞིག་གི་ལུས་སྟེང་ནས་མདེའུ་བཏོན་པ་སོགས་རྨས་སྐྱོན་ཚབ་ཆེན་ཕོགས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༨ ཉིན་གྱི་དགོང་མོར་བྲག་མགོ་ཁུལ་གྱི་མི་མང་རྣམས་ཀྱིས་རྦ་དག་བཙུན་དགོན་གྱི་བཙུན་མ་རྣམས་འཛིན་བཟུང་བྱས་པའི་གནས་ཚུལ་གོ་ཐོས་བྱུང་བ་དང༌། ཡུལ་མི་ ༦༠༠ ལྷག་འདུ་འཛོམས་ཀྱིས་བྲག་མགོ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱས་པ་དང༌། གལ་ཏེ་བཙུན་མ་རྣམས་གློད་གྲོལ་མ་གཏོང་ཚེ་སྐད་འབོད་རྩ་བ་ནས་མཚམས་འཇོག་བྱེད་རྒྱུ་མིན་སྐོར་སོགས་བཤད་ཡོད་ཀྱང་འཇུ་བཟུང་སྤྲོད་མཁན་གོང་རིམ་གྱི་དམག་མི་ཡིན་སྟབས། བྲག་མགོ་རྫོང་གི་འགོ་འཛིན་པ་རྣམས་ལ་ཁོང་ཚོ་གློད་གྲོལ་གཏོང་རྒྱུའི་དབང་ཚད་གང་ཡང་ཡོད་མི་འདུག དེའི་དགོང་མོ་ཕྱག་ཚོད་ ༡༡ ཙམ་ལ་མི་མང་གིས་སྐད་འབོད་ཤུགས་ཆེར་བྱས་པ་དང་མི་འབོར་ཡང་མང་དུ་སོང་ནས་རྫོང་ཡོངས་རྫོགས་སུ་ཟིང་ཆ་ཆེར་ཕྱིན་སྐབས། རྒྱ་གཞུང་གིས་གནས་ཚུལ་ཧ་ཅང་ཛ་དྲག་ཅན་དུ་འགྱུར་བར་དོགས་ཏེ་ཕྱག་ཚོད་ ༡༡ ཡོལ་ཙམ་ཞིག་ལ། ཐོག་མར་ལས་འགུལ་སྤེལ་མཁན་གྱི་གྲས་སྐྱ་ར་ཚང་གི་བཙུན་མ་ཚེ་རིང་མཚོ་དང༌། མོ་དང་ཕ་མ་གཅིག་པའི་བཙུན་མ་ཨུ་རྒྱན་ལྷ་མོ། བཙུན་མ་གུ་རུ་བཅས་མ་གཏོགས་གཞན་རྣམས་གློད་གྲོལ་བཏང་འདུག་ནའང༌། རྨས་སྐྱོན་མ་ཕོག་པའི་བཙུན་མ་གཅིག་ཀྱང་ཡོད་མི་འདུག ཁོང་རྣམས་ཀྱི་ནང་ནས་ཆེས་ཉེན་ཚབས་ཆེ་བ་རྣམས་ཁྲིན་ཏུའུ་ལ་སྨན་ཁང་དུ་འཁྲིད་དགོས་བྱུང་འདུག་པ་དང༌། བཙུན་མ་ཁ་ཤས་ཀྱི་གཟུགས་པོའི་སྟེང་ནས་མདེའུ་བཏོན་པ་དང༌། རྩིབ་མ་བཅགས་པ། རྐང་ལག་བཅགས་པ་སོགས་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༩ ཉིན་དཀར་མཛེས་མཁའ་གནོན་དགོན་གྱི་གྲྭ་བྱམས་དགའ་ཕུན་ཚོགས་དང༌། བྱམས་པ་རྡོ་རྗེ། བསོད་ནམས།༼བསོད་ལུ༽ གསུམ་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་ཁྱེར་ཏེ་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ནས་རྒྱ་གཞུང་ལ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་པ་དང༌། ཆབ་སྲིད་སྐོར་གྱི་ཡིག་ཆ་མང་པོ་འགྲེམས་གཏོར་བྱས་རྐྱེན་གྱིས་དྲག་ཆས་དམག་མི་སོགས་ནས་ཉེས་རྡུང་ཚད་མེད་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་ཏེ། ཟླ་བ་བརྒྱད་དགུ་ཙམ་གྱི་རིང་ས་གནས་གང་སར་བཙོན་ཁང་ནང་དུ་ཉེས་རྡུང་དང་གཉའ་གནོན་ཚད་མེད་མྱོང་དགོས་བྱུང་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༢ ཉིན་གོ་ཐོས་བྱུང་བར་གཞིགས་ན། ཁོང་གསུམ་དཀར་མཛེས་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་པ་དང༌། ཉེས་རྡུང་སོགས་ཀྱི་དབང་གིས་གཟུགས་པོ་ནད་གཅོང་ཆགས་ཏེ་དཀར་མཛེས་སྨན་ཁང་ནང་དུ་ཁྲིད་པ་སོགས་ཀྱི་གནས་ཚུལ་གོ་ཐོས་བྱུང་བ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གསལ་པོར་མ་བྱུང༌། ༡༽ གྲྭ་བྱམས་དགའ་ཕུན་ཚོགས་ནི། དཀར་མཛེས་ཐིང་ཁ་ཤང༌། ༼ཟུ་ཟ་མདའ་༽གྲོང་ཚོ་ནས་ཕ་ཨུ་རྒྱན་དང༌། མ་པད་མ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འོག་ཏུ་རྡུང་རྡེག་སོགས་ཀྱི་རྐྱེན། གཟུགས་པོ་ནད་གཅོང་ཆགས་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༠ ཡས་མས་ཤིག་ལ་དཀར་མཛེས་སྨན་ཁང་ནང་དུ་ཁྲིད་བཞིན་ཡོད་པ་གོ་ཐོས་བྱུང་བ་དང༌། དུས་ད་ལྟར་ཡང་དཀར་མཛེས་བཙོན་ཁང་དུ་མུ་མཐུད་སྡུག་སྦྱོར་མྱོང་མུས་ཡིན་འདུག ༢༽ གྲྭ་བྱམས་པ་རྡོ་རྗེ་ནི། དཀར་མཛེས་ཐིང་ཁ་ཤང༌། ལྷ་སྐྱིད་གྲོང་སྡེ་ནས་ཕ་ཧང་ཆ་དང༌། མ་འཆི་མེད་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༡༩ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས་ད་བར་ལོ་གཅིག་ལྷག་ཙམ་གྱི་རིང་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་མ་ཟད། ད་ལྟར་ཡང་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༣༽ གྲྭ་བསོད་ནམས་༼བསོད་ལུ༽ནི། དཀར་མཛེས་ཐིང་ཁ་ཤང༌། གྲོང་གསར་གྲོང་སྡེ་ནས་ཕ་༼རྒྱ་མི་༽ཞིག་དང༌། མ་པད་མ་དབང་མོ་གཉིས་ལ་ཕྱི་ལོ་ ༡༩༩༡ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༡༨ ཙམ་ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་ནས་ད་བར་ལོ་གཅིག་ལྷག་ཙམ་གྱི་རིང་སྡུག་སྦྱོར་ཚད་མེད་མྱོང་དགོས་བྱུང་འདུག་པ་མ་ཟད། ད་ལྟར་ཡང་དཀར་མཛེས་རྫོང་གི་བཙོན་ཁང་དུ་མནར་གཅོད་མྱོང་མུས་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༩ ཉིན་དཀར་མཛེས་དགོན་གྱི་གྲྭ་ངག་དབང་ལྷུན་གྲུབ་དང༌། སྐལ་བཟང་ཉི་མ་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ བྱབྱ ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་བྱས་རྐྱེན། དྲག་ཆས་ཉེན་རྟོག་པས་ཉེས་བརྡུང་ཚད་མེད་གཏོང་བཞིན་ས་གནས་དེར་འཛིན་བཟུང་གིས་བཙོན་འཇུག་བྱས་ཏེ་ཟླ་བ་བཞི་ལྔ་ཙམ་གྱི་རིང་བཙོན་དུ་བཀག་ཉར་བྱས་རྗེས། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༤ རེའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་གི་ནང་བཀག་ཉར་བྱས་ཡོད་འདུག ༡༽ གྲྭ་ངག་དབང་ལྷུན་གྲུབ་ནི། དཀར་མཛེས་མདའ་མདོ་ཤང༌། མདའ་མདོ་གྲོང་ཚོ་ནས་ཕ་ཚེ་འདས་སངས་རྒྱས་དབང་ཕྱུག་དང༌། མ་ཡ་སྐོང་གཉིས་སུ་ཕྱི་ལོ་ ༡༩༧༩ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༠ ཡིན་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་དཀར་མཛེས་རྫོང་ཐོག་ཏུ་བཀག་ཉར་གྱིས། ཉེན་རྟོག་པས་སྐད་ཆ་འདྲ་མིན་དྲིས་སྐབས་སུ་པར་ལེན་གྱིས་དགོང་མོར་རྫོང་གིས་བརྙན་འཕྲིན་བརྒྱུད་ཁོང་གི་སྐད་མེད་པ་བཟོས་ཏེ་ བྱབྱ ད་སྐབས་ཁོང་གི་ནོར་འཁྲུལ་དང༌། འབྱུང་འགྱུར་དེ་འདྲའི་རིགས་རྩ་བ་ནས་བྱེད་རྒྱུ་མིན་པའི་ཁས་ལེན་བྱས་ཡོད། ཅེས་སོགས་གཡོ་ཐབས་ཀྱིས་ས་གནས་གང་སར་བསྟན་སྐབས་ཡུལ་མི་ཀུན་ཧང་སང་དགོས་པར་ཆགས་འདུག་ནའང༌། རྗེས་སུ་བཙོན་རོགས་སོགས་ཀྱི་བརྒྱུད་ནས་གོ་ཐོས་བྱུང་བར་དཀར་མཛེས་བཙོན་ཁང་དུ་ཁོང་ལས་དཔའ་འཛོམས་ལྡན་པ་ཞིག་མི་འདུག་ཅེས། ཁ་གཅིག་གྲགས་ཀྱིས་བཤད་ཀྱིན་འདུག་པ་དེར་བལྟས་ན། རྒྱ་དམར་ནས་སྡུག་སྦྱོར་གཉའ་གནོན་ཇི་ལྟར་བྱས་ཀྱང་ཁས་ལེན་མི་བྱེད་མཁན་རིགས་ལ་ནག་ཉེས་འདྲ་མིན་འཛུགས་ཏེ། བོད་རྒྱལ་གཉིས་ལ་ངོ་སོ་མེད་པ་བཟོ་བའི་སྲིད་ཇུས་ཤིག་ཡིན་པ་རྗེས་སུ། ཕྱི་ལོ་ ༢༠༠༨ ཟླ་ ༩ པའི་ནང་ཁོང་ལ་ལོ་ ༤ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་པ་བཅས་ལ་བལྟས་ན་ཡང་གསལ་པོ་ཆགས་ཀྱིན་ཡོད་འདུག ༢༽ གྲྭ་སྐལ་བཟང་ཉི་མ་ནི། དཀར་མཛེས་ཀཿབྲག་ཤང༌། ཡ་ནང་གྲོང་ཚོ་ནས་ཕ་ཚེ་ལས་འདས་པ་ཞིག་དང༌། མ་དཔའ་མོ་གཉིས་སུ་ཕྱི་ལོ་ ༡༩༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ཏེ་དུས་ཡུན་ཙམ་གྱི་རིང་རྫོང་གི་བཙོན་ཁང་སོགས་སུ་བཀག་ཉར་བྱས་རྗེས་སུ་ལོ་ ༢ ནས་ ༤ བར་གྱི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་འདུག་ཀྱང༌། ཁྲིམས་ཆད་ཀྱི་ལོ་དུས་ཞིབ་ཕྲའི་གནས་ཚུལ་ཤེས་གསལ་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༩ ཉིན་དཀར་མཛེས་དབྱངས་ཅན་མཁའ་འགྲོ་ལ། རྒྱ་དམར་ཉེན་རྟོག་པས་ཕྱི་རྒྱལ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་ནག་ཉེས་བཙུགས་ཏེ་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ། ཟླ་བ་ ༥ ལྷག་ཙམ་གྱི་རིང་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་དགོས་བྱུང་མཐར། དཀར་མཛེས་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག མོ་ནི་དཀར་མཛེས་གསེར་ཆུ་ཤང༌། རྫོང་པ་གྲོང་ཚོ་ནས་ཕ་བློ་བཟང་དང༌། མ་རིན་ཆེན་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༡ ཉིན་དཀར་མཛེས་འོ་བཟང་གྲོང་ནས་མི་སྐྱ་དཔལ་ལྡན་དབང་རྒྱལ་གྱིས་འོ་བཟང་ནས་དཀར་མཛེས་རྫོང་ཐོག་བར་དུ་ལེ་དབར་ ༤ ཙམ་གྱི་སར། མགོ་ལ་ཁ་བཏགས་ཤིག་དང་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་ཁྱེར་ནས་གོམ་བགྲོད་ཀྱིས་ཕྱིན་པ་དང༌། དེ་རྗེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་དམག་མི་སོགས་ནས་མཉམ་རུབ་ཀྱིས་ཉེས་བརྡུང་གཏོང་བཞིན་འཛིན་བཟུང་བྱས། ཟླ་བ་ལྔ་ཙམ་གྱི་རྗེས་ཕྱི་ཟླ་ ༡༡ པའི་ཟླ་སྟོད་དུ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་དཀར་མཛེས་མདའ་མདོ་ཤང༌། འོ་བཟང་གྲོང་ཚོ་ནས་ཕ་ཐུབ་ལུ་དང༌། མ་ཚེ་རིང་དབྱངས་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༢ ཙམ་ལ་ཏྲེ་བོ་ལྕོག་རི་ཁུལ་ནས་ཡིན་པའི་མི་སྐྱ་བློ་བཟང་ཡར་འཕེལ་དང༌། ཁོང་གི་གཅེན་པོ་དཀར་མཛེས་རྩག་ལེགས་གྲོང་དུ་མག་པ་ཡོང་བ་རྡོ་རྗེ་འམ་༼སྐམ་བུང་༽གཉིས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ཆབ་སྲིད་སྐོར་གྱི་ཡིག་ཆ་འབོར་ཆེན་བཀྲམ་པ་དང་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་སྐབས། དྲག་ཆས་དམག་མིས་གདུག་རྩུབ་ཀྱིས་དྲག་གནོན་བྱས་ཏེ་རྡོ་རྗེའི་རྐང་པར་མདེའུ་ཕོག་ནས་ཛ་དྲག་གི་གནས་སུ་གྱར་ཐོག། ཁོང་གཉིས་ཀ་འཛིན་བཟུང་གིས་བཙན་ཁྲིད་བྱས་ནས་བཀག་ཉར་བྱས་འདུག་པ་དང༌། དེ་ནས་ཟླ་ཤས་རྗེས་སུ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༤ རེའི་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག ༡༽ བློ་བཟང་ཡར་འཕེལ་ནི། ཏྲེ་བོ་ལྕོག་རི་མཚོ་འགོ་ཤང༌། ཀྲི་ཀྲོ་གྲོང་ཚོ་ནས་ཕ་ཚེ་རིང་རྡོ་རྗེ་ལགས་ཀྱི་བུར་ཕྱི་ལོ་ ༡༩༨༥ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཙམ་ཡིན་འདུག་ལ། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༤ ཁྲིམས་ཐག་བཅད་དེ་དེང་སྐབས་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༢༽ རྡོ་རྗེ་འམ་༼སྐམ་བུང་༽ནི། ཏྲེ་བོ་མཚོ་འགོ་ཤང༌། གནས་རྩ་གྲོང་དུ་ཕ་ཏྲེ་བོ་འཇམ་དབྱངས་དང༌། མ་རིག་འཛིན་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོ་ཡས་མས་ཤིག་ལ་སྐྱེས་ཤིང༌། ད་སྐབས་རང་ལོ་ ༣༣ ཙམ་ཡིན་འདུག་ལ། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༤ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག་པ་དང༌། ཕྱིས་སུ་གོ་ཐོས་བྱུང་གསལ་ལྟར་ན་ཁོང་ལ་གློ་ནད་ཀྱི་ནད་གཞི་ཚབས་ཆེན་ཞིག་ཕོག་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༡ ཉིན་དཀར་མཛེས་རབ་དཀར་གྲོང་ཚོ་ནས་རྣམ་སྲས་ལྷ་མོ་དང༌། བསྟན་འཛིན་དར་རྒྱས། གཉིས་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ཏེ་རྒྱ་གཞུང་ལ་ཞི་རྒོལ་བྱས་རྐྱེན་གྱིས། རྒྱ་དམར་ནས་ཉེས་རྡུང་ཚད་མེད་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་ཏེ་ཟླ་ཤས་རྗེས་གཅིག་ལ་ཁྲིམས་ཆད་དང་གཅིག་གཟུགས་པོ་ནད་གཅོང་ཆགས་ཁར་བཙོན་འོག་ཏུ་གནས་མུས་ཡིན་འདུག ༡༽ རྣམ་སྲས་ལྷ་མོ་ནི། དཀར་མཛེས་མདའ་མདོ་ཤང༌། རབ་དཀར་ཡུལ་རྭ་གྲོང་ཚོ་ནས་ཕ་ཀརྨ་ཚེ་དབང་དང༌། མ་ཚེ་རིང་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་པ་དང༌། མོར་གོང་གསལ་བཞིན་ཟླ་ཤས་རྗེས་སུ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༡ ཟླ་ ༩ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་ནང་བཀག་ཉར་བྱས་ཡོད་འདུག ༢༽ བསྟན་འཛིན་དར་རྒྱས་ནི། དཀར་མཛེས་མདའ་མདོ་ཤང༌། རབ་དཀར་གྲོང་ཚོ་ནས་ཕ་ཚེ་འདས་ཀུན་དགའ་བློ་བཟང་དང༌། མ་ཚེ་འདས་རྡོ་རྗེ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༡ ཡིན་འདུག་པ་དང༌། གོང་གསལ་བཞིན་ཞི་རྒོལ་བྱས་རྗེས་བཙོན་འོག་ཏུ་ཉེས་རྡུང་སོགས་ཀྱི་རྐྱེན་ལས་གཟུགས་པོ་ནད་གཅོང་ཆགས་པར་བརྟེན། དཀར་མཛེས་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་ཞིབ་ཕྲའི་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༥ པ་ཙམ་ལ་དཀར་མཛེས་མཁའ་གནོན་དགོན་གྱི་གྲྭ་ཡེ་ཤེས་རྡོ་རྗེས། རྫོང་གི་ཁྲོམ་གཞུང་ཁྲོན་བོད་གཞུང་ལམ་དཀར་མཛེས་གྲོང་བརྡལ་སྤྱི་བདེ་མངགས་གཏོང་ཁང༌། ཆུ་ནུབ་ཉེན་དོན་ཁང་ཉེན་རྟོག་འབྲིང་རིམ་རུ་ཁག་གི་ཉེ་འགྲམ་གྱི་སྲང་ལམ་དུ། བྱབྱ བོད་རང་བཙན་ཡིན་ ཞེས་སོགས་ཀྱི་ནང་དོན་འཁོད་བའི་ཡིག་ཆ་དང་རླུང་རྟ་འབོར་ཆེན་འགྲེམས་གཏོར་བྱས་པ་དང༌། ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་གཞུང་ལ་ཞི་རྒོལ་བྱས་སྐབས། དྲག་ཆས་ཉེན་རྟོག་པས་ས་གནས་དེ་རང་དུ་འཛིན་བཟུང་གིས་བཙོན་འཇུག་བྱས་ནས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་༡༠༣ ནང་གསེས་ ༢ པ་དང༌། དོན་ཚན་ ༥༦ ནང་གསེས་ ༡ པོ། དོན་ཚན་ ༥༥ ནང་གསེས་ ༡ པོ་སོགས་དང་འགལ་བའི་ཉེས་འཛུགས་འོག་དུས་བཀག་བཙོན་འཇུག་ལོ་ ༤ དང༌། ཆབ་སྲིད་ཀྱི་ཁེ་དབང་ལོ་ ༢ འཕྲོག་རྒྱུའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཉེ་འགྲམ་༼དན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་མུས་ཡིན་འདུག ནང་མི་ཐུག་འཕྲད་ཕྱིན་སྐབས་འཚེམ་བཟོའི་ལས་ཀ་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་གོ་ཐོས་བྱུང༌། ཁོང་ནི་དཀར་མཛེས་ཐིང་ཁ་ཤང༌། ཁུང་རུང་གྲོང་སྡེ་ནས་ཕ་ཚེ་འདས་ཡ་ཐར་ཚེ་རིང་དང༌། མ་ཚེ་འདས་མེ་ཏོག་ལྷ་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༣ ཉིན་རྟའུ་ཅོང་གཞི་གྲོང་ནས་ཡིན་པ་ཚེ་དབང་རིག་འཛིན་ཟེར་བ་ཞིག་ལ་རྒྱ་གཞུང་ནས་དེ་སྔར་རྟའུ་ཁུལ་གྱི་ཞི་རྒོལ་བའི་གཙོ་གྲས་ཡིན་པའི་ཉེས་འཛུགས་འོག་ཏུ། དྲག་ཆས་དམག་མིས་འཛིན་བཟུང་བྱས་ནས་དུས་ཡུན་ཙམ་གྱི་རིང་ག་སོང་ཆ་མེད་དུ་གྱུར་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༩ ཉིན་གོ་ཐོས་བྱུང་བར་གཞིགས་ན། ཉི་མ་གྲགས་པ་དང༌། སྦྱིན་པ་ཟེར་བའི་དགེ་འདུན་པ་གཉིས་དང་མཉམ་དུ་དར་རྩེ་མདོའི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཤེས་གསལ་བྱུང་ཡོད་འདུག ཁོང་ནི་རྟའུ་མ་གཟི་ཤང༌། ཅོང་གཞི་གྲོང་ཚོ་ནས་ཕ་ཚེ་འདས་བློ་བཟང་རྒྱ་མཚོ་དང༌། མ་ཚེ་འདས་པད་མ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༥༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༥༥ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༤ ཉིན་དཀར་མཛེས་ཁང་དམར་དགོན་གྱི་གྲྭ་ཡེ་ཤེས་དཔལ་ལྡན་ནས་དཀར་མཛེས་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། དྲག་ཆས་ཉེན་རྟོག་པས་ལྕགས་ཧྲེང་སོགས་ཀྱི་བཞུས་ཏེ་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢ ཉིན་གོ་ཐོས་བྱུང་བར་གཞིགས་ན། འབར་ཐང་རྫོང་དུ་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་སྐབས་ནང་མི་ཐུག་འཕྲད་དུ་ཕྱིན་འདུག་པ་དང༌། དེ་རྗེས་དཀར་མཛེས་བཙོན་ཁང་དུ་གནས་སྤོ་བྱས་ཏེ་བཀག་ཉར་བྱས་པ་ཤེས་རྟོགས་བྱུང་ནའང་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་མ་བྱུང༌། ཁོང་ནི་དཀར་མཛེས་སུ་ངོ་ཤང༌། གཞི་ལུ་གྲོང་སྡེ་ནས་ཕ་དགེ་འདུན་དང༌། མ་ཚེ་དགའ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༤ ཉིན་དཀར་མཛེས་བྱམས་པ་བཀྲིས་ནས། དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་ནས། ཟླ་ཤས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ནས་ལམ་ཐག་སྤྱི་སྐྱོད་རླངས་འཁོར་དུ་ཕྱག་ཚོད་ ༤ ཙམ་གྱི་སར་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག ཁོང་ནི་དཀར་མཛེས་ཁོག་རྩེ་ཤང༌། གཙང་ཁ་གྲོང་ཚོ་ནས་ཕ་བློ་བཟང་རྡོ་རྗེ་དང༌། མ་བསོད་ཕྲུག་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༥ ཉིན་དཀར་མཛེས་རབ་དཀར་གྲོང་ནས་ཕོ་གསར་བསོད་ནམས་དབང་རྒྱལ་དང༌། རིན་ཆེན་དོན་འགྲུབ། རྡོ་རྗེ་བློ་རིག་གསུམ་ནས་དབྱར་རྩྭ་དགུན་འབུ་བསྐོ་ཞོར་དུ། ང་ཚོའི་ཕ་མ་ལྟ་བུའི་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང༌། ྋཔཎ་ཆེན་རིན་པོ་ཆེ་མཆོག་ནི་རྒྱ་དམར་ནས་བཙོན་དུ་བཅུག་ཡོད་པས་ང་ཚོས་ཞལ་མཇལ་གྱི་སྐལ་བ་ཙམ་ཡང་མ་བྱུང་བ་མ་ཚད། ཤ་ཁྲག་གཅིག་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་པོ་འཛིན་བཟུང་དང་སྲོག་ཐོག་བཏང་བ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་མུས་ལ་ང་ཚོས་དུས་ནམ་ཡང་བཟོད་ཐབས་མི་འདུག ཅེས་ལབ་གླེང་བྱས་མཐར་ཁོང་གསུམ་གྱིས་ྋགོང་ས་མཆོག་གི་སྐུ་དཔར་ཞིག་ཁྱེར་ཏེ་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ནས་ཆབ་སྲིད་སྐོར་གྱི་ཡིག་ཆ་འབོར་ཆེན་འགྲེམས་གཏོར་བྱས་པ་དང༌། ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱེད་སྐབས། དྲག་ཆས་ཉེན་རྟོག་པ་དང་དམག་མིས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཏེ་ས་གནས་དེར་ཁྲག་གིས་ཁེངས་པ་ཞིག་བཟོས་ཡོད་པ་མ་ཚད༌། ཁོང་རྣམས་ཤི་གསོན་ཅི་ཡིན་ངོ་མ་ཤེས་པ་ཆགས་ཐོག་རླངས་འཁོར་དུ་བླུགས་ནས་ཁྱེར་ཡོད་འདུག་ལ། དེ་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ པའི་ནང་གོ་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་གསུམ་ལ་དུས་བཀག་བཙོན་འཇུག་ལོ་ ༣ རེའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་༼མིའང་སྲ༽བཙོན་ཁང་དུ་བསྐྱལ་འདུག་པ་དང༌། དེ་རྗེས་༼མན་ཡཱང་༽བཙོན་ཁང་དུ་གནས་སྤོ་བྱས་ཏེ་བཀག་ཉར་བྱེད་མུས་ཡིན་འདུག ༡༽ བསོད་ནམས་དབང་རྒྱལ་ནི། དཀར་མཛེས་མདའ་མདོ་ཤང༌། རབ་དཀར་གྲོ་འབོལ་གྲོང་སྡེ་ནས་ཕ་གུ་གྲགས་དང༌། མ་བཀྲིས་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་ཟླ་ཤས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ཉེ་འགྲམ་༼མན་ཡཱང༽བཙོན་ཁང་དུ་བཀག་ཉར་བྱེད་མུས་ཡིན་པ་དང༌། ཁོང་བཙོན་ཁང་དུ་སྡོད་རིང་ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་རྡུང་རྡེག་གིས་རྐྱེན་པས་ཁོག་སྨད་སྐྱོན་ཅན་ཆགས་ཏེ་ཕར་ཚུར་འགྲོ་བསྐྱོད་སྐབས་བཙོན་རོགས་གཞན་གྱིས་ཁུར་ནས་འགྲོ་དགོས་པ་སོགས་ཡིད་སྐྱོ་བའི་གནས་སུ་གྱར་ཡོད་འདུག ༢༽ རིན་ཆེན་དོན་འགྲུབ་ནི། དཀར་མཛེས་མདའ་མདོ་ཤང༌། རབ་དཀར་གྲོང་སྡེ་ནས་༼ཇའེ་སང་༽ཚང་གི་ཕ་བྱམས་པ་ཆོས་གྲགས་དང༌། མ་ཟླ་བ་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༨༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༥ ཡིན་འདུག་པ་དང༌། གོང་གསལ་བཞིན་ཟླ་ཤས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག ༣༽ རྡོ་རྗེ་བློ་རིག་ནི། དཀར་མཛེས་མདའ་མདོ་ཤང༌། རབ་དཀར་གྲོང་ཚོ་ནས་ཕ་པདྨ་དྲི་མེད་དང༌། མ་ཚེ་དགའ་གཉིས་སུ་ཕྱི་ལོ་ ༡༩༨༥ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༤ ཡིན་འདུག་པ་དང༌། གོང་གསལ་བཞིན་ཟླ་ཤས་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༥ ཉིན་སླར་ཡང་བོད་མི་ཞིག་ནས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་བྱས་འདུག་རུང་ཁོང་གྲོང་སྡེ་གང་ནས་ཡིན་མིན་དང༌། འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོར་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༦ ཉིན་ཏྲེ་བོ་དགུ་མདའ་མི་ཉག་དགོན་གྱི་སྡེ་བ་ཉག་འབྲོག་ནས་རིན་ཆེན་རྡོ་རྗེ་དང༌། བུ་མགོན་པོ་གཉིས་དང༌། ཧོར་འབྲོག་ནས་ཡིན་པ་བུ་མཁས་པ་དང༌། འཕྲིན་ལས་རྡོ་རྗེ། བཅས་མི་སྐྱ་བཞི་ཡིས་བྲག་མགོ་རྫོང་མདའ་མདོ་ཤང་དུ་རྒྱ་གཞུང་ལ་ཞི་རྒོལ་གྱིས་འབོད་ཚིག་སྒྲོག་པ་དང༌། ཡིག་ཆ་མང་པོ་འགྲེམས་གཏོར་བྱས་ཏེ་ངོ་རྒོལ་བྱས་མཐར། ཁོང་རྣམས་བྲོས་བྱོལ་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང༌། ༡༽ རིན་ཆེན་རྡོ་རྗེ་ནི། ཏྲེ་བོ༼དགུ་འཛུ་༽ཤང༌། ཉག་འབྲོག་ནས་ཁྱུང་ཕྱུག་ཚང་གི་ཕ་བུ་ཉ་དང༌། མ་ལྷ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་ལྟར་ཞི་རྒོལ་བྱས་རྗེས་བྲོས་བྱོལ་དུ་ཕྱིན་ཡོད་འདུག ༢༽ བུ་མགོན་པོ་ནི། ཏྲེ་བོ་༼དགུ་འཛུ་༽ཤང༌། ཉག་འབྲོག་སྡེ་པའི་སེར་ཡུལ་ཚང་གི་ཕ་ཚེ་དབང་དཔལ་ལྡན་དང༌། མ་ཚེ་ལུ་གཉིས་སུ་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་འདུག་པ་དང༌། གོང་གསལ་ལྟར་ཞི་རྒོལ་བྱས་རྗེས་བྲོས་བྱོལ་དུ་ཕྱིན་ཡོད་འདུག ༣༽ བུ་མཁས་པ་ནི། ཏྲེ་བོ་༼དགུ་འཛུ༽ཤང༌། ཧོར་འབྲོག་སྡེ་པའི་ཤུད་ནུ་ཚང་གི་ཕ་ཚེ་རིང་སྐྱབས་དང༌། མ་ཚེ་རིང་བདེ་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༨༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༥ ཡིན་འདུག་པ་དང༌། གོང་གསལ་ལྟར་ཞི་རྒོལ་བྱས་རྗེས་བྲོས་བྱོལ་དུ་ཕྱིན་ཡོད་འདུག ༤༽ འཕྲིན་ལས་རྡོ་རྗེ་ནི། ཏྲེ་བོ་༼དགུ་འཛུ༽ཤང༌། ཧོར་འབྲོག་སྡེ་པའི་ཏྲེ་བོ་ཚང་གི་ཕ་བསོད་ནམས་འབུམ་དང༌། མ་འབྲུག་ལུ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག་པ་དང༌། གོང་གསལ་ལྟར་ཞི་རྒོལ་བྱས་རྗེས་བྲོས་བྱོལ་དུ་ཕྱིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༧ ཉིན་དཀར་མཛེས་དབྱར་སྟེང་བཙུན་དགོན་གྱི་བཙུན་མ་བསོད་ཕྲུག་ལྷ་མོ་དང༌། ཡེས་ལུ། སེང་རྡོག་ལྷ་དབང་བཅས་གསུམ་གྱིས་དཀར་མཛེས་རྫོང་ཐོག་ཏུ་ བྱབྱ སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། བྱབྱ ཞེས་སོགས་ཀྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཞི་རྒོལ་བྱས་པར། དྲག་ཆས་ཉེན་རྟོག་པས་ཉེས་རྡུང་འོག་འཇུ་བཟུང་གིས་བཙོན་འཇུག་བྱས་འདུག ཉེ་སྔོན་སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་པ་ནས་བཟུང་དབྱར་སྟེང་དགོན་པའི་ཉེ་འགྲམ་དམག་སྒར་ཆེན་པོ་ཞིག་རྒྱབ་སྟེ་དགོན་པར་དམ་བསྒྲགས་ཤུགས་ཆེར་བྱས་པ་མ་ཚད། བཙུན་མ་རྣམས་ནང་མི་ཐུག་འཕྲད་ཙམ་ཡང་བྱས་མ་བཅུག་པ་སོགས་བྱས་འདུག་ནའང༌། ཁོང་རྣམས་བཀག་སྡོམ་ཆེ་མིན་ལ་མ་ལྟོས་པར་དགོན་པ་ནས་ཤོར་ཏེ་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་ཞིག་ཡིན་འདུག ཕྱི་ལོ་ ༢༠༠༩ ཟླ་ ༧ པའི་ནང་གོ་ཐོས་བྱུང་བར་གཞིགས་ན། ཁོང་གསུམ་ལ་དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་ཟིན་ཡོད་འདུག ༡༽ བཙུན་མ་བསོད་ཕྲུག་ལྷ་མོ་ནི། དཀར་མཛེས་ཀཿབྲག་ཤང༌། ཁུ་རྡོ་གྲོང་ནས་དགེ་བ་གླིང་ཚང་གི་ཕ་བློ་བཟང་ལྷུན་གྲུབ་དང༌། མ་སངས་རྒྱས་ཆོས་སྐྱིད་གཉིས་སུ་ཕྱི་ལོ་ ༡༩༧༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༦ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་༼ནིའང་རྫི་ལྷ་ཅཱ་༽ཟེར་བའི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༢༽ བཙུན་མ་ཡེས་ལུ་ནི། དཀར་མཛེས་ཀཿབྲག་ཤང༌། ཁུ་རྡོ་གྲོང་ཚོ་ནས་ཕ་༼རྒྱ་མི་ཞིག་༽དང༌། མ་བུ་མོ་ལྷ་དགའ་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༥ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་༼ནིའང་རྫི་ལྷ་ཅཱ་༽ཟེར་བའི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༣༽ བཙུན་མ་སེང་ལྡོག་ལྷ་དབང་ནི། དཀར་མཛེས་ཀཿབྲག་ཤང༌། ཀཿབྲག་གྲོང་ཚོ་ནས་ཕ་བློ་མཁས་བཙུན་དང༌། མ་ཇོ་ལྷ་དབང་གཉིས་སུ་ཕྱི་ལོ་ ༡༩༧༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༩ ཡིན་འདུག་ལ། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཟིན་ཡོད་འདུག་ཀྱང་ཞིབ་ཕྲའི་ལོ་དུས་སོགས་གསལ་ཁ་མ་བྱུང༌།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་འབུམ་ཤུག་གྲོང་ནས་ཡིན་པའི་མི་སྐྱ་ངག་དབང་ཕུན་ཚོགས་ནས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་གྱི་འབོད་ཚིག་ཏུ་ བྱབྱ རྒྱ་གཞུང་ནས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་བར་ངེད་བོད་མི་རྣམས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཚ་ཚད་མེད་གཏོང་བཞིན་ཡོད། ཞེས་སོགས་ཀྱི་སྐད་འབོད་ཤུགས་ཆེན་བྱས་པ་དང་སྦྲགས་ྋགོང་ས་མཆོག་གི་སྐུ་པར་ཞིག་གནམ་ལ་འཕྱར་བ་དང༌། ཡིག་ཆ་མང་པོ་འགྲེམས་གཏོར་བྱས་པར་བརྟེན། དྲག་ཆས་དམག་མི་དང་ཉེན་རྟོག་པས་གདུག་རྩུབ་ཀྱི་མི་སྤྱོད་ལས་འདས་པའི་དྲག་སྤྱོད་འོག་འཛིན་བཟུང་གིས་ཟླ་བ་དྲུག་ལྷག་ཙམ་གྱི་རིང་དཀར་མཛེས་བཙོན་ཁང་དུ་བཀག་ཉར་བྱས་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༨ ཉིན་གོ་ཐོས་བྱུང་བར་གཞིགས་ན། ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ནས་ལེ་དབར་ ༧༠ ཙམ་གྱི་སར་༼འོ་མིན་ས་མིའ་ས་༽ ཟེར་བའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་སྐབས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ཉིན་ནང་མི་ཐུག་འཕྲད་ཕྱིན་འདུག་ཀྱང་ཤེལ་སྒོའི་ཕྱི་ནས་ཁ་པར་བརྒྱུད་དེ་སྐད་ཆ་བཤད་པ་ལས་དངོས་སུ་ཐུག་རྒྱུའི་གོ་སྐབས་བྱུང་མི་འདུག ཁོང་ནི་དཀར་མཛེས་གསེར་ཆུ་སྟེང་ཤང༌། འབུམ་ཤུག་གྲོང་ཚོ་ནས་ངང་པ་ལྟག་ཚང་གི་ཕ་ངག་དབང་ཀུན་དགའ་དང༌། མ་དཔལ་ལྡན་ཆོས་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༣ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དར་རྒྱས་ལམ་སྣ་གྲོང་ནས་ཡིན་པའི་བཙུན་མ་པ་སངས་སྒྲོལ་མ་ནས། དཀར་མཛེས་གྲོང་ཁྱེར་ནང་དུ་ཡོད་པའི་སྡེ་མགོན་པོ་གཙུག་ལག་ཁང་ཡོད་ས་ནས་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱས་པར་བརྟེན། ས་གནས་ཉེན་རྟོག་པ་ཁག་ཅིག་གིས་ཁོང་གི་གདོང་ལ་དྲན་པ་འཐོར་བྱེད་ཀྱི་དུག་ཆུ་གཏོར་ཏེ་འཛིན་བཟུང་བྱས་འདུག དྲན་པ་འཐོར་འཇུག་དོན་ནི། འཛིན་བཟུང་བྱས་ཏེ་འཁྲིད་འགྲོ་སྐབས་སྐད་འབོད་མི་བྱེད་པ་དང་མི་གཞན་གྱི་ཤེས་རྟོགས་མི་ཡོང་བའི་ཆེད་ཡིན་འདུག མོ་ཞི་རྒོལ་ལ་མ་ཐོན་གོང་ཁང་པའི་ལྡེ་མིག་མི་གཞན་གྱི་ལག་པར་བཞག་སྟེ། གལ་ཏེ་རང་ཉིད་རྒྱ་ནག་ཉེན་རྟོག་པས་བསད་པ་སོགས་བྱུང་ཚེ་རང་གི་མིང་པོ་ལ་ལབ་རོགས་ཞེས་ཁ་ཆེམས་འདི་ལྟར་བཞག་འདུག བྱབྱ ང་ཚོའི་ཕ་མ་གཉིས་ཀྱིས་ལོ་ངོ་དེ་འདྲ་མང་པོའི་རིང་ལ་ྋརྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་དང༌། བོད་རང་བཙན་ཐོབ་པའི་རེ་སྒུག་རྐྱང་རྐྱང་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། ང་རང་གིས་ཀྱང་ཕ་མ་གཉིས་ཀྱིས་རེ་སྒུག་བྱས་པའི་དོན་དེར་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབ་རྒྱུ་ཁས་ལེན་བྱས་ཡོད་པས། རང་ཉིད་ཤི་ནའང་འགྱོད་པ་མེད། ཅེས་བཤད་དེ་ཆོད་སེམས་བརྟན་ལ་ཧ་ཅང་སེམས་ཤུགས་ཆེན་པོས་སྒོ་ནས་ཁ་ཆེམས་བཞག་འདུག འཛིན་བཟུང་བྱས་ནས་ཟླ་བ་ལྔ་ཙམ་གྱི་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཉེ་འགྲམ་གྱི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་འདུག མོ་ནི་དར་རྒྱས་༼རེ་མགོ་༽ཤང༌། ལམ་སྣ་གྲོང་ཚོ་ནས་ཕ་ཚེ་འདས་བྱམས་དགའ་དང༌། མ་ཚེ་འདས་ཕུར་བུ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་དབྱར་སྟེང་བཙུན་དགོན་གྱི་བཙུན་མ་གཡང་འཛོམས་དང༌། སྤོས་དབང༌། ལྷ་མོ། གསུམ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ཞི་རྒོལ་གྱིས་ བྱབྱ སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན། དྲག་ཆས་དམག་མིས་ཉེས་རྡུང་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་འདུག་པ་དང༌། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡ པོའི་ནང་ཁོང་རྣམས་ལ་ལོ་ ༢ དང་ཕྱེད་རེའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ནས་སྤྱི་སྐྱོད་རླངས་འཁོར་དུ་རྒྱ་སྒོར་ ༦༠ ཙམ་གྱི་སར་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་མུས་ཡིན་འདུག ༡༽ བཙུན་མ་གཡང་འཛོམས་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། ༼དབྱར་ཁབ་༽གྲོང་ནས་ཕ་ཀུན་དགའ་ཆོས་རྒྱན་དང༌། མ་དམར་དམར་གཉིས་སུ་ཕྱི་ལོ་ ༡༩༧༧ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༣༢ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ དང་ཕྱེད་ཀྱིས་ཁྲིམས་ཐག་བཅད་དེ་ད་སྐབས་བཙོན་འོག་ཏུ་ཡོད་འདུ ༢༽ བཙུན་མ་སྤོས་དབང་ནི། དཀར་མཛེས་གསེར་ཆུ་སྟེང་ཤང༌། དབྱར་ཁབ་གྲོང་ཚོ་ནས་ཕ་ཆོས་དབང་རྒྱ་མཚོ་དང༌། མ་རིག་དགའ་གཉིས་སུ་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༨ ཡིན་འདུག་པ་དང༌། གོང་གསལ་བཞིན་དུས་བཀག་བཙོན་འཇུག་ལོ་ ༢ དང་ཕྱེད་ཀྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་བཀག་ཉར་བྱེད་མུས་ཡིན་འདུག ༣༽ བཙུན་མ་ལྷ་མོ་ནི། དཀར་མཛེས་གསེར་ཆུ་ཤང༌། མཐའ་མེད་ཆུ་ཁ་ནང་གྲོང་ཚོ་ནས་ཕ་བཀྲིས་འོད་ཟེར་༼སྣ་སྐད་༽དང༌། མ་གཡུ་ལྷ་གཉིས་སུ་ཕྱི་ལོ་ ༡༩༨༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༩ ཡིན་འདུག་ལ། གོང་གསལ་བཞིན་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༢ དང་ཕྱེད་ཀྱིས་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་གནས་མུས་ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་རྒན་མ་བྲག་ཡུལ་བཙུན་དགོན་གྱི་བཙུན་མ་བཀྲིས་མཚོ་དང༌། དུང་མཚོ་གཉིས་ཀྱིས་དགོན་པ་ནས་ཁོང་གཉིས་དཀར་མཛེས་རྫོང་ཐོག་ཏུ་སྨན་བསྟེན་པར་འགྲོ་རྒྱུ་ཡིན་ལུགས་བཤད་དེ་རྫོང་གི་ཁྲོམ་གཞུང་ལ་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་བྱས་པར་བརྟེན། སྤྱི་བདེ་ཉེན་རྟོག་པས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བདུན་ཙམ་གྱི་རྗེས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༩ ཡས་མས་ཤིག་ལ་རྫོང་ཉེན་རྟོག་ལས་ཁུངས་ནས་ཁོང་གཉིས་རྒྱ་ནག་༼མན་ཡཱང༽བཙོན་ཁང་དུ་ཡོད་ལུགས་བཤད་པ་བཞིན་ནང་མི་ཐུག་འཕྲད་ཕྱིན་སྐབས། ཁོང་གཉིས་ཀར་དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་ཟིན་ཡོད་འདུག་པ་དང༌། ཁོང་གཉིས་ཀྱིས་བཙོན་ཁང་དེར་བྱིས་པའི་རྩེད་ཆས་རིགས་བཟོ་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་གོ་ཐོས་བྱུང༌། ༡༽ བཙུན་མ་བཀྲིས་མཚོ་ནི། དཀར་མཛེས་ཐིང་ཁ་ཤང༌། ལམ་གོང་གྲོང་ནས་ཕ་བློ་བཟང་བརྩོན་འགྲུས་དང༌། མ་ཡེ་ཤེས་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང༌། གོང་གསལ་ལྟར་འཛིན་བཟུང་བྱས་ནས་ཟླ་བདུན་ཙམ་གྱི་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག ༢༽ བཙུན་མ་དུང་མཚོ་ནི། དཀར་མཛེས་ཐིང་ཁ་ཤང༌། འབྲུག་ཉལ་གྲོང་ཚོ་ནས་འབྲུག་ཉལ་ཚང་གི་ཕ་ཚེ་འདས་ནོར་བུ་རྒྱལ་དང༌། མ་སྒྲོན་དབྱངས་གཉིས་སུ་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ཟླ་བ་བདུན་ཙམ་གྱི་རྗེས་སུ་དུས་བཀག་བཙོན་འཇུག་ལོ་ ༢ ཀྱིས་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་༼མན་ཡཱང་༽ཟེར་བའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག་ལ། བཙོན་པ་རྣམས་ལས་ཀར་དང་པོ་སུ་སླེབས་ཐུབ་ཚེ་ཁྱིམ་དུ་སྐར་མ་ ༥ རིང་ཁ་པར་གཏང་ཆོག་རྒྱུ་ཡོད་སྟབས་མོས་ཁ་པར་བཏང་ནས་ནང་མིས་ཤེས་རྟོགས་བྱུང་སྟེ་ཐུག་ འཕྲད་ཕྱིན་པའི་གནས་ཚུལ་བྱུང་བ་ཞིག་རེད་འདུག དེ་གའི་བཙོན་པ་རྣམས་གྲྭ་བཙུན་ཡིན་མིན་ལ་མ་ལྟོས་པ་སྐྲ་རིང་པོ་བཞག་པ་དང་སྐྱ་གོས་གྱོན་དགོས་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་མཐའ་མེད་ཆུ་ཁ་ནང་གྲོང་ཚོ་ནས་བུ་མོ་མཁའ་འགྲོ་ནས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་བྱས་རྐྱེན། དྲག་ཆས་ཉེན་རྟོག་པས་འཛིན་བཟུང་གིས་བཙོན་འཇུག་བྱས་ནས་ཟླ་ཤས་རྗེས་སུ། དུས་བཀག་བཙོན་འཇུག་ལོ་ ༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ནས་ལམ་ཐག་སྤྱི་སྐྱོད་རླངས་འཁོར་དུ་རྒྱ་སྒོར་ ༢༠ ཙམ་གྱི་སར་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་འདུག མོ་ནི་དཀར་མཛེས་གསེར་ཆུ་ཤང༌། མཐའ་མེད་ཆུ་ཁ་ནང་གྲོང་ཚོ་ནས་༼ཆོས་མདའ་༽ཚང་གི་ཕ་འཆི་མེད་དང༌། མ་སྒྲོན་དགའ་གཉིས་སུ་ཕྱི་ལོ་ ༡༩༨༣ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༦ ཡིན་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་བེ་རི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན་དང༌། དབུ་མཛད་ལས་ཐོག་བློ་བཟང་དགེ་ལེགས། དབུ་མཛད་ཟུར་པ་བྱམས་པ་བརྩོན་འགྲུས། མི་སྐྱ་དཔལ་ལྡན་ཉི་མ་བཅས་བཞིས། དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱས་སྐབས། དྲག་ཆས་དམག་མི་དང་ཉེན་རྟོག་པས་ཉེས་བརྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་འདུག་པ་དང༌། དེ་རྗེས་ཁ་ཤས་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཟིན་ཡོད་འདུག ཁོང་རྣམས་ཀྱིས་ཞི་རྒོལ་བྱེད་སྐབས་རོགས་པ་གཞན་མི་གྲངས་ ༢༠ ཙམ་ཡོད་འདུག་ཀྱང་དེ་དག་སུ་ཡིན་མིན་སོགས་གསལ་པོ་མ་བྱུང༌། ༡༽ གྲྭ་བློ་བཟང་དཔལ་ལྡན་ནི། བེ་རི་གསེར་ཁ་ཤང༌། གཙང་འགྲམ་གྲོང་སྡེ་དྲུག་པའི་ནང་དུ་ཕ་ཚེ་དབང་རིག་འཛིན་དང༌། མ་པདྨ་ཆོས་སྒྲོན་༼པད་དབྱངས༽གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང༌། གོང་གསལ་བཞིན་འཛིན་བཟུང་བྱས་ནས་ད་བར་བཙོན་འོག་ཏུ་གནས་མུས་ཡི